སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཆིན་ཧྭས་སློབ་མའི་སྐར་འབྲས་དེ་སྔའི་བརྒྱ་ཆའི་ལུགས་ལས་བརྒལ་ནས“ABCD”ལྟར་ཚད་རིམ ༡༢ རྣམ་པར་འགོད་རྒྱུ་རེད།
སྤེལ་དུས། 2015-05-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་ཤིས་མཚོ།

ཅིང་གསར་ཚགས་པར་ཁང་ནས་འབྱོར་བའི་འཕྲིན་གསར།  ༢༠༡༥ ལོའི་དངོས་གཞིའི་སློབ་མ་དང་ཞིབ་འཇུག་སློབ་མ་ནས་འགོ་བརྩམས་ཏེ། ཆིན་ཧྭ་སློབ་ཆེན་གྱིས་སློབ་མའི་སྐར་འབྲས་རེའུ་མིག་སྟེང་གི་སྐར་འབྲས་དེ་སྔར་གྱི་བརྒྱ་ཆའི་ལུགས་ལྟར་མི་འགོད་པར།  ABCD  སོགས་ཚད་རིམ ༡༢ ལ་བགར་ནས་འགོད་རྒྱུ་ཡིན་པ་རེད། ཤེས་གསལ་ལྟར་ན། ཆིན་ཧྭ་སློབ་ཆེན་གྱིས་དུས་ཡུན་ལོ་ངོ་ལྔའི་རིང་ཞིབ་འཇུག་དང་བརྟག་དཔྱད་བྱས་པ་བརྒྱུད་ནས། སློབ་མའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་འཕེལ་དུ་གཏོང་བའི་ཐད་དུ་སྦྱོང་ཚན་ཚད་འཇལ་མ་ལག་ཇུས་གཞི་གསར་བ་བཏོན་པ་དང་། ད་ལྟ་ཇུས་གཞི་དེ་སློབ་གྲྭའི་ཨུ་ཡོན་ཁང་ནས་ཆོག་མཆན་ཐོབ་པ་མ་ཟད། ཟླ ༥ བའི་ཚེས་ ༡༥ ཉིན་དངོས་སུ་ཁྱབ་བསྒྲགས་བྱས་འདུག

སློབ་སྐབས་རེ་རེའི་ནང་སློབ་མས་བསླབ་ཚན་གཅིག་རེ་བདམས་ཆོག་པ་དང་། སྐར་འབྲས་ལ་ཚད་ལོངས་དང་མ་ལོངས་པའི་ཁྱད་ལས་མི་འདུག

ཆིན་ཧྭ་སློབ་ཆེན་གྱི་སློབ་སྟོན་ཁང་གི་འགོ་ཁྲིད་ཀྲུན་ལིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། སྐར་འབྲས་ལམ་ལུགས་བསྒྱུར་བཅོས་བྱས་པ་ནས་བཟུང་། སློབ་མའི་སྐར་འབྲས་དེ་A+AA-B+BB-C+CC-D+DF”ཡི་རྣམ་པ་ལྟར་འགོད་རྒྱུ་ཡིན་པ་དང་། དེའི་ནང A+ ནི་ཕུལ་བྱུང་གི་བསླབ་འབྲས་ཡིན་པ་སྟེ། དེ་ལས་སྦྱངས་ལ་བརྩོན་པའི་སློབ་མ་དག་གི་འདོད་པ་སྐོང་ཐུབ་ལ། དེ་ནི་སློབ་དུས་སྐར་འགོད ༤.༠ དང་མཚུངས་པ་རེད། F ནི་ཚད་མ་ལོངས་པའི་སྐར་འབྲས་ཡིན་པ་དང་། དེ་ལའང་མི་གྲངས་ཀྱི་བསྡུར་ཚད་ཀྱིས་ཚོད་འཛིན་བྱས་མི་འདུག གལ་ཏེ་སློབ་ཁྲིད་དགེ་རྒན་གྱིས་སྔར་གྱི་བརྒྱ་ཆའི་ལུགས་ལྟར་སྐར་འབྲས་བཀོད་ན། སྐར་འགོད་མ་ལག་ནས་ལྟོས་བཅས་ཀྱི་འགྲོ་ལུགས་ལྟར་ཚད་རིམ་ལམ་ལུགས་སུ་བསྒྱུར་སྲིད་པ་རེད། སློབ་མའི་སྔར་ལྟར་རང་ཉིད་ཀྱི་བསླབ་ཚན་སྐར་འབྲས་འཚོལ་བཤེར་བྱས་ཆོག་མོད། སྐར་འབྲས་དེ་ཕྱི་རོལ་གྱི་མིས་མཐོང་མི་ཐུབ་ཞེས་གསལ་བཤད་བྱས།

སློབ་སྐབས་རེ་རེའི་ནང་སློབ་མའི་བསླབ་ཚན་འདེམ་པའི་དུས་སུ། ཆེད་ལས་བསླབ་ཚན་དང་བསླབ་ཚན་གཙོ་བོ་ལས་གཞན་པའི་བསླབ་ཚན་གཅིག་བདམས་ཆོག་པ་དང་། དེའི་སྐར་འབྲས་ཀྱི་རྣམ་གྲངས་ལ་P(ཚད་ལོངས་པ)དང་F(ཚད་མ་ལོངས་པ)རིགས་གཉིས་ལས་མི་འགོད་པ་རེད། བསླབ་ཚན་འདེམ་པ་མི་རང་ངོས་ནས་རེ་འདུན་ཞུ་དགོས་པ་མ་ཟད་བསྒྱུར་བཅོས་བྱེད་མི་ཆོག་པ་གཏན་ལ་ཕབ་འདུག ཀྲུན་ལིས་ཀྱིས་མུ་མཐུད་དུ་གསུངས་རྒྱུར། སློབ་མས་རྒྱུགས་སྤྲོད་ལ་ཉེ་དུས་ད་བཟོད་བསླབ་ཚན་འདེམ་པ་སོགས་བྱེད་མི་ཆོག་པ་དང་། དེ་ལས་བསླབ་ཚན་གྱི་སྐར་འབྲས་ཀྱང་སློབ་དུས་སྐར་འབྲས་སུ་མི་འགོད་མི་སྲིད་ཅེས་བཤད།

སློབ་གླིང་དང་སྡེ་ཁག་སོ་སོས་རང་སའི་གནས་ཚུལ་ལྟར་རིགས་མི་མཚུངས་པའི་སློབ་དུས་སྐར་འབྲས་འདོན་སྤྲོད་བྱས་ཆོག  ཞིབ་འཇུག་སློབ་མ་འོས་སྦྱོར་དང་གཟེངས་བསྟོད་བྱ་དགའི་དཔྱད་བསྡུར་གྱི་གོ་རིམ་ཁྲོད། སློབ་གྲྭས་གཅིག་གྱུར་གྱིས་ངེས་སྦྱོང་བསླབ་ཚན་དང་ངེས་སྦྱོང་དུས་བཀག་བསླབ་ཚན། བསླབ་ཚན་ཚང་མའི་སློབ་དུས་སྐར་འབྲས་ལ་སོགས་རྩིས་རྒྱག་པ་མ་ཟད།  སློབ་གླིང་དང་སྡེ་ཁག་སོ་སོས་རང་ངོས་ཀྱི་དགོས་མཁོ་ལྟར་ཐོ་འགོད་ལྟེ་གནས་ལ་སློབ་མའི་སློབ་དུས་སྐར་འབྲས་ཀྱི་རིགས་འདོན་སྤྲོད་བྱེད་ཆོག་པ་རེད།

ཞིབ་འཇུག་སློབ་མ་འོས་སྦྱོར་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཨངརིམ་གྱི་མིང་ཐོ་ཕྱིར་སྒྲོག་མི་བྱེད་པར་ཨང་རིམ་གྱི  ༡༠%།༢༠%།༤༠%།༨༠% ལྟར་འདོན་སྤྲོད་བྱེད་པ་དང་། སློབ་གླིང་དང་སྡེ་ཁག་སོགས་ཀྱིས་ངོ་རྒྱུགས་ལེན་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སློབ་མའི་ཚན་རིག་ཞིབ་འཇུག་གི་ཐད་ཀྱི་མི་མངོན་པའི་ནུས་ཤུགས་དང་རྒྱུ་སྤུས་ཀྱི་ཐད་ལ་བརྟག་དཔྱད་ནན་མོ་བྱེད་དགོས་པ་གསུངས་འདུག 

གྲོས་གཞི་འདོན་མཁན་གྱིས་བསྟན་དོན། ཐེངས་འདིའི་ལེགས་བཅོས་ཀྱིས་སློབ་མའི་ཐད་ནས་སྐར་འབྲས་ཐད་ལ་དོ་སྣང་བྱེད་ཚད་ཉུང་ཙམ་དུ་གཏོང་སྲིད་པ།

ཀྲུན་ལིས་ཀྱིས་བརྗོད་པ་ལྟར་ན། ཆེས་མཐའ་མཇུག་གི་གྲོས་གཞི་དེ་ཡང་ཆིན་ཧྭའི་དངོས་གཞིའི་སློབ་མའི་བསླབ་ཚན་ཨུ་ཡོན་ཚོགས་པས་བཏོན་པའི་ཡར་ཞུའི་གྲོས་གཞི་དང་ལེན་བྱས་ཡོད་པ་ཞིག་རེད། གྲོས་གཞི་འདོན་མཁན་གྱི་ཚོགས་མི་སྟེ ༢༠༡༤ ལོའི་དངོས་གཞི་སློབ་མ་རེན་ཙུ་ཡུས་ཀྱིས་བཤད་རྒྱུར། སྐར་འབྲས་བརྒྱ་ཆའི་ལམ་ལུགས་དེ་ལག་བསྟར་བྱེད་པའི་དུས་སུ། སློབ་མའི་ཁྲོད་སྐར་འབྲས་ཁོ་ན་གཙིགས་སུ་འཛིན་མཁན་མང་པ་དང་། སློབ་གྲོགས་མང་པོས་བསླབ་ཚན་མ་འདེམ་སྔོན་དུ། བསླབ་ཚན་གང་དག་ལས་སྐར་འབྲས་མཐོན་པོ་ལེན་སླ་བའི་གནས་ཚུལ་སོགས་གཞན་ནས་དྲིས་རྗེས་ད་བཟོད་བསླབ་ཚན་འདེམ་པ་ལས། རང་ཉིད་ཀྱི་དགའ་ཕྱོགས་ལྟར་འདེམ་གྱིན་མི་འདུག་པའི་གནས་ཚུལ་བཤད། ཡིན་ཡང་ཚད་རིམ་ལམ་ལུགས་ཀྱི་སྐར་འབྲས་འགོད་སྟངས་ལག་བསྟར་བྱས་རྗེས། སློབ་གྲོགས་ཚང་མས་སྐར་འབྲས་ཐད་ལ་དོ་སྣང་བྱེད་ཚད་ཉུང་ཙམ་དུ་འགྱུར་སྲིད་ལ། རང་ཉིད་ཀྱི་ལུས་སྟོབས་སེམས་ཤུགས་མང་ཆེ་ཤོས་དེའང་རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་པའི་ཚན་རིག་ཞིབ་འཇུག་དང་སྤྱི་ཚོགས་ལས་རིགས་སོགས་ཀྱི་ཐད་དུ་བཏོན་ཆོག་པའི་ཚུལ་བསྟན།

ཁ་བྱང་ཕྱི་མོ། ཆིན་ཧྭ་སློབ་ཆེན་གྱིས་སློབ་མའི་སྐར་འབྲས་དེ་སྔར་གྱི་བརྒྱ་ཆའི་ལུགས་ལས་བརྒལ་ནས"ABCD"ལྟར་ཚད་རིམ ༡༢ ལ་བགར་ནས་འགོད་རྒྱུ་རེད།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070