སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དམངས་སྒྲུབ་ནས་སློབ་གསོའི་ལམ་བུར་ཞུགས་པའི་ཆུ་ཀྱཱ་བྱིས་སྐྱོང་ཁང་།
སྤེལ་དུས། 2015-06-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དབང་འབུམ།
  སློབ་གྲྭ་འདི་ནས་ཐོན་པའི་སློབ་མ།
  ༢༠༠༩ལོར་སློབ་གྲྭ་འདིར་ཐོག་མར་བྱིས་པ༡༧ཐོན་པ་རེད། དེ་ནས་རིམ་བཞིན་སློབ་མ་ཇེ་མང་དུ་སོང་སྟེ༢༠༠༩-༢༠༡༠བར་ཡུལ་ཚོ་ལ་སློབ་མ༣༠བསྐྱལ་བ་ཡིན། ༢༠༡༠-༢༠༡༡བར་སློབ་མ༤༥དང་། ༢༠༡༡-༢༠༡༢བར་སློབ་མ༤༠ ༢༠༡༢-༢༠༡༣བར་སློབ་མ ༥༠ ༢༠༡༣-༢༠༡༤བར་སློབ་མ༢༠ ད་ལོ་འདིར་སློབ་མ༣༧གྱིས་སློབ་སྦྱོང་བྱེད་ཀྱིན་ཡོད། ང་ཚོས་སློབ་མ་དག་མཐར་ཕྱིན་ཏེ་ཡུལ་ཚོ་ལ་སྐྱེལ་སྐབས་ཀྱང་མཉམ་གཅིག་ཏུ་རླངས་འཁོར་ཞིག་བཀོད་སྒྲིག་བྱས་ཏེ་དངོས་སུ་བསྐྱལ་ནས་སོང་བ་ཡིན། ༢༠༡༢ལོར་ང་ཚོའི་འདི་ནས་མཐར་ཕྱིན་པའི་སློབ་མ་ལྔ་ཡིས་ཡུལ་ཚོ་ནས་རྒྱུགས་བླངས་ཏེ་ཨང་དང་པོ་ནས་ལྔ་བའི་བར་བསྟུད་མར་བླངས་བྱུང་། དེ་ནི་ཧ་ཅང་ཡིད་སེམས་སྤྲོ་བའི་སྐབས་ཤིག་རེད། ཡིན་ཡང་དེ་ལྟ་བུའི་འབྲས་བུ་ནི་ཐེངས་མང་པོ་ལོན་རྒྱུ་དཀའ་མོ་ཞིག་རེད།
   དགེ་རྒན་གསུམ་གྱི་ཡོང་འབབ།
  ༢༠༠༩ནས༢༠༡༡བར་དུ་བྱིས་སྐྱོང་ཁང་འདིའི་དགེ་རྒན་གསུམ་གྱི་ཡོང་འབབ་སྡེ་བའི་ནང་ཁུལ་ནས་ཐག་གཅོད་བྱས་ཤིང་སློབ་མ་རེའི་ཁྱིམ་བདག་རེའི་སྒོར༣༠༠དང་སྡེ་བ་གཞུང་ནས་སྒོར༢༠༠རེ་གནང་སྟེ་དགེ་རྒན་གསུམ་གྱི་སྟེང་དུ་བགོས་ན་དགེ་རྒན་རེ་ལ་ཟླ་རེར་ཡོང་འབབ་སྒོར༥༠༠ཡས་མས་ཀྱིས་ལོ་ངོ་གསུམ་འགོར་བ་རེད། ༢༠༡༡ནས་བཟུང་སྟེ་སློབ་གྲྭ་འདི་ལ་རྒྱལ་ཁབ་ཀྱིས་དོ་སྣང་བྱེད་འགོ་ཚུགས་ཏེ་དགེ་རྒན་རེར་ཟླ་རེར་སྒོར༡༨༠༠ཡི་ཟླ་ཕོགས་ད་བར་དུ་གནང་པ་རེད།
   དགེ་རྒན་གསུམ་གྱི་གཏམ།
   སྐབས་དེར་ཁྱིམ་བདག་ཚོའི་རང་རང་ལ་འབབ་ཚད་དེ་ངོ་ཡོད་དང་དགའ་མགུའི་ངང་ནས་སྦྱིན་པ་རེད། ང་ཚོའི་སེམས་སུ་གལ་ཏེ་ཡོང་འབབ་ཅི་ཡང་མེད་པའི་དབང་དུ་བཏང་ཡང་། སློབ་མ་ཚོར་སློབ་ཁྲིད་ཅིག་ཅི་ནས་ཀྱང་བྱེད་དགོས་སྙམ་པའི་ཀུན་སློང་གིས་བསྡད་པ་ཡིན། སྟབས་ལེགས་པ་ཞིག་ལ༢༠༡༡ལོར་སློབ་གཙོ་དཔལ་ལྡན་དབང་ཕྱུག་གཙོ་བྱས་པའི་ཡུལ་ཚོ་དང་རྫོང་སློབ་གསོ་ཅུས་ཀྱི་དོ་སྣང་འོག་ང་ཚོ་ལ་ཟླ་རེར་ཕོགས་སྒོར༡༨༠༠ ཐོབ་སོང་བས་ཁྱིམ་བདག་དང་སྡེ་བའི་དཀའ་ཁག་ཀྱང་མང་པོ་ཞིག་ཐག་བཅད་པ་རེད།
   ཉིས་སྟོང་བཅོ་ལྔའི་ལོའི་དགེ་སློབ་ཀྱི་མཉམ་པར།
   སྡེ་གཙོ་ཆོས་དར་དང་འཇིགས་མེད། སློབ་གྲྭ་ཡུལ་ཚོ་ལ་གཅིག་སྡུད་བྱས་ནས་སྡེ་བའི་ནང་སློབ་གྲྭ་འདི་བཙུགས་པ་རེད། དགེ་རྒན་རྣམས་ལ་མཚོན་ན་དཀའ་ངལ་ལ་མི་འཛེམས་པར་སུན་སྣང་མེད་པའི་སྒོ་ནས་སློབ་མ་རྣམས་སྐྱེད་སྲིངས་བྱས་པ་རེད། སློབ་གྲྭ་འདིར་མཚོན་ན་སྡེ་བའི་ཞིང་ལས་སུ་ཆགས་ཡོད་པས་སྤྱི་ཁང་དང་ཡང་ཐག་ཉེ་བས་རྒན་པོ་ཚོས་ཉིན་མོ་སྤྱི་ཁང་དང་མཆོད་རྟེན་ལ་བསྐོར་བ་བྱེད་པ་དང་ནུབ་མོ་བྱིས་པ་སྲུང་བར་སྟབས་ཤིན་ཏུ་བདེ། ཆེས་གཙོ་བོ་ནི་སློབ་གྲྭ་འདི་རང་གི་ཕ་ཡུལ་དང་ཡུལ་མིའི་གམ་དུ་ཆགས་ཡོད་པས་བྱིས་པ་འདིར་བསྡད་ནས་སློབ་སྦྱོང་བྱས་ན་བྱིས་པའི་སེམས་ཁམས་ལ་ཕན་པ་ཆེན་པོ་ཡོད་པ་རེད།
   བོད་ཡིག་དགེ་རྒན་འཇིགས་མེད་རང་གྲོལ།
  རྒྱ་ཡིག་དགེ་རྒན་བཟང་ལྷ།
  རྩིས་རིག་དགེ་རྒན་གཡང་མོ་འཚོ།
  སློབ་གྲྭའི་ཇ་མ་ཀུན་བཟང་བདེ་ཆེན།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060