སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཁྲོ་མཎྡལ་ཐང་གི་རྟ་རྒྱུག་དུས་ ཆེན་གྱི་མཐོང་ཐོས།
སྤེལ་དུས། 2016-04-28   ཡོང་ཁུངས། ཁ་བཏགས་དཀར་པོ།   རྩོམ་པ་པོ།  དཀོན་མཆོག་རྡོ་རྗེས།

སྤྱི་ཟླ་བདུན་པའི་མཐོ་སྒང་གི་རྩྭ་ཐང་ནི་གཡུ་ཡི་མེ་ལོང་དང་མེ་ཏོག་གི་མཚོ་མོ་རུ་གྱུར། ག་ས་གར་སྦྲ་གུར་ཕུབ་ནས་སྤྲོ་སྐྱིད་གཏང་རྒྱུ་ནི་ལོ་འདི་ཤས་རིང་དཀར་མཛེས་བོད་ཁུལ་གྱི་ལུགས་སྲོལ་དུ་གྱུར་ཟིན།

ང་རང་འགྲོ་ཞོར་ཞིག་ཏུ་ཁྲོ་མཎྡལ་ཐང་གི་རྟ་རྒྱུག་དུས་ཆེན་དང་འཕྲད་སོང་། གྲོང་སྡེ་དེར་མི་བཞི་བརྒྱ་བདུན་ཅུ་ཙམ་ལས་མེད་རུང་ལོ་ལྟར་རྟ་རྒྱུག་དུས་ཆེན་རོལ་བཞིན་ཡོད། ཉེ་བའི་ལོ་ཤས་སྔོན་ནས་ཁྱིམ་དུད་ཚང་མ་གཏན་སྡོད་ཁང་གསར་དུ་སྤོས་ཟིན་ལ་ཕྱོགས་གང་ཐད་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ནས་དུད་ཁྱིམ་ཚང་མས་ཆེ་བས་རླངས་འཁོར་དང་ཆུང་ཆུང་འཕྲུལ་རྟ་སོགས་ཉོ་ཐུབ་པ་བྱུང་ཡོད།

སི་ཁྲོན་ཀརྨ་བི་ཤ་རིག་གནས་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་དཀོན་མཆོག་བཀྲ་ཤིས་ནི་གྲོང་སྡེ་དེ་ནས་ཕྱི་རུ་འགྲོ་སྔ་ཤོས་ཀྱི་ཚོང་དཔོན་ཞིག་ཡིན། ཁོ་རང་ལོ་ལྟར་ཕྱིར་ཕ་ཡུལ་དུ་ཡོང་ནས་རང་གིས་འགྲོ་སོང་བཏང་ནས་ལོ་ལྟར་རྟ་རྒྱུག་དུས་ཆེན་སྤེལ་བཞིན་ཡོད།

ད་ལོར་གྲོང་དམངས་ཨུ་ལྷན་བསྐྱར་འདེམས་བྱེད་སྐབས་ཁོ་རང་གྲོང་པ་དེའི་སྡེ་དཔོན་དུ་བསྐོ་བཞག་བྱས། ཁོས་དུས་རྒྱུན་གྲོང་དམངས་རྣམས་ལ་ཚོང་ལས་བྱ་ཐབས་དང་། འཁོར་ཡུག་གཙང་སྦྲ་བྱ་སྟངས། ཕྱི་རུ་འགྲོ་སྐབས་ཀུན་སྤྱོད་བཟང་པོ་བྱ་བ་དང་སྒྲིག་ཁྲིམས་སྲུང་དགོས་ཚུལ་སོགས་ཀྱི་བསླབ་བྱ་བྱེད་བཞིན་ཡོད། དུ་དུང་གྲོང་སྡེའི་སློབ་མ་ཚོས་རྒྱུགས་ཡག་པོ་འཕྲོད་ན་བྱ་དགའ་སྟེར་བ་དང་། དབུལ་པོ་རྣམས་ལ་རོགས་སྐྱོར་ཅི་ནུས་བྱས་བཞིན་ཡོད།

ད་ལོའི་རྟ་རྒྱུག་དུས་ཆེན་ནང་ཆེད་དུ་ཡུལ་ཤུལ་ནས་རྟ་རྩལ་འགྲན་མཁན་གཉིས་གདན་དྲངས་ནས་གྲོང་དམངས་ཚོར་རྟ་རྩལ་ངོམས་པ་དང་། གྲོང་དམངས་ཚོས་དམངས་ཁྲོད་ཀྱི་རིག་རྩལ་འཁྲབ་སྟོན་བྱས་པས་ཉེ་འགྲམ་གྱི་གྲོང་སྡེ་གཞན་དག་དང་། རྒྱ་ཕྱི་ནང་གི་ཡུལ་སྐོར་བ་མི་ཁྲི་ལ་ཉེ་བ་རྟ་རྒྱུག་དུས་ཆེན་ནང་ཞུགས་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070