སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཐོ་འབྲིང་སློབ་མ"ཧའོ་རུའོ་ཁྲེན"གྱི་མིང་རྒྱུ་སྐར་ཆུང་ཆུང་ཞིག་ལ་གདགས་རྒྱུ་ཡིན་པ་རེད།
སྤེལ་དུས། 2015-05-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཚེ་རིང་རྣམ་རྒྱལ།

ཕྱི་ཟླ ༥ པའི་ཚེས ༢༠ ཉིན། མི་དམངས་དྲ་བར་ཧྲན་ཏུང་ཞིང་ཆེན་ཚོད་ལྟའི་སློབ་འབྲིང་ནས་ཡིན་པའི་མཐོ་འབྲིང་སློབ་མ་ཧའོ་རུའོ་ཁྲེནHao Ruo Chenགྱི་མིང་འདི་གཡོ་སྐར་ཆུང་ཆུང་ཞིག་ལ་གདགས་རྒྱུ་ཡིན་པའི་གསར་འགྱུར་འབྱོར་འདུག

ཟླ ༥ པའི་ཚེས ༢༠ ཉིན། Intel lsef དངོས་ལུགས་ཚན་རིག་རིག་པའི་ཆེས་ལེགས་བྱ་དགའ་དང་། དངོས་ལུགས་ཚན་རིག་གི་བྱ་དགའ་ཨང་དང་པོ་ལེན་མཁན་གྱི་ཧའོ་རུའོ་ཁྲེན་མ་ཡུམ་སློབ་གྲྭ་ནས་བརྙན་གཟུགས་ཚོགས་འདུར་ཞུགས། ཧའོ་རུའོ་ཁྲེན་ནི་རང་རྒྱལ་གྱི་ཆེས་མཐོའི་གཟེངས་རྟགས་འདི་ཐོབ་མཁན་གསུམ་པ་ཡིན་ལ། ད་ལོར་ཧྲན་ཏུང་གི་འགྲན་ཞུགས་པ་གཅིག་པུ་དང་། གནས་འདིའི་གཟེངས་རྟགས་འདི་ཐོབ་མཁན་ཐོག་མ་རེད།

ཟླ ༥ པའི་ཚེས ༢༠ ཉིན་མི་དམངས་དྲ་བར་ཅི་ནན་ནས་འབྱོར་བའི་གློག་འཕྲིན་དུ། དེ་རིང་ཞོགས་པར་གསར་འགོད་པས་ཧྲན་ཏུང་ཞིང་ཆེན་ཚོད་ལྟའི་སློབ་འབྲིང་ནས་ཧའོ་རུའོ་ཁྲེན་ཞེས་པའི་མིང་འདི་རྒྱུ་སྐར་ཆུང་ཆུང་ཞིག་ལ་གདགས་རྒྱུ་ཡིན་ཚུལ་གྱི་གནས་ཚུལ་རྒྱུས་ལོན་བྱུང་ཡོད་པའི་སྐོར་བརྗོད་འདུག

གསར་ལམ་དུ། ཉེ་ལམ་ཨ་རིའི་པེ་ཚི་པོར་ནསPittsburgh༢༠༡༥ ལོའི་ཨིན་ཐྲིར་རྒྱལ་སྤྱིའི་ཚན་རིག་དང་ལས་བཟོའི་བྱ་དགའIntel ISEFཐོབ་མིང་ཁྱབ་བསྒྲགས་བྱས་པར། ཧྲན་ཏུང་ཞིང་ཆེན་ཚོད་ལྟའི་སློབ་འབྲིང་ནས་ཡིན་པའི་སློབ་མ་ཧའོ་རུའོ་ཁྲེན་གྱིཕ་ཝང་གི་རྣ་འདྲ་ཡིས་བར་སྣང་གནས་ཡུལ་འཛིན་པའི་ཞིབ་འཇུགཞེས་པར Intel lsef དངོས་ལུགས་ཚན་རིག་རིག་པའི་ཆེས་ལེགས་བྱ་དགའ་དང་དངོས་ལུགས་ཚན་རིག་གི་ཨང་དང་པོ། ཨ་རིའི་སྒྲ་རིག་ལྷན་ཚོགས་ཀྱི་བྱ་དགའ་བཅས་ཐོབ་པ་དང་། འགྲོ་སོང་མ་ལུས་རོགས་སྐྱོར་གྱིས་ལོན་ཏོན་རྒྱལ་སྤྱིའི་ན་གཞོན་ཚན་རིག་བགྲོ་གླེང་ཚོགས་འདུར་གདན་ཞུ་གནང་ཡོད་པ། ཁོ་ནི་ཧྲན་ཏུང་ནས་དངོས་ལུགས་རིག་པའི་ཆེས་ལེགས་པའི་བྱ་དགའ་འདི་ཐོབ་མི་དང་པོ་ཡིན་སྐོར་དང་། བྱ་དགའི་དངུལ་འབོར་ཆེན་ཡོད་པ་ལས་གཞན། མ་ས་ཁྲོ་སེ་ཐྲི་རང་བྱུང་བཟོ་སྐྲུན་སློབ་གླིང་ལིན་ཀིན་དངོས་བརྟག་ཁང་གིས་གྲུབ་འབྲས་ཕུལ་བྱུང་ཅན་འདི་དག་ལ་དམིགས་རྐྱེན་གྱི་ཚུལ་དུ་རྒྱུ་སྐར་ཆུང་ཆུང་ཞིག་གི་མིང་ལRuochen Haoཞེས་བཏགས་ཡོད་པའི་ཕྱོགས་ནས་བརྗོད་འདུག

༢༠༡༥ ལོའི་ཨིན་ཐྲིར་རྒྱལ་སྤྱིའི་ཚན་རིག་དང་ལས་བཟོའིIntel ISEFའགྲན་བསྡུར་སྐབས།

ཧྲན་ཏུང་ཞིང་ཆེན་ཚན་རིག་གྲོས་ཚོགས་ཀྱི་ན་གཞོན་ཚན་རྩལ་བྱ་འགུལ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཡཱང་ཀོན་ནན་གྱིས་བརྒྱུད་ལམ་ཁག་ཏུ། ཨིན་ཐྲིར་རྒྱལ་སྤྱིའི་ཚན་རིག་དང་ལས་བཟོའིIntel ISEFའགྲན་སྡུར་ནི་མིག་སྔར་འཛམ་གླིང་ཐོག་རྒྱ་ཆེས་ཆེ་ལ། འགྲན་ཞུགས་ཆེས་མང་པ། བྱ་དགའི་རྣམ་གྲངས་ཆེས་མོད་པ། ཤུགས་རྐྱེན་ཆེས་ཟབ་པའི་སློབ་འབྲིང་སློབ་མའི་ཚན་རྩལ་གསར་སྤེལ་གྱི་འགྲན་སྡུར་ཆེན་མོ་ཞིག་ཡིན་ལ། དེའི་འགྲན་སྡུར་གྱི་ནང་དོན་ལ་རང་བྱུང་ཚན་རིག་གི་རྣམ་གྲངས་གང་ཡོད་དང་སྤྱི་ཚོགས་ཚན་རིག་གནད་དོན་ཁ་ཤས་ཡོད་པས། འཛམ་གླིང་ཧྲིལ་བོའི་ན་གཞོན་ཚོའི་ཚན་རིག་ཐད་ཀྱི་འཛམ་གླིང་བུམ་པ་རྟགས་པའི་འགྲན་སྡུར་དུ་ཆགས་ཡོད་ཅེས་བརྗོད་འདུག

ཁོར་ཐོབ་པའི་བྱ་དགའི་རྟགས་མ།

གཞན་ཡང་གསར་ལམ་དུ། ཟླ ༥ པའི་ཚེས ༡༡ ཉིན་ཨ་རིའི་ཕེ་ཚི་པོར་ནས ༢༠༡༥ ལོའི་ཨིན་ཐྲིར་རྒྱལ་སྤྱིའི་ཚན་རིག་དང་ལས་བཟོའིIntel ISEFའགྲན་སྡུར་གྱི་སྒོ་མོ་ཕྱེ་ཡོད་ལ། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ ༧༠ ནས་འགྲན་ཞུགས་པ་ས་ཡ་གསུམ་ལྷག་གིས་ཁྲོད་ནས་ཕུལ་བྱུང་སློབ་མ ༡༧༠༠ David L. Lawrenceགྲོས་རར་འཛོམས་ཏེ་བསམ་བློ་གསར་བ་དང་འདུ་ཤེས་གསར་བ་ངོ་སྤྲོད་དང་སྦྲགས་ནས་རང་རང་གི་གསར་བཏོད་ཀྱི་འབྲས་བུ་ངོ་སྤྲོད་བྱས། ཐེངས་འདིར་ཀྲུང་གོའི་འགྲན་ཞུགས་པ ༤༢ ཡོད་ལ། རྟིང་རྩོད་དུ་ཞུགས་པའི་ཧའོ་རུའོ་ཁྲེན་གྱིཕ་ཝང་གི་རྣ་འདྲ་ཡིས་བར་སྣང་གནས་ཡུལ་འཛིན་པའི་ཞིབ་འཇུགཞེས་པ་ནི་ཧྲན་ཏུང་ཞིང་ཆེན་ནས་ཡིན་པའི་བརྩམས་ཆོས་གཅིག་པུར་གྱུར་ཡོད་པའི་ཚུལ་བརྗོད་འདུག

བོད་ལྗོངས་སུ།

ཧྲན་ཏུང་ཞིང་ཆེན་ཚོད་ལྟའི་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཧན་ཞང་གིས། ཧའོ་རུའོ་ཁྲེན་སློབ་གྲྭ་འདིའི་མཐོ་གསུམ་འཛིན་གྲྭ ༢༣ ཡིན་པ་དང་། མིག་སྔར་ཏུའུ་ཁུ་སློབ་ཆེནDuke Universityསོགས་མཐོ་རིམ་སློབ་ཆེན་དགུ་ནས་བསྡུ་ལེན་དང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་གྱ་ནོམ་སྟེར་པའི་བརྡ་ཡིག་འབྱོར་ཡོད་སྐོར་དང་། ཧའོ་རུའོ་ཁྲེན་གྱིས་སྐབས ༡༤ པའི"སང་ཉིན་གྱི་ཚན་རིག་པ་ཆུང་ཆུང"ཞེས་པའི་བྱ་འགུལ་གྱི་ཨང་གཉིས་པ་སོགས་བྱ་དགའ་བླངས་ཡོད་པ་དང་། ༢༠༡༣ དང ༢༠༡༤ ལོའི་དབྱར་གནང་དུ་བོད་ལྗོངས་གཞིས་ཀ་རྩེར་སོང་ནས་རོགས་སྒྲུབ་དགེ་རྒན་བྱས་མྱོང་བར་མ་ཟད། ཕྱིར་སློབ་གྲྭར་ལོག་རྗེས་ཁུར་མོང་དགེ་སྒྲུབ་ཚོགས་པ་ཞེས་པ་ཞིག་བཙུགས་ཏེ་བོད་ལྗོངས་ཀྱི་བྱིས་པ་ཚོར་དེབ་དང་དངུལ་གྱི་ཞལ་འདེབས་ཕུལ་མྱོང་ཡོད་པའི་ཕྱོགས་ནས་བརྗོད་འདུག

ད་ལྟའི་བར། ཀྲུང་གོའི་ན་གཞོན་ཚོIntel ISEFའགྲན་སྡུར་དུ་ཞུགས་ནས་ལོ་བཅུ་བདུན་སོན་ཡོད་ལ། ཧའོ་རུའོ་ཁྲེན་ནི་ཀྲུང་གོ་ནས་ཆེས་མཐོའི་བྱ་དགའ་འདི་ལེན་མཁན་གསུམ་པ་དང་ཧྲན་ཏུང་གི་ཐོག་མར་གྱུར་ཡོད་འདུག བརྒྱུད་ལམ་དུ་གསལ་བཤད་བྱས་པ་ལྟར་ན། རྒྱུ་སྐར་ཆུང་བ་ནི་གསར་རྙེད་པས་རྒྱལ་སྤྱིའི་རྩ་འཛུགས་ལ་རེ་ཞུ་བྱས་ཏེ་རང་གི་འདོད་མོས་ལྟར་མིང་བཏགས་པར་རྒྱལ་སྤྱི་ནས་ཁས་ལེན་ཐོབ་པའི་གནམ་གཟུགས་གཅིག་པུ་ཡིན་འདུག་ལ། ཡངས་ཤིང་ཆེ་བའི་འཇིག་རྟེན་གྱི་བར་སྣང་དུ་ཀྲུང་གོ་བའི་མི་མིང་དང་ས་མིང་། རྩ་འཛུགས་ཀྱི་མིང་བཏགས་པའི་རྒྱུ་སྐར ༡༢༠ ཟིན་ཡོད་པར་བཤད།

ཁ་བྱང་ཕྱི་མོ། མཐོ་འབྲིང་སློབ་མ"ཧའོ་རུའོ་ཁྲེན"གྱི་མིང་རྒྱུ་སྐར་ཆུང་ཆུང་ཞིག་ལ་གདགས་རྒྱུ་ཡིན་པ་རེད།

རྩོམ་འགན་པ། སྒྲོལ་ཚེ།

 

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070