སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱལ་སྟོན་ཉིན ༤ རིང་རྒྱལ་ཡོངས་སུ་གཞུང་ལམ་ཡུལ་སྐོར་བ་མི་གྲངས་ཁྲི ༣.༦༥སྐྱེལ་འདྲེན་བྱས།
སྤེལ་དུས། 2014-10-09   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་པ་པོ།  བསོད་བསྟན།

རྒྱལ་སྟོན་གྱི་རྫོགས་ལྡན་ངལ་གསོའི་ཉིན་བཞི་ཡི་རིང་རྒྱལ་ཡོངས་ཀྱི་གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་བརྒྱུད་རིགས་ཁག་གི་སྐྱེལ་འདྲེན་ལས་དོན་སྤྱིར་ན་གོ་རིམ་ལྡན་ཞིང་བརྟན་པོ་ཡོད་པ་རེད། འགྲོ་ལམ་སྐྱེལ་འདྲེན་ཐད་ཉིན་བཞི་ཡི་རིང་ཁྱོན་ཡུལ་སྐོར་བ་མི་གྲངས་ཁྲི ༣.༦༥ ཙམ་སྐྱེལ་འདྲེན་བྱས་པ་དེ་ན་ནིང་གི་དུས་མཚུངས་པ་ལས ༥ འཕར་ཡོད་པ་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན། ཟླ ༡༠ ཚེས ༤ ཉིན་རྒྱལ་ཡོངས་སུ་གཞུང་ལམ་བརྒྱུད་ཁྱོན་ཡུལ་སྐོར་བ་མི་གྲངས་ཁྲི་༨༦༧༩སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་པ་ལས  ༤.༥ འཕར་ཡོད་ཅིང་འགྲུལ་པ་རྣམས་གཙོ་བོ་ལམ་ཐག་ཐུང་བའི་ཡུལ་སྐོར་དང་གཉེན་ཉེ་ཐུག་མཁན་ཡིན་པ་དང་ཐག་རིང་ཡུལ་སྐོར་གྱི་མི་གྲངས་དེ་གོང་གི་ཉིན་གསུམ་ལས་མར་ཆགས་ཡོད་པ་རེད། ཅང་སུའུ་དང་ཀྲའེ་ཅང་། ཁྲུང་ཆིང་། སི་ཁྲོན། ཀན་སུའུ། ཉིང་ཞ་སོགས་ས་ཁུལ་གྱི་ལམ་ཐག་འབྲིང་ཐུང་གི་ཡུལ་སྐོར་བའི་མི་གྲངས་འཕར་ཚད་ཅུང་མང་ཙམ་ཡོད་པ་རེད།

ཆུ་ཐོག་སྐྱེལ་འདྲེན་ཐད་ཉིན་བཞི་ཡི་རིང་རྒྱལ་ཡོངས་ཀྱི་གཙོ་བོའི་ས་ཁུལ་གྱི་ཆུ་ཐོག་ལམ་བུ་བརྒྱུད་ཡུལ་སྐོར་བ་མི་གྲངས་ཁྲི༧༨༨སྐྱེལ་འདྲེན་བྱས་པ་དང་། ན་ནིང་གི་དུས་མཚུངས་པ་ལས་༡.༠༣འཕར་ཡོད་ཅིང་། དེའི་ཁྲོད་ཟླ ༡༠ ཚེས ༤ཉིན་སྔོན་རྩིས་ལྟར་ན་མི་གྲངས་ཁྲི ༢༣༨སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་དང་དེ་ན་ནིང་གི་དུས་མཚུངས་པ་དང་བསྡུར་ཚེ་༢.༡༥འཕར་ཡོད་པ་རེད།

ཉིན་ཤས་བསྟུད་མར་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་པས་སྒྲིག་འཛུགས་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུས་ངལ་གསོའི་སྐྱེལ་འདྲེན་ལ་ཞབས་ཞུ་བྱས་པ་དང་དེའི་ཁྲོད་ཆུ་ཐོག་སྐྱེལ་འདྲེན་ཚན་པས་འགྲུལ་སྐྱེལ་གྲུ་གཟིངས་ཁྲི་༡.༦དང་རྐུབ་སྟེགས་ཁྲི་༧༣བཀོད་སྒྲིག་བྱས་ཡོད་ཅིང་། སྤྱི་ཡོངས་ཀྱི་སྐྱེལ་འདྲེན་ཅུང་ཆ་ཚང་པོ་ཡོད་པ་དང་སྐྱེལ་འདྲེན་ལས་དོན་སྤྱིར་ན་གོ་རིམ་ལྡན་ཞིང་བརྟན་པོ་ཡོད་པ་རེད།

ཁ་བྱང་ཕྱི་མོ། རྒྱལ་སྟོན་ཉིན ༤ རིང་རྒྱལ་ཡོངས་སུ་གཞུང་ལམ་ཡུལ་སྐོར་བ་མི་གྲངས་ཁྲི ༣.༦༥སྐྱེལ་འདྲེན་བྱས།

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060