སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༼ལྔ་གཅིག༽དུས་ཆེན་རིང་བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་༡༨ཀྱི་སྒོ་འཛིན་རིན་མེད་འམ་རིན་གོང་གཅོག་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ།
སྤེལ་དུས། 2013-04-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  ནོར་བུས་བསྒྱུར།

    གསར་འགོད་པས་སྤྱི་ཟླ་༤པའི་ཚེས་༢༥ཉིན་བོད་རང་སྐྱོང་ལྗོངས་ཟོག་གོང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་༼ལྔ་གཅིག༽དུས་ཆེན་རིང་བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་༡༨ཀྱི་སྒོ་འཛིན་གྱི་རིན་གོང་གཅོག་ཡིན་པ་དང་དེའི་ཁྲོད་ཀྱི་མཛེས་ལྗོངས་འགའ་ཤས་རིན་མེད་ཀྱི་ལྟ་སྐོར་བྱེད་ཆོག་གི་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན།  མཛེས་ལྗོངས་ཁུལ་༡༨ཁྲོད་སྨར་ཁམས་ཚྭ་ཁ་དང་། ཀླུ་སྣང་ནགས་ཚལ།  གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སོགས་ཀྱི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་༨དང་། གནས་ཆེན་གངས་རིན་པོ་ཆེ་དང་། གནས་མཚོ་མ་ཕམ་གཡུ་མཚོ། སྤང་གོང་མཚོ་སོགས་ཀྱི་རང་སྐྱོང་ལྗོངས་རིམ་པའི་མཛེས་ལྗོངས་ཁུལ་༦ད་དུང་ཐེ་ཀྲའོ་གནའ་གྲོང་དང་། བོན་རི་སོགས་གྲོང་ཁྱེར་རིམ་པའི་མཛེས་ལྗོངས་ཁུལ་བཞི་བཅས་བསྡུས་ཡོད་པ་རེད། ཡུལ་ལྗོངས་དེ་དག་ལས་གངས་ལྗོངས་ས་མཐོའི་ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་དང་བོད་ལྗོངས་ཀྱི་ལོ་རྒྱུས་འཕོ་འགྱུར། རིག་གནས་རྒྱུན་འཛིན། ཆོས་ལུགས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་མངོན་རྒྱུ་ཡིན་པ་རེད།  མཛེས་ལྗོངས་ཁུལ་ནས་དབྱེ་ནས་མངའ་རིས་ས་ཁུལ་དང་ལྷ་ས་གྲོང་ཁྱེར་དུ་མཛེས་ལྗོངས་ཁུལ་ལྔའམ་དྲུག་གི་སྒོ་འཛིན་གྱི་རིན་གོང་གཅོག་རྒྱུ་ཡིན་པ་དང་ཉིང་ཁྲིའི་ཁུལ་གྱི་མཛེས་ལྗོངས་ཁུལ་གསུམ་༼ལྔ་གཅིག་༽དུས་ཆེན་རིང་རིན་གོང་ཁེ་པོ་བྱེད་རྒྱུ་ཡིན་པ་ད་དུང་གཞིས་རྩེ་ས་ཁུལ་དང་ཆབ་མདོ་ཁུལ་གྱི་མཛེས་ལྗོངས་ཁུལ་གཉིས་ཀྱི་རིན་གོང་གཅོག་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་ཟོག་གོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཡན་ལིང་གིས་ཐེངས་དེའི་རིན་གོང་གཅོག་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུའི་དམིགས་ཡུལ་ནི་སྐུ་མགྲོན་རྣམས་ཡུལ་སྐོར་བྱེད་སྐབས་རིན་གོང་འཚམ་པོ་དང་ཡུལ་སྐོར་རིང་གི་ཟད་གྲོན་ལ་སྐུལ་འདེད་དེ་བཞིན་སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཀྱི་མིང་གྲགས་གོང་མཐོར་གཏོང་ཆེད་ཡིན་ཅེས་གསུངས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060