སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཀྲུང་དབྱང་མི་རིགས་སློབ་ཆེན་རོལ་དབྱངས་སློབ་གླིང་གི་གླིང་གཙོ་མེང་ཞིན་དབྱང་འབྲེལ་ཡོད་སྡེ་ཁག་གིས་ཁྲིད།
སྤེལ་དུས། 2015-05-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་འབུམ།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་གི་གླིང་གཙོ་མེང་ཞིན་དབྱང(孟新洋)འབྲེལ་ཡོད་སྡེ་ཁག་གིས་ཁྲིད། སློབ་སྡུད་རུལ་སུངས་ཀྱི་ཉེས་པ་ཡོད་ཀྱང་སྲིད།

ལོ ༦༠ ཉེ་བའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་གི་གླིང་གཙོ་མེང་ཞིན་དབྱང་།

ལོ ༦༠ ཉེ་བའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་གི་གླིང་གཙོ་མེང་ཞིན་དབྱང་ནི་ཟླ ༤ བའི་ཟླ་མཇུག་ཏུ་འབྲེལ་ཡོད་སྡེ་ཁག་གིས་ཁྲིད་པ་རེད། ཕིང་ཕེ་གསར་འགྱུར་དྲ་བའི་གསར་འགོད་པས་ཆ་འཕྲིན་ཡོང་ཁུངས་མང་པོ་གཅིག་བསྡུས་དང་དབྱེ་ཞིབ་བརྒྱུད་དོན་དག་འདིར་འགྲེལ་བཤད་བྱས་ཡོད།

གནས་ཚུལ་ལ་རྒྱུས་ལོན་ཅུང་ཟད་ཡོད་པའི་མི་རྣམས་ཀྱིས་མེང་ཞིན་དབྱང་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་གི་བདག་དབང་བཟུང་ནས་ལོ་ངོ་བཅུ་ལྷག་འདས་ཡོད་པ་བཤད།  སྔོན་ཆད་སློབ་སྡུད་ཀྱི་དབང་ཆ་རང་དགར་སྤྱད་པའི་ཐད་ལ་གནད་དོན་བུད་མྱོང་། ཡིན་ཡང་རྩད་ཆོད་མ་བྱས་པར་བསྐྱུར་བ་རེད། ཐེངས་འདིའི་བརྟག་དཔྱད་ནི་ཕལ་ཆེར་ཁོང་གི་སློབ་སྡུད་སློབ་སྐྱོང་ཐད་དུ་ལྐོག་ཟའི་དོགས་པ་ཡོད་པའི་རྐྱེན་ཡིན་སྲིད་ཟེར།

ན་གཞོན་གླུ་དབྱངས་འགྲན་བསྡུར་ནས་སྙན་གྲགས་རྒྱས་པ།

ཀྲུང་དབྱང་མི་རིགས་སློབ་ཆེན་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཐད་གཏོགས་མཐོ་རིམ་སློབ་གྲྭ་ཡིན། དེའི་ཁོངས་ཀྱི་རོལ་དབྱངས་སློབ་གླིང་ནི ༡༩༥༩ ལོར་བཙུགས་ཤིང་། དེ་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རོལ་དབྱངས་སློབ་གསོའི་ཆེས་མཐོའི་སློ་གྲྭ་ཡིན།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་གི་ཐེངས་འདིའི་གནས་ཚུལ་ལ་རྒྱུས་ཅུང་ཟད་ཡོད་མཁན་ཚོས་བཤད་རྒྱུར། ཟླ ༤ ཚེས ༢༠ ཉིན་གྱི་ཡས་མས་སུ། རོལ་དབྱངས་སློབ་གླིང་ནང་ཁུལ་དུ་མེང་ཞིན་དབྱང་འབྲེལ་ཡོད་སྡེ་ཁག་ནས་ཁྲིད་པའི་བརྡ་ཁྱབ་བཏང་ཡོད། དེའི་རྗེས་སུ་སློབ་གླིང་གི་དགེ་བཟོ་བ་མང་པོ་འབྲེལ་ཡོད་སྡེ་ཁག་གིས་བོས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།

ཟླ ༥ པའི་ཟླ་མགོར་ཕིང་ཕེ་གསར་འགྱུར་གྱི་གསར་འགོད་པས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་གི་སྲིད་འཛིན་སྡེ་ཁག་མང་པོར་ཁ་པར་བརྒྱབ་ཏེ་གནས་ཚུལ་རྒྱུས་ལོན་བྱས། ལས་བཟོ་བ་ཞིག་གིས་མེང་ཞིན་དབྱང་ཉེ་ཆར་འབྲེལ་ཡོད་སྡེ་ཁག་ནས་ཁྲིད་པ་ཁས་ལེན་བྱས། གཞན་གཉིས་ཀྱིས་མེང་ཞིན་དབྱང"འབྲེལ་ཆད"བྱུང་བ་ཁས་བླངས། ཡིན་ཡང་གཞུང་ཕྱོགས་ཀྱི་བདེན་དཔང་བྱེད་པར་དང་ལེན་མ་བྱས།

ཡོངས་གྲགས་ཀྱི་རྒྱུ་ཆ་རུ་གསལ་བ་ལྟར་ན། མེང་ཞིན་དབྱང་གིས་དུས་ཡུན་རིང་བོར་གྲངས་ཉུང་མི་རིགས་ཀྱི་གླུ་དབྱངས་ལེན་པ་དང་སློབ་ཁྲིད་ཞིབ་འཇུག་གི་ཕྱག་ལས་གནང་གི་ཡོད་འདུག བོད་ལྗོངས་དང་འབྲེལ་བ་ཟབ་མོ་ཆགས་ཡོད་པ་རེད་ཟེར།

༡༩༧༣ ལོར་གྲོང་གསེབ་རུ་ཞུགས་ཀྱི་རྦ་ཀློང་འཕྱུར་བའི་སྐབས། ལོ ༡༦ ཡིན་པའི་མེང་ཞིན་དབྱང་ནི་བོད་རང་སྐྱོང་ལྗོངས་ཀྱི་གླུ་གར་ཚོགས་པར་ཞུགས་པ་དང་། པེ་ཅིན་དང་རྒྱང་དུ་གྱེས་ཏེ་ཆེད་ལས་ཁེར་ལེན་འཁྲབ་སྟོན་པ་ཞིག་ནས་རང་ཉིད་ཀྱི་སྒྱུ་རྩལ་ལམ་བུར་ཞུགས་པ་རེད། ཁོས་བླངས་བའི《སངས་རྒྱས་སྒྲོལ་མ》དང《ལྷ་སའི་མཚན་མོ་མཛེས།》སོགས་གླུ་དབྱངས་ལ་བོད་རིགས་ཚོས་དགའ་བསུ་ཆེན་པོ་ཐེབས་ཡོད།

མེང་ཞིན་དབྱང་གིས་སྔོན་ཆད"བོད་ལྗོངས་ཚོང་ཚགས"ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་ཕྱིར་དྲན་བྱེད་རྒྱུར། བོད་དུ་ཡོང་རྗེས། ཁོ་རང་ཐོག་མར་རྩ་འཛུགས་ནས་ཞི་ཨན་རོལ་དབྱངས་སློབ་གླིང་དུ་སློབ་སྦྱོང་ལ་མངགས་པ་རེད། དེ་རྗེས་ཡང་ཧྲང་ཧེ་རོལ་དབྱངས་སློབ་གླིང་ནས་ཟབ་སྦྱོང་བྱས། མཐའ་མར་སྐབས་དེའི་ཀྲུང་དབྱང་མི་རིགས་སློབ་གླིང་དུ་རྒྱུགས་འཕྲོད་པ་རེད།(ད་ལྟའི་ཀྲུང་དབྱང་མི་རིགས་སློབ་ཆེན། ༡༩༩༣ ལོར་སློབ་གླིང་དེ་སློབ་ཆེན་དུ་བསྒྱུར་བ་རེད།)

སློབ་མཐར་ཕྱིན་རྗེས། མེང་ཞིན་དབྱང་གིས་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པ་ནས་འདུག་པའི་གོ་སྐབས་བསྐྱུར་ཏེ་བོད་ལྗོངས་སུ་ཕེབས་པ་རེད། དེ་ནས་ལོ ༡༨ རིང་བསྡད་པ་དང་། ད་རུང་བོད་ནས་ལས་རིགས་མཐུན་པའི་ཆུང་མ་ཡང་ངོ་ཤེས་པ་རེད།

༡༩༨༦ ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་མཛད་པའི་སྐབས་གཉིས་པའི་ན་གཞོན་གླུ་དབྱང་འགྲན་བསྡུར་སྟེང་མེང་ཞིན་དབྱང་གིས《བོད་ལྗོངས། བདག་གི་ཕ་ཡུལ་གཉིས་པ།》ཞེས་པ་བླངས་ཏེ་ཆེད་ལས་ཚོ་ཆུང་གི་ཨང་གསུམ་པ་ཐོབ།

དེའི་རྗེས་སུ་མེང་ཞིན་དབྱང་མ་ཡུམ་སློབ་གྲྭ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕྱིར་ཕེབས་ཏེ་དགེ་རྒན་བྱས་པ་རེད། ༢༠༠༡ ལོར་རོལ་དབྱངས་སློབ་གླིང་གི་གླིང་གཙོའི་འགན་བཞེས།

ལས་ཀར་བྲེལ་བའི་གླིང་གཙོ།

གླིང་གཙོར་བསྡད་རྗེས། ཕྱི་ནས་མེང་ཞིན་དབྱང་ལ་ལྟ་ཚུལ་འདྲ་མིན་སྣ་ཚོགས་བྱུང་།

མེང་ཞིན་དབྱང་གི་གྲོགས་པོ་རྙིང་བ་ཞིག་གིས་ཕིང་ཕེ་གསར་འགྱུར་གྱི་གསར་འགོད་པར་བཤད་རྒྱུར། མེང་ནི་གླིང་གཙོར་བསྡད་རྗེས། ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། སྐབས་རེར་སློབ་མ་ཚོར་ཡང་སེམས་ཁུར་མི་བྱེད་ལ་སློབ་ཁྲིད་ཀྱང་ཡག་པོ་མི་བྱེད། ཡིན་ཡང་སློབ་མ་ཚོས་དགེ་རྒན་གཞན་པ་བསྟེན་ནས་དྲི་བ་འདྲི་བ་དང་སློབ་སྦྱོང་བྱེད་པར་མེང་ཞིན་དབྱང་གིས་མི་དགའ་བའི་རྣམ་འགྱུར་བསྟན་པ་དང་བཀག་འགོག་བྱེད། དེ་ལྟར་སློབ་མ་ཚོ་ཡང་ཅི་བྱེད་མི་ཤེས་པའི་གནས་སུ་ལྷུང་།

ཕིང་ཕེ་གསར་འགྱུར་གྱི་གསར་འགོད་པས་ཤེས་རྒྱུར། ཀྲུང་དབྱང་མི་རིགས་སློབ་ཆེན་རོལ་དབྱངས་སློབ་གླིང་གི"པེ་ཏུའུ་སྦྱར་བྱང་དོ་ར(百度贴吧)རུ། ལོ་འགའི་སྔོན་དུ་མེང་ཞིན་དབྱང་གི་སློབ་མ་ཡིན་ཟེར་མཁན་ཞིག་གིས"ཆེས་མཐའ་མཇུག་གི་སློབ་སྐབས"མེང་ཞིན་དབྱང"དཔྱད་འདེམ་པའི་ལས་ལ་བྲེལ་བས། སློབ་ཁྲིད་ཀྱི་དུས་ཚོད་མེད།"དེ་བས་དགེ་རྒན་གཞན་པས་ཚབ་ཁྲིད་བྱས་པ་རེད་ཅེས་བཤད་ཡོད་པ་དང་།  ཡང་སློབ་མ་ལ་ལས་མེང་ཞིན་དབྱང་ནི"ལས་ཀ་གཞན་པར་བྲེལ་བ་ནི་བདེན་མོད། ཡིན་ཡང་སློབ་ཁྲིད་བྱེད་ཐབས་ཤིན་ཏུ་ལེགས་པས། སློབ་ཁྲིད་ཀྱི་ལས་ཆོད་མཐོ"ཞེས་བྲིས་འདུག

ཕིང་ཕེ་གསར་འགྱུར་འདྲི་རྩད་གསར་ལམ་ནས་སྤྱི་བསྒྲགས་བྱེད་རྒྱུར། ཉེ་བའི་ལོ་འདི་དག་རིང་། མེང་ཞིན་དབྱང་གིས་རྒྱལ་ཡོངས་དང་ས་གནས་ཀྱི་འགྲན་བསྡུར་ཆེ་འབྲིང་ཆུང་གསུམ་དུ་དཔྱད་འདེམ་པ་བྱས་པའི་གནས་ཚུལ་ནི་བདེན་པ་རེད། དཔེར་ན་ན་གཞོན་གླུ་དབྱངས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་གྱི་ཆེད་མཁས་དཔྱད་འདེམ་པ་དང་། རིག་གནས་པུའི"རིག་གནས་བྱ་དགའ"རྒྱལ་ཡོངས་གླུ་དབྱངས་འགྲན་བསྡུར་གྱི་དཔྱད་འདེམ་པ། ད་རུང་ཁུངས་དང་རྒྱུན་མི་གསལ་བའི་རྒྱལ་ཡོངས་ལོང་བའི་གླུ་དབྱངས་འགྲན་བསྡུར། ཝུན་ཀྲོའུ་གླུ་དབྱངས་རྒྱལ་བོའི་འགྲན་རྩོད། "ཧ་ཧྥེ་རླངས་འཁོར་བུམ་པ"རྒྱལ་ཡོངས་རོལ་དབྱངས་ཚན་སྡེབ་འགྲན་བསྡུར་སོགས་ཀྱི་དཔྱད་འདེམ་པ་བྱས་མྱོང་།

སྤྱི་བསྒྲགས་གནས་ཚུལ་ཁྲོད་དུ་ད་རུང་མེང་ཞིན་དབྱང་གི་སློབ་མ་ལ་ཤས་ཀྱང་གར་སྟེགས་སོགས་སུ་འཇོན་ཐང་དང་ནུས་རྩལ་གཟེངས་སུ་ཐོན་པ་དང་། བཅར་འདྲི་སྐབས་མེང་ཞིན་དབྱང་ལ"དགེ་རྒན་དྲིན་ཅན"དང་། "ཞིབ་འཇུག་སློབ་མའི་སློབ་སྡུད་ནས་རྒྱུགས་ལེན། སྐད་ངག་གི་ཚོད་འཛིན་ནས་རང་ཉིད་ཀྱི་གྲལ་གནས་ཚོད་འཛིན"སོགས་ཀྱི་ཐད་ལ་རོགས་རམ། བུམ་པ་གང་བྱོའི་ཚུལ་གྱིས་མི་ཚེའི་ཉམས་མྱོང་བསླབ་པ་དང་། འགྲན་བསྡུར་ལ་སྐུལ་མ་དང་འཁྲབ་སྟོན་གྱི་གོ་སྐབས་བརྩོན་ལེན་བྱས་པ་སོགས་ལ་བཀའ་དྲིན་ཞུ་བཞིན་ཡོད་པ་རེད།

ཁ་བྱང་ཕྱི་མོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རོལ་དབྱངས་སློབ་གླིང་གི་གླིང་གཙོ་མེང་ཞིན་དབྱང་འབྲེལ་ཡོད་སྡེ་ཁག་གིས་ཁྲིད།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070