སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
2017ལོའི་སྐབས་དང་པོའི་བོད་ལྗོངས་ཡུལ་སྐོར་གྱི་“ངས་བོད་ལྗོངས་ཀྱི་མགྲིན་ཚབ་བྱེད”ཅེས་པའི་མགྲིན་ཚབ་པ་རྩེ་གྲས་གསུམ།
སྤེལ་དུས། 2017-11-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། བོད་ལྗོངས་ནི་མི་ཅི་འདྲའི་མང་པོ་ཞིག་གི་འཛམ་གླིང་ཡུལ་སྐོར་གནས་མཆོག་ཅིག་རེད་ཨང་། ཡར་ཀླུང་གཙང་པོ་ནས་ཇོ་རིའི་སྒར་ས་ཆེན་མོ། བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལ་ནས་བྱིན་རླབས་ཅན་གྱི་ར་ས་འཕྲུལ་སྣང་གཙུག་ལག་ཁང་།……གནས་མཆོག་འདི་ལས་ང་ཚོར་ཚད་མེད་པའི་ཡིད་སྨོན་དང་མཛེས་སྡུག་གི་རེ་སྨོན་ཞིག་ངང་གིས་སྐྱེས། ཉེ་བའི་ལོ་ཤས་རིང་བོད་ཀྱི་ཡུལ་སྐོར་ལ་“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་གོ་སྐབས་བཟང་བོར་བརྟེན་ནས་ཟམ་མི་ཆད་པར་ཐོལ་བརྒལ་དང་། འཕེལ་རྒྱས་གསར་བ་བྱུང་ཞིང་། གོམ་སྟབས་གསར་བ་སྤོས་ནས་འཕེལ་རྒྱས་སུ་འགྲོ་བར་གོ་སྐབས་སྔ་ན་མེད་པ་ལྡན་ཡོད།
          འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་འདིའི་ཁྲོད་དུ་བོད་ལྗོངས་ཀྱི་ཡུལ་སྐོར་ལ་རང་ཉིད་ཁོ་ནར་དབང་བའི་ཁྱད་ལྡན་“མིང་བྱང་”སྟེ། བོད་ལྗོངས་ཀྱི་ཕྱི་སྣོད་ཀྱི་མཛེས་སྡུག་དང་། རིག་གནས་ཀྱི་ཁྱད་ཆོས། ལོ་རྒྱུས་ཀྱི་དང་བ། མི་རིགས་ཀྱི་སྣང་ཚུལ་ལྷུན་གྱིས་མངོན་པའི་“བོད་ལྗོངས་ཀྱི་ཞལ་རས”ཤིག་ཅིས་ཀྱང་མཁོ་གལ་ཆེའོ། །
རི་མོ་ནི་སྐབས་དང་པོའི་བོད་ལྗོངས་ཀྱི་ཡུལ་སྐོར་མགྲིན་ཚབ་ཆེན་མོའི་འགྲན་སྡུར་གྱི་ཡུལ་དངོས་ཡིན།  
          “བོད་ལྗོངས་ཀྱི་ཞལ་རས་འཚོལ་བ་དང་། ན་གཞོན་ཕུལ་བྱུང་ཅན་དང་འཕྲད་ནས། གཞོན་ནུའི་ལང་འཚོའི་ཉམས་འགྱུར་མངོན”ཞེས་པ་སྟེ། དེ་ཡང་དེང་རབས་བོད་རིགས་གཞོན་ནུའི་ཡིད་ཆེས་ཡར་ཐོན་གྱི་གཤིས་ཀ་དང་། གླུ་ལེན་གར་རྩེད་ཀྱི་ནུས་པ། ཕྱི་ནང་མཛེས་པའི་མངོན་སྟངས། ཤེས་ཡོན་སྣ་འཛོམས་ཀྱི་ཁྱད་ཆོས་བཅས་མངོན་ཕྱིར། ཟླ་10ཚེས་31ཉིན། སྐབས་དང་པོའི་བོད་ལྗོངས་ཡུལ་སྐོར་མགྲིན་ཚབ་ཆེན་མོའི་དཔྱད་འདེམ་བྱ་འགུལ་གྱི་རྟིང་རྩོད་འགྲན་སྡུར་དངོས་སུ་འགོ་ཚུགས། འགྲན་བསྡུར་གྱི་དམིགས་ཡུལ་ནི་ཡུལ་སྐོར་མགྲིན་ཚབ་ཆེན་མོ་བདམས་ནས། འཛམ་གླིང་ལ་གཏིང་ཟབ་ཅིང་རྒྱ་ཆེ་ལ། མཛེས་སྡུག་ལྡན་ཞིང་དུས་རབས་དང་བསྟུན་པ། དཀྱེལ་ཡངས་ཤིང་ཞི་མཐུན་ཡིན་པའི་བོད་ལྗོངས་གསར་པ་ཞིག་སྔར་ལས་ལྷག་པར་སྟོན་དགོས་པ་དེ་ཡིན།
རི་མོ་ནི་རྟིང་རྩོད་དུ་ཞུགས་པའི་འོས་མི་24པོ་ཡིན།
          ཤེས་གསལ་ལྟར་ན། འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་དང་།《བོད་ལྗོངས་ཡུལ་སྐོར》དུས་དེབ་ཁང་གིས་སྒྲུབ་འགན་འཁུར་ཡོད། 2017ལོའི་ཟླ་9པའི་ཚེས་20ཉིན་ཡོངས་འདེམས་བྱེད་འགོ་ཚུགས་པ་དང་། རིམ་པ་བཞིན་བདམས་བསལ་དང་བསྐྱར་འགྲན་བརྒྱུད། བོད་ལྗོངས་ས་ཁུལ་(གྲོང་ཁྱེར)བདུན་ནས་སླེབས་པའི་འོས་མི་24རྟིང་རྩོད་འགྲན་སྡུར་དུ་བདམས་ཐོན་བྱུང་བ་རེད།
རི་མོ་ནི་འོས་མིས་བོད་ལྭའི་གཟུགས་བྱད་སྟོན་པའི་ཚུལ་ཡིན།
རི་མོ་ནི་འོས་མིས་བོད་ལྭའི་གཟུགས་བྱད་སྟོན་པའི་ཚུལ་ཡིན།
རི་མོ་ནི་འོས་མིས་བོད་ལྭའི་གཟུགས་བྱད་སྟོན་པའི་ཚུལ་ཡིན།
རི་མོ་ནི་འོས་མིས་བོད་ལྭའི་གཟུགས་བྱད་སྟོན་པའི་ཚུལ་ཡིན།
རི་མོ་ནི་འོས་མས་བོད་ལྭའི་གཟུགས་བྱད་སྟོན་པའི་ཚུལ་ཡིན།
རི་མོ་ནི་འོས་མས་བོད་ལྭའི་གཟུགས་བྱད་སྟོན་པའི་ཚུལ་ཡིན།
རི་མོ་ནི་འོས་མས་བོད་ལྭའི་གཟུགས་བྱད་སྟོན་པའི་ཚུལ་ཡིན།
          བོད་རིགས་ན་གཞོན་ཉམས་ཅན་24པོ་དག་གར་སྟེགས་ཐོག་ནས་སྒྱུ་རྩལ་ཁྱད་དུ་འཕགས་པ་དང་ཡིད་ཆེས་གདེང་ཤོམ་ཆེ་ཞིང་། ཁོང་ཚོའི་དྲུག་འགྱུར་ངག་གི་འགྱུར་ཁུགས་དང་སྤྲོ་སྐྱིད་འཛོམས་པའི་ཞབས་བྲོ། དེ་མིན་ཕྱོགས་བསྡུས་བྱང་ཚད་བཅས་ལ་བརྟེན་ནས་རིམ་པ་བཞིན་དུ་འགྲན་རྩོད་བྱས་ཏེ་བོད་ལྗོངས་ཡུལ་སྐོར་མགྲིན་ཚབ་ཆེན་མོའི་རྩེར་སོན་འོས་མིར་གྱུར།
རི་མོ་ནི་འོས་མིས་རྩལ་ནུས་མངོན་བཞིན་པའི་ཚུལ་ཡིན།
རི་མོ་ནི་འོས་མིས་རྩལ་ནུས་མངོན་བཞིན་པའི་ཚུལ་ཡིན།
རི་མོ་ནི་འོས་མིས་རྩལ་ནུས་མངོན་བཞིན་པའི་ཚུལ་ཡིན།
རི་མོ་ནི་འོས་མིས་རྩལ་ནུས་མངོན་བཞིན་པའི་ཚུལ་ཡིན།
རི་མོ་ནི་འོས་མིས་རྩལ་ནུས་མངོན་བཞིན་པའི་ཚུལ་ཡིན།
རི་མོ་ནི་འོས་མིས་རྩལ་ནུས་མངོན་བཞིན་པའི་ཚུལ་ཡིན།
          འོས་མི་རྣམས་ཀྱིས་ལྟད་མོ་བའི་དགའ་འབོད་དང་ཐལ་མོ་རྡེབ་སྒྲའི་ཀློང་ནས་སྣ་མང་ཕུན་སུམ་ཚོགས་པའི་རྩལ་ནུས་མངོན་པར་བྱས། སོ་སོས་ངོ་མཚར་མཛེས་སྡུག་ལྡན་པའི་ཕ་ཡུལ་གླེང་བཞིན་འདིར་བཞུགས་ཀྱི་ལྟད་མོ་བ་རྣམས་ལ་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩིར་འགྱུར་བའི་དགྱེས་སྟོན་གྱ་ནོམ་པ་བཤམས།
རི་མོ་ནི་འོས་མིས་ཕྱོགས་བསྡུས་བྱང་ཚད་སྟོན་པའི་ཚུལ་ཡིན།


རི་མོ་ནི་གཞིས་ཀ་རྩེ་ནས་སླེབས་པའི་འོས་མིས་རྒྱ་སྐད་དང་། བོད་སྐད། དབྱིན་སྐད། བལ་བོའི་སྐད་བཅས་ཀྱིས་ཕྱོགས་བསྡུས་བྱང་ཚད་སྟོན་བཞིན་པའི་ཚུལ་ཡིན།

རི་མོ་ནི་འོས་མིས་ཡུལ་སྐོར་ཤེས་བྱའི་དྲི་བར་འཕྲོག་ལན་འདེབས་པའི་ཚུལ་ཡིན།

རི་མོ་ནི་འོས་མིས་ཡུལ་སྐོར་ཤེས་བྱའི་དྲི་བར་འཕྲོག་ལན་འདེབས་པའི་ཚུལ་ཡིན།
          བོད་ལྗོངས་ཡུལ་སྐོར་གྱི་མགྲིན་ཚབ་པ་དཔྱད་འདེམ་ཚད་གཞི་ནི་ཧ་ཅང་ནན་པོ་ཡིན་ཏེ། མང་ཚོགས་ཀྱི་མཛེས་དཔྱོད་རེ་འདུན་དང་མཐུན་དགོས་པ་མ་ཟད། བོད་ལྭའི་གཟུགས་བྱད་སྟོན་པ་དང་། འོས་མའི་རྩལ་ནུས་སྟོན་པ། ཕྱོགས་བསྡུས་བྱང་ཚད་མངོན་པ། ཡུལ་སྐོར་ཤེས་བྱ་འཕྲོག་ལན་འདེབས་པ་བཅས་རིམ་པ་བཞི་ནས་འགྲན་སྡུར་བྱས་ཏེ་བདམས་པ་ཡིན།
རི་མོ་ནི་ཨང་དང་པོ་ཐོབ་པའི་ཤེས་རབ་གྲགས་པ་ཡིན།།
རི་མོ་ནི་ཨང་གཉིས་པ་ཐོབ་པའི་སྐལ་བཟང་གཡང་འཛོམས་ཡིན།

རི་མོ་ནི་ཨང་གསུམ་པ་ཐོབ་པའི་སྐལ་བཟང་དབང་མོ་ཡིན།
          མཇུག་མཐར། ནག་ཆུ་ནས་སླེབས་པའི་ཤེས་རབ་གྲགས་པ་ཀུན་ལས་རྒྱལ་ཏེ་ཐེངས་འདིའི་འགྲན་སྡུར་ཁྲོད་ནས་ཨང་དང་པོ་བླངས། ལྷ་ས་ནས་སླེབས་པའི་སྐལ་བཟང་གཡང་འཛོམས་དང་ནག་ཆུ་ནས་སླེབས་པའི་སྐལ་བཟང་དབང་མོ་གཉིས་ཀྱིས་རིམ་པ་བཞིན་དུ་ཨང་གཉིས་པ་དང་ཨང་གསུམ་པ་བླངས། འདི་ལྟར་འོས་མི་གསུམ་པོ་ནི་བོད་ལྗོངས་ཀྱི་ཡུལ་སྐོར་སྣང་བརྙན་མཚོན་པའི་མགྲིན་ཚབ་པ་ཆེན་མོར་གྱུར།
          གཞན་ཡང་། འོས་མི་7ལ་བོད་ལྗོངས་ཀྱི་ས་ཁུལ་སོ་སོའི་མགྲིན་ཚབ་ཆེན་མོའི་མཚན་སྙན་ཐོབ། ཁོང་ཚོ་ནི་རིམ་པ་བཞིན། ལྷ་སའི་ཡུལ་སྐོར་མགྲིན་ཚབ་པ་ཆེན་མོ་རྒྱ་མཚོ་དོན་གྲུབ་དང་། ཉིང་ཁྲིའི་མགྲིན་ཚབ་པ་ཆེན་མོ་འཛོམས་པ། ཆབ་མདོའི་མགྲིན་ཚབ་པ་ཆེན་མོ་བསོད་ནམས་སྒྲོལ་མ། ལྷོ་ཁའི་མགྲིན་ཚབ་པ་ཆེན་མོ་པདྨ་བཅིངས་འགྲོལ། གཞིས་ཀ་རྩེའི་མགྲིན་ཚབ་པ་ཆེན་མོ་པདྨ་ལྷ་སྒྲོན། མངའ་རིས་ཀྱི་མགྲིན་ཚབ་པ་ཆེན་མོ་མིག་དམར། ནག་ཆུའི་མགྲིན་ཚབ་པ་ཆེན་མོ་མིག་དམར་ཚེ་རིང་བཅས་ཡིན།
          སྐབས་འདིའི་འགྲན་བསྡུར་ཁྲོད་དུ་ཨང་དང་པོ་ཐོབ་མཁན་བོད་ཀྱི་ཡུལ་སྐོར་མགྲིན་ཚབ་པ་ཆེན་མོ་ཤེས་རབ་གྲགས་པས་བཤད་རྒྱུར། མི་ཚེ་ནི་ལག་ལེན་སྦྱོང་བརྡར་རྒྱུན་ཆད་མེད་པར་བྱས་ཚེ་གཞི་ནས་མཛེས་ཆ་མ་ལུས་མངོན་པར་བྱེད་ནུས་ཞེས་གསུངས། ཐེངས་འདིའི་འགྲན་སྡུར་གྱིས་ཁོང་ལ་གར་སྟེགས་ཆེན་པོ་སྤྲད་པས། བོད་ལྗོངས་ཀྱི་དེང་རབས་གཞོན་ནུའི་ཟོལ་མེད་དང་ཡིད་གཞུངས་པའི་ངང་རྒྱུད་ལས་གཞན་ད་དུང་བདེ་ཐང་དང་། ཡིད་ཆེས། ནུས་མང་བཅས་ཀྱང་མངོན་པར་ཕྱུང་། སྐབས་དང་པོའི་བོད་ལྗོངས་ཀྱི་ཡུལ་སྐོར་མགྲིན་ཚབ་ཆེན་མོ་ཡིན་པའི་ཆ་ནས་འཛམ་གླིང་ལ་བོད་ལྗོངས་ཀྱི་རིག་གནས་ལོ་རྒྱུས་དང་ཡུལ་ཀྱི་མཛེས་པ་མཚམས་སྦྱོར་བྱེད་དགོས་པ་མ་ཟད། ད་དུང་བོད་ལྗོངས་ཀྱི་གདེང་ཚོད་དང་དར་རྒྱས་ཀྱང་མཚམས་སྦྱོར་བྱེད་དགོས།
          བོད་ལྗོངས་ཀྱི་དེང་རབས་གཞོན་ནུའི་གླུ་སྐད་དང་ཞབས་བྲོ། དེ་མིན་བོད་ཀྱི་རྒྱན་གོས་སོགས་ནི་ཧང་སང་དགོས་པ་ཞིག་རེད། ཁོང་ཚོས་བོད་ལྗོངས་ཀྱི་གཞོན་ནུ་འཛམ་གླིང་ལ་ཕྱོགས་སྐབས་ཀྱི་འཇོན་ཐང་ཁྱད་པར་ཅན་མངོན་ཡོད་ལ། དེང་གི་དུས་རབས་འདིར་མཁོ་བའི་དྲང་ནུས་ཀྱང་མཚོན་ཡོད།”ཅེས་འགྲན་སྡུར་གྱི་ཡུལ་དངོས་སུ་སླེབས་པའི་ཡུལ་སྐོར་བ་ཞིག་གིས་དེ་ལྟར་བཤད། དེ་ཡང་འགྲན་སྡུར་ཁྲོད་དུ་ཞུགས་པའི་འོས་མི་རྣམས་ལས་ཁོང་མོས་བོད་ལྗོངས་ཀྱི་དཀྱེལ་ཡངས་དང་། ཡིད་ཆེས། མཛེས་སྡུག དར་རྒྱས་བཅས་ཀྱང་ཅིག་ཅར་དུ་མཐོང་སོང་ཞེས་གསུངས།
འགྲན་སྡུར་གྱི་ཡུལ་དངོས།
འགྲན་སྡུར་གྱི་ཡུལ་དངོས།
རི་མོ་ནི་ལྟད་མོ་བས་འོས་མིར་སྐུལ་མ་བྱེད་པའི་ཚུལ་ཡིན།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716