སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཅིང་གཏོགས་སློབ་ཆེན་གྱིས་ཅིང་ཕྱིའི་སློབ་མའི་བསྡུ་ཚད་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ།
སྤེལ་དུས། 2015-05-21   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་རྒྱལ།

ད་ལོའི་སློབ་བསྡུའི་འཆར་གཞི་ན་ནིང་དང་བསྡུར་ན་མི ༡༠༠༠ ལྷག་ཇེ་ཉུང་དུ་གཏོང་རྒྱུ།

ཁ་སང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་ནས ༢༠༡༥ ལོའིཅིང་གཏོགས་མཐོ་རིམ་སློབ་གྲྭའི་སྤྱིར་བཏང་མཐོ་རིམ་སློབ་གསོའི་སློབ་བསྡུའི་འཆར་གཞི་སྐོར་གྱི་སྒྲིག་སྤེལ་གྱི་བརྡ་སྦྱོརསྤེལ་ནས་ཅིང་གཏོགས་མཐོ་རིམ་སློབ་ཆེན་གྱིས་སློབ་བསྡུའི་འཆར་གཞིའི་སྤྱི་གྲངས་ནི ༨༣༠༠༠ ཡིན་ལ་ན་ནིང་དང་བསྡུར་ན་མི་གྲངས ༡༠༠༠ ཡས་མས་ཇེ་ཉུང་དུ་སོང་འདུག  དེའི་ནང་དངོས་གཞིའི་སློབ་མའི་བསྡུ་གྲངས་ཀྱིས ༤༨༠༠༠ ཟིན་ལ་མཐོ་རིམ་ལས་གནས་ཀྱི་སློབ་མཆེད་ལས་ཚན་ཁག ༣༥༠༠༠ བསྡུ་རྩིས་ཡོད།  དུས་མཚུངས་སུ་ཅིང་གཏོགས་མཐོ་རིམ་སློབ་གྲྭས་གྲོང་ཁྱེར་གྱི་མི་གྲངས་ཚོད་འཛིན་གྱི་རེ་བ་ལྟར་ཅིང་ཕྱིའི་སློབ་མ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་འདུག   ཅིང་ཕྱིའི་ཞིང་ཆེན་ཁག་གི་འཆར་གཞིའི་གྲ་སྒྲིག་སྙོམས་སྒྲིག་བྱས་ནས་ནུབ་དང་བར་ཁུལ་གྱི་སློབ་བསྡུའི་འཆར་གཞའི་རེ་འདོད་ཁུ་ཐག་བྱེད་དགོས།

དུས་མཚུངས་སུ་སློབ་བསྡུའི་གྲུབ་ཆར་སྙོམས་སྒྲིག་བྱས་ནས་གཅིག་ནས་རྒྱལ་སའི་མི་གྲངས་ཚོད་འཛིན་སྲིད་ཇུས་དང་སློབ་ཁུངས་ཀྱི་གནས་ཚུལ་ལ་གཞིགས་ནས་པེ་ཅིང་གྲོང་ཁྱེར་ཕྱི་ནང་གི་སློབ་བསྡུའི་གྲུབ་ཆར་འགྱུར་བ་གཏང་རྒྱུ་དང་མུ་མཐུད་དུ་ཅིང་ཕྱིའི་སློབ་བསྡུའི་ཚད་ཇེ་ཉུང་དུ་གཏོང་རྒྱུ།   གཉིས་ནས་སློབ་གྲྭའི་སློབ་སྒྲུབ་ཀྱི་དམིགས་ཡུལ་ལ་གཞིགས་ནས་དངོས་གཞི་དང་མཐོ་རིམ་ལས་གནས་སློབ་མའི་གྲུབ་ཆར་སྙོམས་སྒྲིག་བྱ་རྒྱུ་སྟེ།  དངོས་གཞིའི་སློབ་མ་ཇེ་མང་དང་མཐོ་རིམ་ལས་གནས་སློབ་མ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་འདུག  གསུམ་ནས་སློབ་གྲྭའི་སྡེ་ཚན་གྱི་འཕེལ་རྒྱས་དང་ལས་ཞུགས་གནས་ཚུལ་ལ་གཞིགས་ནས་ཆེད་ལས་ཀྱི་སློབ་བསྡུའི་གྲུབ་ཆར་སྙོམས་སྒྲིག་བྱ་རྒྱུ་སྟེ་རྒྱལ་སའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་མྱུར་དུ་མཁོ་བའི་ཆེད་ལས་སློབ་མའི་བསྡུ་ཚད་ཇེ་མང་དུ་གཏོང་རྒྱུ་དང་སྐུད་རིང་ཆེད་ལས་ཀྱི་སློབ་བསྡུའི་ཚད་ཇེ་ཉུང་དུ་གཏོང་རྒྱུ་ཡིན་འདུག

དེ་ལས་གཞན།  སློབ་གསོ་པུའུ་ཡི་ཡིག་ཆའི་རེ་བ་ལྟར་ཅིང་གཏོགས་མཐོ་རིམ་སློབ་གྲྭས་ནང་ཁུལ་གྱི་བོད་ལྗོངས་འཛིན་གྲྭ་དང་ཞིན་ཅང་འཛིན་གྲྭ  གྲངས་ཉུང་མི་རིགས་ཀྱི་གྲ་སྒྲིག་འཛིན་གྲྭའི་འཆར་གཞའི་སྡེབ་སྒྲིག་གི་ལས་ཀ་ནན་ཏན་སྒོས་འགྲུབ་དགོས་ལ།  དངོས་གཞི་རིམ་པའི་སློབ་གྲྭས་ངེས་པར་དུ་མཐོ་རིམ་ལས་གནས་སློབ་བསྡུའི་ཚད་ལ་ཚོད་འཛིན་ནན་མོ་བྱས་ནས་བློ་རིག་གཅིག་ཏུ་སྒྲིམ་ནས་དངོས་གཞིའི་སློབ་གསོ་སྒྲུབ་དགོས།  སློབ་གྲྭ་འགའ་ཤས་ཀྱིས་ངེས་པར་དུ་མཐོ་རིམ་ལས་གནས་སློབ་མ་བསྡུ་དགོས་ནའང་སྤྱི་ཚོགས་ཀྱི་དགོས་མཁོ་མཐོ་ལ་ད་ཡོད་ཀྱི་སློབ་གསོའི་ཐོན་ཁུངས་གསོ་སྐྱོང་ནུས་པ་མི་འདང་པའི་ཆེད་ལས་དག་ཤ་སྟག་ཡིན་དགོས།

བར་འདུག་ལས་ཁུངས་དང་མི་སྒར་ལ་སློབ་བསྡུ་གྲོས་ཡིག་ཡེ་ནས་འཇོག་མི་ཆོག

བརྡ་སྦྱོར་ནང་ཐག་བཅད་དོན།  སློབ་ཆེན་ཁག་གིས་མཉམ་འབྲེལ་སློབ་སྒྲུབ་ལ་ཁ་གཡར་ནས་ཡན་ལག་སློབ་གྲྭ་དང་སློབ་ཕྱིའི་སློབ་སྒྲུབ་ལས་གནས་བཙུགས་མི་ཆོག  འབྲིང་རིམ་སློབ་གྲྭས་མཐོ་རིམ་སློབ་གྲྭའི་མིང་གཡར་ནས་མཐོ་རིམ་སློབ་གསོ་སྒྲུབ་མི་ཆོག་ལ།  ཆེད་ལས་རིམ་པའི་སློབ་གྲྭས་དངོས་གཞིའི་སློབ་གྲྭའི་མིང་གཡར་ནས་དངོས་གཞིའི་སློབ་གསོ་སྤེལ་མི་ཆོག   བར་འདུག་ལས་ཁུངས་སམ་མི་སྒར་བར་སློབ་བསྡུའི་གན་རྒྱ་རིགས་གཏན་ནས་འཇོག་མི་ཆོག   མིང་སྟོང་ཙམ་གྱི་སློབ་བསྡུའི་རིགས་གཏན་ནས་སྤེལ་མི་ཆོག

སློབ་གསོའི་སྲིད་འཛིན་ལས་ཁུངས་ཀྱིས་ཆོག་མཆན་མ་གནང་བར་ལས་ཁུངས་དང་མི་སྒར་གང་གིས་ཀྱང་འཆར་གཞི་ལ་འགྱུར་བ་བཏང་མི་ཆོག   ཆོག་མཆན་མ་ཐོབ་པར་རང་དགར་གྱིས་འཆར་གཞི་ལས་བརྒལ་ནས་སློབ་བསྡུ་བྱས་པའི་སློབ་གྲྭར་དེའི་ལོ་རྗེས་མའི་སློབ་བསྡུའི་ཚད་ཇེ་ཉུང་དུ་གཏོང་རྒྱུ་དང་།  སྒྲིག་འགལ་ངང་སློབ་བསྡུ་བྱས་པའི་ཞིང་ཆེན་ཁག་ནས་སློབ་བསྡུའི་མཚམས་འཇོག་རྒྱུ་ཡིན།  མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ཐོབ་ཐང་དང་།  སློབ་བསྡུའི་འཆར་གཞི།  སློབ་མ་གསར་བའི་སློབ་ཐོའི་གློག་རྡུལ་ཐོ་འགོད་ཀྱི་སྲིད་ཇུས་ལ་ནན་གྱི་རྩིས་ནས་སློབ་གསོ་ཨུ་ཡོན་ལྷན་ཁང་གི་འཆར་གཞི་དང་ཞིང་ཆེན་གྱི་སློབ་བསྡུའི་གཞུང་ལས་ཁང་ནས་བསྡུ་ལེན་གྱི་བརྒྱུད་རིམ་མ་བརྒྱུད་པ་དག་ལ་སློབ་མ་གསར་བའི་སློབ་ཐོའི་གློག་རྡུལ་གྱི་ཐོ་འགོད་ཐོབ་ཐང་སྤྲོད་རྒྱུ་མིན་པ་རེད།

སློབ་གསོའི་ཨུ་ཡོན་ལྷན་ཁང་གི་རེ་བ་ལྟར་ད་ལོའི་ཅིང་ཕྱིའི་སློབ་མའི་བསྡུ་ཚད་ན་ནིང་གི་རྨང་གཞིའི་ཐོག ༡༠%ཇེ་ཉུང་དུ་གཏོང་རྒྱུ་ཡིན་འདུག  མིག་སྔར་སློབ་གྲྭ་ཁག་གི་སློབ་བསྡུའི་འཆར་གཞིའི་གྲངས་ཀ་གྲོང་ཁྱེར་གྱི་སློབ་གསོ་ཨུ་ཡོན་ལྷན་ཁང་དུ་སྐྱེལ་བ་དེ་ལ་ཆོག་མཆན་ཐོབ་རྗེས་ཁྱབ་བསྒྲགས་བྱ་རྒྱུ་རེད། 

ཅིང་ཕྱིའི་སློབ་བསྡུའི་ཚད་ཅུང་མཐོ་བའི་པེ་ཅིང་དངོས་ཟོག་སློབ་གླིང་ལྟ་བུ་མཚོན་ན་ད་ལོར་སྤྱི་སློབ་མ ༡༥༢༢ བསྡུ་རྩིས་དང་།  དེ་ཁྲོད་ཅིང་ཕྱིའི་འཆར་གཞི་ནི་མི ༥༦༠ བོད་ལྗོངས་དང་ཞིན་ཅང་གི་གྲངས་ཉུང་མི་རིགས་མི་རྩིས།  གཤམ་འོག་ཀྱང་གཅིག་མཚུངས་ཡིན  ཡིན།  ཅིང་ཕྱིའི་སློབ་མས ༣༦༨%ཟིན་ཡོད།  པེ་ཅིང་ཞིང་ལས་སློབ་གླིང་གིས་ད་ལོར་སློབ་མ ༡༥༦༠ ཉེ་བ་བསྡུ་རྩིས་དང་།  དེའི་ཁྲོད་ཀྱི་ཅིང་ཕྱིའི་སློབ་མ ༤༥༢ ཀྱིས ༢༩% ཟིན་ཡོད། 

དེ་ལས་གཞན་རྒྱལ་སའི་དཔལ་འབྱོར་ཚོང་ལས་སློབ་ཆེན་གྱི་ན་ནིང་ཅིང་ཕྱིའི་སློབ་བསྡུའི་བསྡུར་ཚད་ནི༣༠%ཡིན་ལ།  པེ་ཅིང་བཟོ་ལས་སློབ་ཆེན་གྱི་བསྡུར་ཚད་ནི33%ཡིན། སློབ་གྲྭ་དེ་གཉིས་ཀྱིས་ད་ལོར་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་ནས་སློབ་བསྡུའི་ཚད"༡༠%ཇེ་ཉུང"དུ་གཏོང་དགོས་པའི་རེ་བ་ལྟར་སློབ་བསྡུའི་འཆར་གཞི་འགོད་བཞིན་ཡོད། 

༢༠༠༧ ལོ་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱིས་ས་གནས་རང་གི་སློབ་ཁུངས་བསྟུད་མར་ཇེ་ཉུང་དུ་སོང་བའི་རྒྱུ་རྐྱེན་གྱིས་སློབ་ཆེན་དག་ལ་ཅིང་ཕྱིའི་སློབ་མའི་བསྡུ་ཚད་ཇེ་མང་དུ་གཏོང་བའི་སྐུལ་མ་བྱས།  འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ་པེ་ཅིང་གྱི་མི་གྲངས་ཤིན་ཏུ་ཇེ་མང་དུ་སོང་བ་དང་གྲོང་ཁྱེར་གྱི་མི་གྲངས་དམ་པོར་ཚོད་འཛིན་གྱི་སྲིད་ཇུས་སྤེལ་བའི་རྐྱེན་གྱིས་ན་ནིང་ནས་བཟུང་ཅིང་ཕྱིའི་སློབ་མའི་བསྡུ་ཚད་ཇེ་ཉུང་དུ་གཏོང་མགོ་ཚུགས་པ་རེད།

ཁ་བྱང་ཕྱི་མོ།  པེ་ཅིང་གྲོང་ཁྱེར་ལ་གཏོགས་པའི་སློབ་ཆེན་གྱིས་ཅིང་ཕྱིའི་སློབ་མའི་བསྡུ་ཚད་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070