སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་ཚེས༡༨ཉིན་འགོ་ཚུགས་རྒྱུ་རེད།
སྤེལ་དུས། 2014-10-09   ཡོང་ཁུངས། བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ།  བསོད་བསྟན།

གསར་འགོད་པས་ཉེ་དུས་ཤེས་རྟོགས་བྱུང་བར། སྐབས་བཅུ་པའི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཟླ་བ ༡༠ པའི་ཚེས ༡༨ཉིན་དངོས་སུ་འགོ་ཚུགས་རྒྱུ་ཡིན་པ་རེད། དུས་ཆེན་དེ་འགོ་འཛུགས་སར་བྱས་ཏེ་བོད་ལྗོངས་ཀྱིས་སླར་ཡང་སྟོན་དགུན་དུས་ཚིགས་གཉིས་ཀྱི་རྫོགས་ལྡན་གྱི་ཡུལ་སྐོར་དུས་ཚིགས་བསུ་རྒྱུ་ཡིན་པ་དང་མིག་སྔར་རིགས་ཁག་གི་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།

ཉིང་ཁྲི་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ནི་བོད་ལྗོངས་ཀྱི་དུས་ཆེན་གྱི་ཟོང་རྟགས་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་མིག་སྔར་རྒྱལ་ཁའི་ངང་ཐེངས་དགུ་སྤེལ་ཟིན་པ་རེད། འདི་ལོའི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་དང་ལོ་གོང་མའི་དུས་ཆེན་དབར་ཁྱད་པར་ཆེ་ཤོས་ནི་འདི་ལོའི་བྱེད་སྒོའི་དུས་ཡུན་རིང་ཙམ་ཡིན་པ་དང་ཟླ་བ་༡༠ནས་ཟླ་བ་༡༡བར་རྒྱུན་མཐུད་བྱ་རྒྱུ་མ་ཟད། འཛམ་གླིང་གི་རོང་ཆེན་ཨང་དང་པོ་དེ་ཟོང་རྟགས་ཏུ་བྱས་ནས་ཡུལ་སྐོར་བར་མཛེས་སྡུག་ཡིད་དབང་འཕྲོག་པའི་རང་བྱུང་སྐྱེ་ཁམས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་ཚུལ་གོམས་གཤིས་ངོམས་རྒྱུ་ཡིན་པ་རེད། དེ་དང་དུས་མཚུངས་ད་དུང་དུས་ཆེན་རིང་ཆིང་ཏའོ་རྒྱལ་སྤྱིའི་སྦི་རག་དུས་ཆེན་དང་སྐབས་གསུམ་པའི་ཀླུ་ནང་སྐོར་བའི་རྐང་འཁོར་འགྲན་བསྡུར། སྐབས་གཉིས་པའི་མེ་ཏོག་གི་རྐང་ཐང་རིག་གནས་དུས་ཆེན་སོགས་སྤེལ་རྒྱུ་ཡིན་པ་རེད།

 སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་ཕུད་ཟླ་བ་༡༠པར་ཉིང་ཁྲིའི་སྟོན་དུས་ཀྱི་མཛེས་ལྗོངས་ནི་ཀྲུང་གོའི་སྟོན་དུས་ཀྱི་མཛེས་ལྗོངས་ཁྲོད་ཆེས་མཛེས་སྡུག་ལྡན་པ་ཞིག་རེདཅེས་ཝང་ཅུན་གྱིས་གསར་འགོད་པར་བརྗོད། ཟླ་བ༩པའི་ཟླ་དཀྱིལ་ཙམ་ནས་ཉིང་ཁྲིའི་མཛེས་ལྗོངས་དེ་རིམ་གྱིས་མཛེས་ལྗོངས་རབ་ཏུ་མཛེས་པའི་སྟོན་དུས་ཀྱི་རྫོགས་ལྡན་ཉིན་༥༠ཡི་དུས་མཚམས་སུ་སླེབས་པ་དང་ཡུལ་སྐོར་བ་རྣམས་ཀྱིས་སྤོ་མེས་རྫོང་གི་ནགས་ཚལ་དང་འཁྱགས་རོམ། གངས་རི་བཅས་འོད་མདངས་ཕན་ཚུན་འཕྲོ་ལ་ཁ་ཁུ་སིམ་པའི་མཛེས་ལྗོངས་ལོངས་སུ་སྤྱོད་ཆོག་ལ།  ཀླུང་ནང་གི་གངས་རི་དང་ནགས་ཚལ་སྟུག་པོ། ས་ཞིང་དང་ལྡུམ་ར། དེ་བཞིན་བག་ཡངས་ཅི་གར་རོལ་བཞིན་པའི་ནོར་ལུག་ལས་གྲུབ་པའི་ས་མཐོའི་ས་ཞིང་དང་ལྡུམ་རའི་མཛེས་ལྗོངས་ལོངས་སུ་སྤྱོད་ཆོག མ་ཟད་མདོག་མདངས་རྣམ་པར་བཀྲ་ལ་ཉམས་འགྱུར་དོད་པའི་སྟོན་དུས་ཀྱི་མུ་འབྲེལ་རི་བོ་དང་སྨུག་པས་འཁྱིལ་བའི་རི་བོ་གནམ་ལྕགས་འབར་བ་དང་སྤྲིན་པས་འཁྱིལ་ཞིང་མཛེས་སྡུག་བལྟ་བས་མི་ངོམས་པའི་རོང་ཆེན་གྱི་མཛེས་ལྗོངས་སོགས་ལ་སྤྱན་གཟིགས་བྱས་ཆོག

ཁ་བྱང་ཕྱི་མོ། ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་ཚེས༡༨ཉིན་འགོ་ཚུགས་རྒྱུ་རེད།

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060