སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཚོ་འགྲམ་གྱི་ཁེར་རྐྱང་གི་དཔེ་མཛོད་ཁང་།
སྤེལ་དུས། 2015-05-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་འབུམ།

"ངའི་སེམས་སུ་སྔ་མོ་ནས་འདི་འདྲིའི་བསམ་ཚོད་བྱེད་བཞིན་ཡོད་དེ། ལྷ་ཡུལ་ནི་དཔེ་མཛོད་ཁང་གི་རྣམ་པ་དང་མཚུངས་འོས།" བྷི་ཨུར་ཧི་སིའི་སྐད་ཆ།(Buenos Aires) ཆིན་ཧོང་ཏའོ་ནན་ཏེ་ཧོའི་མཚོ་འགྲམ་དུ། རྒྱ་མཚོར་ཁ་གཏད་པའི་དཔེ་མཛོད་ཁང་ཞིག་ཡོད། ཁེར་རྐྱང་ངང་རྒྱ་ཆེ་བའི་བྱེ་ཐང་དུ་ལངས་ཡོད་པ་དང་། འཛམ་གླིང་གི་སྣེ་མོ་དང་མཚུངས། འདི་རུ་རྒྱ་ལམ་དང་རྐང་ལམ་གང་ཡང་མེད། རྐང་རྗེན་དུ་བྱེ་མའི་སྟེང་ལ་སྤོས་ཏེ་རྨིད་བརྒྱ་ཕྲག་འགར་སོང་ན་ད་གཟོད་སླེབས་སྲིད།

དཔེ་ཁང་འདིའི་མིང་ལ་སན་ལེན་དཔེ་ཁང་མཚོ་འགྲམ་སྤྱི་ཕན་དཔེ་མཛོད་ཁང་ཟེར། བཟོ་སྐྲུན་ཇུས་འགོད་པའི་མིང་ཏུང་ཀོང་ཟེར། ཐེངས་དང་པོར་གནས་འདིར་སླེབས་དུས། ས་འདིའི་གཏིང་རིང་བའི་ཁེར་རྐྱང་གིས་ཁོ་བོར་སྐྲག་སྣང་ཞིག་སྟེར་བ་རེད། མུ་མཐའ་མེད་པའི་རྒྱ་མཚོ་ནི་སྟོང་སང་སང་གི་རྒྱབ་ལྗོངས་ཞིག་ཡིན་པ་དང་། ཐ་ན་རྡེའུ་ཆུང་ཆུང་རེ་ལའང་ས་ཆེན་འདིར་འཚོ་བའི་ཚོར་བ་དྲག་པོས་ཁེངས་ཡོད། ཏུང་ཀོང་གི་རེ་བར། དཔེ་མཛོད་ཁང་འདི་ཡང་རྡོ་ཞིག་དང་འདྲ་བར། སྲ་ཞིང་མཁྲེགས་པས་མཚོ་ངོགས་འདི་རུ་གནས་བར་འདོད།

མཚོ་ངོགས་སུ། གྲོང་ཁྱེར་བཞིན་ཉི་ཟེར་ཕྲ་མོ་ཁང་བརྩེགས་མཐོན་པོས་འཕྲེད་གཏུབ་གཞུང་གཏུབ་བྱས་མེད་པར། ཉི་འོད་ནི་གབ་སྦས་ཅི་ཡང་མེད་པར་ཆེས་གདོད་མའི་རང་བཞིན་གྱིས་ལྷུག་པར་འཕྲོས་ཡོད། དཔེ་མཛོད་ཁང་དུ། དཔེ་ཀློག་ཁང་དང་བསམ་གཞིགས་ཁང་། བྱ་འགུལ་ཁང་གི་སྒེའུ་ཁུང་རེ་རེ་ཡང་ཞིབ་ཚགས་ཀྱི་བཟོ་བཀོད་བྱས་ཏེ། འོད་འཕྲོ་དང་བར་སྟོང་གི་འབྲེལ་བར་འཚོལ་སྙེག་བྱེད་པར་ཆ་རྐྱེན་བསྐྲུན་ཡོད། དཔེ་མཛོད་ཁང་གི་བཟོ་སྐྲུན་ལ། རྒྱུ་ཆ་སྟབས་བདེ་དང་ཐད་ཀར་སྤྱད་ཡོད་པ་དང་་ལས་སྣོན་བརྒྱབ་མེད། ཨར་འདམ་དང་ཤིང་ཆའི་ངོས་ཀྱི་བཟོ་སྐྲུན་སྐབས་ཀྱི་རྗེས་ཤུལ་རེ་རེ་ཡང་སོར་བཞག་བྱས་འདུག "ངོས་ཅུང་རྩུབ་པའི་ཁྲ་རིས་དེ་དག་ནི་བཟོ་སྐྲུན་གྱི་རྗེས་ཤུལ་རེད། བདག་ནི་འདི་འདྲའི་རྣམ་པ་དངོས་ལ་དགའ། སྐབས་རེར་ཁྱེད་ཀྱིས་དངོས་བོ་ཞིག་མཐོང་དུས། དང་བོར་མིག་ནང་མངོན་པའི་སྤུས་དག་ཅིང་ལྟ་ན་སྡུག་པ་དེ་ནི། ལས་སྣོན་དང་སྦ་གསང་གི་མཇུག་འབྲས་ཡིན་ཡང་སྲིད།"

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070