སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་བདེ་བླག་ངང་འཚོགས་རྗེས་བོད་ཀྱི་མི་དམངས་ཀྱིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་བསུས་པ་རེད། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ནི་མཛུབ་སྟོན་ཁ་ཕྱོགས་དང་བོད་ལྗོངས་འགྲེམས་ཚོགས་སྟེགས་བུར་བྱས་ཏེ་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་བཞིན་ཡོད་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱང་མཐོ་ཚད་གསར་པའི་ཕྱོགས་སུ་སྐྱོད་ཐུབ་ངེས་རེད།
བོད་ཀྱི་ཡུལ་སྐོར་རིག་གནས་དེ་ཉིད་དུས་རབས་འཕེལ་རྒྱས་ཀྱི་མདུན་གྲལ་དུ་སླེབས་པར་བྱ་རྒྱུ་སྟེ། སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གཞི་རྒྱ་དེ་ཙམ་ཆེན་པོ་མེད་ཀྱང་ནང་དོན་ཕུན་སུམ་ཚོགས་ཤིང་། རྩེར་སོན་དང་ཁྱད་ཆོས་འབུར་དུ་ཐོན་པར་བརྩོན་ལེན་བྱས་ཡོད། སྟེགས་བུ་མཐོན་པོ་དེས་སྐད་གྲགས་ཆོད་པར་བྱས་པ་མ་ཟད། ད་དུང་ཕྱོགས་སྒྱུར་རིམ་སྤོར་བྱེད་བཞིན་པའི་བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་ཀྱི་རྒྱལ་སྤྱིའི་མིག་རྒྱང་རིང་དུ་འགྲོ་ཐབས་བྱས་ཡོད། སྔར་བས་མིག་རྒྱང་རིང་པོས་འཛམ་གླིང་ལ་ལྟ་ཞིབ་བྱས་པ་དང་། སྔར་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་འཛམ་གླིང་ལ་ཁ་ཕྱོགས་པ། སྔར་བས་ཁེངས་སྐྱུང་གི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཉམས་མྱོང་གཞི་འཛིན་པ་དང་བསྡུ་ལེན་བྱས་པར་བརྟེན་བོད་ཀྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་གཏོང་རྒྱུ་དེ་སྟེགས་བུ་སྔར་བས་མཐོན་པོ་ཞིག་གི་ཐོག་ལངས་ཐུབ་པ་དང་དུས་རབས་འཕེལ་རྒྱས་ཀྱི་མདུལ་གྲལ་ལ་དམིགས་ཐུབ་པ་བྱུང་ཡོད།
བོད་ལྗོངས་འགྲེམས་ཚོགས་འཚོག་རྒྱུའི་གྲ་སྒྲིག་ལས་དོན་སྤེལ་རིང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ལས་དོན་ལ་ཞིབ་བཤེར་གནང་བར་ཕེབས་སྐབས་བོད་ལྗོངས་འགྲེམས་ཚོགས་ནི་རྒྱལ་སྤྱིའི་རྣམ་པའི་རིམ་མཐོའི་འགྲེམས་ཚོགས་ཤིག་ཡིན། ང་ཚོས་ངེས་པར་དུ་ཡག་ཐོག་ཡག་བརྩེགས་དང་སྤུས་ཚད་མཐོ་རུ་འགྲོ་བའི་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དང་ལྷག་པར་དུ་བོད་རྒྱ་དབྱིན་བཅས་ཡིག་རིགས་གསུམ་འཛོམས་པར་བྱས་ནས་བོད་ལྗོངས་ཀྱི་འགྲེམས་ཚོགས་དེ་ཉིད་རིམ་པ་མཐོ་བ་དང་ཁྱད་ཆོས་ལྡན་པ་ཞིག་ཏུ་གཉེར་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་ཐེངས་མང་གནང་ཡོད།
མི་རིགས་ཀྱི་ཡིན་པ་མཐའ་དག་འཛམ་གླིང་གི་ཡིན་པ་དང་འཛམ་གླིང་ནི་མི་རིགས་ཀྱི་གར་སྟེགས་ལྟ་བུ་ཡིན། བོད་ཆསTདབྱིབས་སྟེགས་བུའི་ཐོག་ངོམ་སྟོན་བྱས་པ་རྒྱུན་འཛིན་དང་གསར་གཏོད་ཀྱི་དོན་སྙིང་ལྡན་པ་ཞིག་རེད་ལ་དུས་རབས་ཀྱི་རེ་བ་དང་མཐུན་པ་ཞིག་ཀྱང་རེད། དེ་ལས་རང་ཉིད་ལ་བོད་ལྭ་ཉོ་རྒྱུའི་འདོད་པ་ཤིན་ཏུ་ཆེན་པོ་བྱུང་ཞེས་ནེ་པ་ལའི་སྐུ་མགྲོན་ཧྲ་ལེ་ཅ་ན་ཐ་ཕ་ཡིས་བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་རེད།
རིག་གནས་ཀྱི་ཁྲག་རྩ་ནི་རྒྱུན་འཛིན་དང་ཚེ་སྲོག་ནི་གསར་གཏོད་ལ་རག་ལས་ཡོད། བོད་ཀྱི་རིག་གནས་ལོ་ངོ་སྟོང་ལ་རྒྱུན་འཛིན་བྱུང་བ་ནི་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་ཀྱི་ཉིང་བཅུད་རྒྱུན་ཆད་མེད་པར་བསྡུ་ལེན་བྱས་པ་དང་རིག་གནས་སྤེལ་རེས་བྱེད་རིང་གཞན་ལ་དཔེ་ལྟ་ཕོད་ལ་ལྟ་མཁས་པ་དང་སློབ་སྦྱོང་བྱེད་ཕོད་ལ་བྱེད་མཁས་པས་རེད།
བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། གསར་སྤེལ་གྱི་སྦས་ཤུགས་ཆེ་བ། འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་བ་བཅས་ཡོད། བོད་ལྗོངས་འགྲེམས་ཚོགས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཁར། ཡུལ་སྐོར་རིག་གནས་ཐོན་ལས་གཙོ་བོར་བྱས་ནས་ཡུལ་སྐོར་རིག་གནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གཙོ་བོ་དང་། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གཙོ་བོ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཡོད། བསམ་ཕྱོགས་དང་བཀོད་སྒྲིག་དེ་དོན་དངོས་དང་འཚམ་པ་དང་འབྱུང་འགྱུར་འཕེལ་རྒྱུས་ཀྱི་ཁ་ཕྱོགས་དང་མཐུན་ལ་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་བོད་ལྗོངས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་གནས་བབ་དང་ཡང་ཚད་མཐོ་ཤོས་ཀྱི་སྒོ་ནས་མཐུན་ཡོད།
ཁ་བྱང་ཕྱི་མོ། སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་བདེ་བླག་ངང་འཚོགས་པའི་སྐོར་གྱི་སྒྲིལ་གླེང་གསུམ་པ།
(རྩོམ་འགན་པ། རྟ་མགྲིན)