སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་གི་འཕོ་འགྱུར།
སྤེལ་དུས། 2016-08-04   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ།  

  ས་སྐྱའི་འཇིམ་འབག
  ས་སྐྱའི་བྲིས་ཐང་དང་། འཐག་དྲུབ་མ། ཚེམ་དྲུབ་མ། ཆོས་རྒྱལ་འཕགས་པའི་བོད་སྤོས། ཆོས་རྒྱལ་འཕགས་པའི་ཁ་བཏགས། ས་སྐྱའི་འབག དངུལ་ཆས། བོད་གྲི་སོགས་ས་སྐྱར་ས་སྐྱའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཟོག་སྣ་ཁ་8ཙམ་ ཡོད། ད་བར་ས་སྐྱ་རྫོང་གིས་ཞིང་འབྲོག་པ་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་གསར་སྤེལ་ནང་ ཞུགས་རྒྱུར་སྐུལ་ལྕག་བྱས་པར་བརྟེན་ས་གནས་དེ་གའི་མི་200ལྷག་ཙམ་ལས་ཞུགས་ཐུབ་ ཡོད་ལ། 2015ལོ་བར་ལས་ཞུགས་ཡོང་འབབ་སྒོར་ཁྲི་700ལྷག་ཙམ་བྱུང་ཡོད།ས་སྐྱའི་འཇིམ་འབག་ལ་ལོ་ངོ900ལྷག་ཙམ་གྱི་ལོ་རྒྱུས་ཡོད་ལ། ས་སྐྱ་རྫོང་གི་ཞིང་འབྲོག་པས་ས་གནས་དེ་གའི་ཐོན་ཁུངས་སྤྱད་དེ་བཟོས་པ་ཞིག་ཡིན། ས་སྐྱའི་འཇིམ་འབག་ལ་ཆེ་ཆུང་སྣ་ཚོགས་ཡོད་ལ། སྣ་ཁ་ཡང་མང་ཞིང་། འབག་བཟོ་བའི་ཐད་དང་ཐོག་འདམ་འབག་གིས་འབག་གི་བཟོ་ལྟ་བཟོས་རྗེས་ཕྱི་ངོས་སུ་རིམ་པ་ལྟར་རྩིང་ཤོག་དང་རས་ཀྱིས་བཏུམ་ནས་བཟོ་ལྟ་ཆགས་རྗེས་ཚོན་གཏོང་བ་དང་རྒྱན་ཆའི་ཆ་རྣམས་ལོགས་སུ་བཟོས་ནས་འབག་གི་ཐོག་བསྒར་གྱི་ཡོད། འབག་བཟོ་བའི་རྒྱུ་ཆ་མང་ཆེ་བ་ནི་རི་སྟེང་ནས་བཏུས་པ་ཤ་སྟག་ཡིན་པ་དང་། ལྷག་པར་དུ་ཚོན་རྒྱུ་ནི་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་པས་ཚོན་མདོག་ཉམས་ཀྱི་མེད། ས་སྐྱའི་འཇིམ་འབག་བཟོ་བའི་ཐད་ཐབས་གསུམ་ཡོད་པ་སྟེ། དང་ཐོག་ས་ཆ་དེ་གའི་རི་སྟེང་ནས་འབག་བཟོ་བྱེད་ཀྱི་ས་ལེན་དགོས་པ་དང་། འདམ་བག་བརྫིས་རྗེས་ལག་པས་འབག་གི་དབྱིབས་བཟོ་བ་དང་། དེ་རྗེས་འཇིམ་བརྙན་སྟེང་ཤོག་བུ་སྦྱར་ཏེ་ཉི་མར་སྐམ་རྗེས་འབག་ཚུར་འདོན་གྱི་ཡོད། མཐར་ཞལ་ཐང་བཞེངས་པ་དང་འདྲ་བར་འབག་ལ་མཛེས་རྒྱན་སྤྲོས་ཀྱི་ཡོད། ས་སྐྱའི་སྲོལ་རྒྱུན་འཇིམ་འབག་གི་རྒྱུན་འཛིན་པ་བཀྲ་ཤིས་ཀྱི་བརྩམས་ཆོས་2009ལོར་བོད་རང་སྐྱོང་ལྗོངས་ཀྱིས་གཉེར་བའི“བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་ཡུལ་སྐོར་དྲན་རྟེན་དངོས་རྫས་འགྲན་བསྡུར་ཆེ་མོའི”ནང་ཚུད་པ་དང་། 2011ལོར་གཞིས་རྩེ་གྲོང་ཁྱེར་ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་ཁྲོམ་རའི་མདུན་ལམ་ཡག་ཤོས་ཡོད་པའི་ཡུལ་སྐོར་དྲན་རྟེན་དངོས་པོའི་མཚན་སྙན་ཐོབ་པ། 2012ལོར་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་གཉེར་བའི“བཅུ་གཉིས”འགྲན་བསྡུར་ནང་རྣམ་གྲངས་རྐྱང་པའི་བྱ་དགའ་ཐོབ་ཡོད། ད་ཆ་ས་སྐྱའི་འཇིམ་འབག་གི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ལ། འབག་གི་བཟོ་ལྟ་དང་། ཆེ་ཆུང་། རྒྱུ་ཆ་སོགས་ཚང་མ་ལེགས་སུ་ཕྱིན་ཡོད། མི་ཚེ་རིང་གི་འབག་ལ་ཆ་མཚོན་ན་སྲོལ་རྒྱུན་བཟོ་རྩལ་ཐད་ཚོན་བཏང་ན་འགྲིག་པ་དང་། སྔར་ཡོད་ཚོན་མདོག་གི་རྨང་གཞིའི་ཐོག་སྨ་ར་གཡག་གི་རྩིད་པས་བཟོ་བ་དང་། སོ་ཡང་ར་ལུག་གི་རུས་པས་བཟོ་གི་ཡོད་པས། བལྟས་པ་ཙམ་གྱིས་གསོན་ཉམས་ལྡན་པ་ཞིག་ཡོད།
    ས་སྐྱའི་ཐང་ག
   ས་སྐྱའི་ཐང་ག་ནི་བོད་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པའི་རི་མོའི་རྣམ་པ་ཞིག་ཡིན་པ་དེར་ལོ་བརྒྱ་གྲངས་ཀྱི་ལོ་རྒྱུས་དང་བོད་རིགས་ཀྱི་སྒྱུ་རྩལ་གྱི་ཐུན་མིན་ཉམས་འགྱུར་ལྡན་པ་དེ་ནི་གངས་ལྗོངས་ས་མཐོའི་རིག་གནས་ཀྱི་ནོར་བུ་ཞིག་ཡིན།
   ས་སྐྱའི་ཐང་ག་བཞེངས་ཐབས་མང་ཞིང་། ད་བར་རྒྱུན་དུ་མཐོང་མང་བ་ནི་རས་བྲིས་ཡིན་པ་དང་། ཆེ་ཆུང་སྣ་ཚོགས་ཡོད་པའི་ནང་ཆེ་བར་རིང་ཚད་སྨི་བཅུ་ཙམ་ཡོད་པ་དང་ཆུང་བར་སྦར་མཐིལ་ཙམ་ལས་མེད། ཐང་གའི་ཐོག་གི་སྐུ་བརྙན་ཡང་མང་བར་སུམ་བརྒྱ་ལྷག་ཙམ་དང་ཉུང་བར་གཅིག་ལས་མེད། ནང་དོན་ཐད་ཆོས་ལུགས་ཀྱི་སྐོར་ཡོད་པ་ཕུད། ད་དུང་ལོ་རྒྱུས་ཀྱི་མི་སྣ་དང་། གནམ་རིག་སྐར་རྩིས། བོད་སྨན་གྱི་སྐོར་སོགས་ཡོད།
  དེར་བརྟེན་ས་སྐྱའི་ལོ་རྒྱུས་ཤེས་དགོས་ན། གྲགས་ཅན་གནའ་ཤུལ་ལ་ལྟ་བ་ཕུད་ད་དུང་ས་སྐྱའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་ལྟ་དགོས་ཤིང་། ས་སྐྱ་རྫོང་དུ་ཐང་ག་བཞེངས་མཁན་མང་པོ་ཡོད་པའི་ནང་བར་ཚོ་གྲོང་ཚོའི་དབང་རྒྱལ་དང་། ས་གླིང་གྲོང་ཚོའི་དབང་ལགས། ཤར་པ་གྲོང་ཚོའི་རྒྱགས་པ་སོགས་གྲགས་ཅན་དགེ་རྒན་གསུམ་ཡོད་པ་དང་། ཁོང་རྣམ་པས་སྨན་ཐང་ལུགས་གསར་པ་རྒྱུན་འཛིན་བྱས་ཡོད། ལུགས་དེའི་ཐང་ག་དེ་དག་མཐོང་བ་ཙམ་གྱིས་རྩེར་སོན་གྱི་འབྲི་རྩལ་ལ་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད། ཐང་ག་དེའི་ཁྲོད་གསེར་ཐང་དང་། ནག་ཐང་། མཚལ་ཐང་བཅས་ཡོད་པ་དེ་དག་ཁྱད་དུ་འཕགས་པ་ཞིག་ཡོད་ལ། དེ་དག་སྐྱ་རིས་ཀྱི་འབྲི་རྩལ་དང་འདྲ་བ་དང་གཞི་མདོག་ཕལ་ཆེ་བ་ཚོན་སྣ་གཅིག་ཡིན་ལ་ལྟ་རིན་ཆོག་པ་ཞིག་དང་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད།
  ཆོས་རྒྱལ་འཕགས་པའི་རིག་གནས་དུས་ཆེན་།
  གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་ཟླ་8ཚེས་8ཉིན་ནས་ཚེས་10ཉིན་བར་སྐབས་བཞི་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་རིག་གནས་ཡུལ་སྐོར་དུས་ཆེན་བཏང་ནས་ཐུན་མོང་མ་ཡིན་པའི་ས་སྐྱའི་ལོ་རྒྱུས་དང་རིག་གནས་ཀྱི་གནས་བབ་གང་ལེགས་མཚོན་པར་བྱས་པ་རེད།

  ལོ་རྒྱུས་ཐོག་ས་སྐྱ་འཁོན་གྱི་གདུང་རྒྱུད་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་རྒྱུར་མཛད་རྗེས་ཆེན་པོ་བཞག་པ་མ་ཟད། ཆོས་དཔེ་དང་། དཀར་ཡོལ་རྙིང་པ། ཐང་ག་སོགས་རིག་དངོས་རི་བོའི་གཏོས་དང་མཉམ་པ་ཉར་ཚགས་བྱས་ཡོད་པས་ཏུན་ཧོང་གཉིས་པ་ཞེས་པའི་མཚན་སྙན་གང་སར་ཁྱབ་ཡོད།
འགྲོ་མགོན་ཆོས་རྒྱལ་འཕགས་པའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་ལྷ་མོ་དང་། རིག་རྩལ་འགྲན་བསྡུར། གཉའ་རྩལ་འགྲན་པ་སོགས་ཀྱི་ལུས་རྩལ་འགྲན་བསྡུར། དེ་བཞིན་དངོས་ཟོག་བརྗེ་རེས་སོགས་ཀྱི་བྱེད་སྒོ་འཁྲུག་པོ་ཞིག་སྤེལ་ནས་ལྗོངས་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་དུ་གནའ་གྲོང་གི་དབང་གྲགས་དང་མཚན་སྙན་ཆེ་རུ་བཏང་བ་རེད།
  ས་སྐྱའི་དངུལ་ཆས་།
  ས་སྐྱའི་མི་རིགས་ལག་ཤེས་བཟོ་རྩལ་ལས་རིགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་བཟོ་རྩལ་ཁྱད་དུ་འཕགས་པའི་ཁར་བཟོ་དབྱིབས་མིག་ལ་མཛེས་པོ་ཡོད་པས་བོད་མི་རིགས་ཀྱི་ཁྱད་ཆོས་དང་ས་སྐྱའི་ཁུལ་གྱི་བཟོ་རྩལ་གྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། དངུལ་ཆས་ལག་ཤེས་བཟོ་རྩལ་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཡོད།
  ས་སྐྱའི་དངུལ་ཆས་ཕལ་ཆེ་བ་འཚོ་བའི་སྤྱོད་ཆས་ཡིན་ཏེ་དཔེར་ན། ཆང་ཕོར་དང་། དམ་བི། དངུལ་གྱི་ཐུར་མ། དངུལ་ཕོར་སོགས་ཡིན། དེ་དག་ཚང་མ་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་བཟོས་སྟབས་གནའ་ཉམས་དོད་ལ་ཡིད་དུ་འོང་བ་ཞིག་ཡོད། ལྷ་ས་དང་གཞིས་རྩེ་སོགས་ས་ཁུལ་གྱི་ཁྱིམ་སྤྱོད་སྤུས་ལེགས་དངུལ་ཆས་མང་ཆེ་བ་ནི་ས་སྐྱ་ནས་ཐོན་པ་དང་། མི་རྣམས་ཀྱིས་ཁྲོམ་རའི་ཐོག་ས་སྐྱའི་དངུལ་ཆས་འཚོང་མཁན་མཐོང་མ་ཐག་འཚང་ཁ་བརྒྱབ་ནས་ཉོ་ཡི་ཡོད།
  ས་སྐྱའི་ཁ་བཏགས་།
  ཁ་བཏགས་ཀྱི་རིག་གནས་དེ་ས་སྐྱ་ནས་དར་བ་དང་དེས་དཀར་གཙང་དང་། ལྷག་བསམ། བཀྲ་ཤིས་པ། མི་འགྱུར་རྟག་བརྟན་བཅས་ཀྱི་རྣམ་པ་མཚོན་གྱི་ཡོད། སྤྱི་ལོ་1268ལོ་འགོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་དུ་ཕྱིར་ལོག་གནང་རྗེས་སེར་སྐྱ་དཔོན་རིགས་ཚོས་མཇལ་ཁ་ཞུ་བར་བཅར་ནས་ཁ་བཏགས་ཕུལ་བ་དེ་ནས་བཟུང“འགྲོ་མགོན་ཆོས་རྒྱལ་འཕགས་པའི”གསེར་སྐུད་ཀྱི་ཁ་བཏགས་ཡོངས་སུ་དར་བ་རེད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསེར་སྐུད་ཀྱི་ཁ་བཏགས་དེ་ས་སྐྱ་རྫོང་གཙང་མི་ཧྭ་ཚད་ཡོད་ཀུང་སིས་ས་སྐྱའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་རིག་གནས་དང་ཀྲེ་ཅང་ཧུའུ་ཀྲོའུ་རྩེར་སོན་ལག་ཤེས་བཟོ་རྩལ་སྤྱད་དེ་ཞིབ་སྤེལ་བྱས་ནས་བཟོས་པའི་རྒྱལ་ནང་གི་ཁ་བཏགས་སྤུས་རྟགས་ཤིག་ཡིན་ཞིང་། དེ་2009ལོའི་ཟླ་5པར་དངོས་སུ་ཁྲོམ་རར་བཏོན་ཡོད། ཁ་བཏགས་དེའི་བཟོ་རྩལ་རྩེར་སོན་ཡིན་པའི་ཐོག་ས་སྐྱའི་ལོ་རྒྱུས་ཀྱི་རིག་གནས་རྣམ་པ་ཟབ་མོ་ལྡན་པར་བརྟེན་རིམ་ཁག་འགོ་ཁྲིད་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
  ཆོས་རྒྱལ་འཕགས་པའི་ཞལ་ཐང་།
  འགྲོ་མགོན་ཆོས་རྒྱལ་འཕགས་པའི་མཚན་གཞན་ལ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ཞེས་ཞུ་བ་དང་ས་སྐྱ་གོང་མ་རྣམ་ལྔའི་གྲས་ཤིག་ཡིན་པ་དང་། སྤྱི་ལོ་1245ལོར་ས་སྐྱ་པཎ་ཆེན་དང་མཉམ་དུ་ལེང་ཀྲོའུ་རུ་ཕེབས་ནས་སོག་པོའི་རྒྱལ་པོ་གོ་དན་དང་མཉམ་དུ་བོད་འདི་ཉིད་སོག་པོའི་མངའ་ཞབས་སུ་ཞུགས་རྒྱུའི་གྲོས་མོལ་གནང་བ་རེད། སྤྱི་ལོ་1260ལོར་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ་སེ་ཆེན་རྒྱལ་པོས་འགྲོ་མགོན་འཕགས་པ་དབུ་བླར་བསྟེན་ནས་གཡང་ཊིའི་ཐང་ག་བསྩལ་བ་དང་། 1268ལོར་འགྲོ་མགོན་འཕགས་པས་སོག་ཡིག་གསར་རྩོམ་གནང་བ་དང་1280ལོར་སླར་ཡང་གོང་མའི་དབུ་བླའི་ཆོ་ལོ་གནང་བ་རེད། འགྲོ་མགོན་འཕགས་པས་སྐུ་ཚེ་གང་པོའི་རིང་ཡོན་རྒྱལ་རབས་ཀྱི་སེ་ཆེན་རྒྱལ་པོར་གཞོགས་འདེགས་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་གཞོལ་ནས་ཆོས་སྲིད་ཟུང་འབྲེལ་གྱི་ས་སྐྱའི་ས་གནས་སྲིད་དབང་བཙུགས་པ་དང་འབྲེལ་བོད་བརྒྱུད་ནང་བསྟན་མེས་རྒྱལ་ནང་སར་ཐེངས་དང་པོ་བརྒྱུད་སྤེལ་བྱས་ཏེ་བོད་བརྒྱུད་ནང་བསྟན་དར་རྒྱས་དང་བོད་ས་གནས་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དུས་བབ་བརྟན་ལྷིང་དང་། བོད་ས་གནས་དང་མེས་རྒྱལ་ནང་སའི་དབར་རིག་གནས་སྤེལ་རེས་ཐད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད་ལ་ཁོང་རང་ཉིད་ཀྱང་དེའི་དབང་གིས་ཡོན་རྒྱལ་རབས་གོང་མ་ཚང་གི་བརྩི་འཇོག་ཆེན་པོ་ཐོབ་ནས་ཆབ་སྲིད་དང་ཆོས་ལུགས་ཀྱི་གོ་གནས་མཐོ་པོ་ཐོབ་ཡོད་པ་རེད།

  ཐང་ག་དེའི་དཀྱིལ་དབུས་ནི་འགྲོ་མགོན་འཕགས་པའི་སྐུ་བརྙན་ཡིན་པ་དང་། ཁོང་དབུ་སྐྲ་ནག་ལ་དབུ་རིལ་་ཡིན་པ་དང་། མིག་སྤུ་ཕྲ་ལ་སྤྱན་ཆེ་བ། ཞལ་མཆུ་དམར་མདངས་རྒྱས་པ། རྣམ་པ་བརྗིད་ཉམས་ལྡན་པ་ཞིག་ཡོད། ཐང་ག་དེའི་ཐོག་་འགྲོ་མགོན་འཕགས་པས་ཆོས་གོས་རྣམ་གསུམ་བཞེས་པ་དང་། ཕྱག་གཡས་པས་ཆོས་འཁོར་ཕྱག་རྒྱ་མཛད་ཅིང་ཕྱག་གཡོན་པས་མཉམ་བཞག་ཕྱག་རྒྱ་མཛད་ནས་པདྨའི་ཁྲིར་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཡོད། ཐང་ག་དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་བཞེངས་སྟངས་ཐད་དོ་སྣང་ཆེན་པོ་བྱས་ཡོད་པས་ཆབ་སྲིད་ཀྱི་མཚོན་རྟགས་ཅུང་མཐོ་པོ་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད་སྟབས་བལ་བྲིས་ཀྱི་་ཐང་ག་རྩ་ཆེན་ཞིག་རེད།
  ཆོས་རྒྱལ་འཕགས་པའི་སྤོས།
 “ས་སྐྱའི་འཁོན་རྒྱུད་ཀྱི་་སྤོས”ལ“ཆོས་རྒྱལ་ འཕགས་པའི་སྤོས”ཞེས་གྲགས་པ་དང་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ས་སྐྱའི་འཁོན་ གྱི་གདུང་རྒྱུད་མི་རབས་ལྔ་པའི་སློབ་དཔོན་དང་ཡོན་གོང་མའི་དབུ་བླ་འགྲོ་མགོན་ ཆོས་རྒྱལ་འཕགས་པས། བཏོད་གནང་བ་དང་གསང་བའི་སྨན་སྦྱོར་སྤྱད་ནས་བཟོས་པ་དང་དེ་རྗེས་ས་སྐྱའི་བདག་ ཆེན་གདུང་རྒྱུད་ཀྱིས་ད་བར་རྒྱུན་འཛིན་བྱས་ཡོད།
  “འགྲོ་མགོན་ཆོས་རྒྱལ་ འཕགས་པའི་སྤོས”ཀྱི་སྤོས་རྒྱུ་ས་སྐྱའི་བཀྲ་ཤིས་པའི་ཡུལ་ལུང་ནས་འཚོལ་བསྡུ་ བྱས་པ་རེད། “འགྲོ་མགོན་འཕགས་པའི་སྤོས”ཀྱི་གྲུབ་ཆ་གཙོ་བོ་ནི་ཕུར་མོང་དང་། ཁ་ཆེ་ཤ་སྐམ། ཨ་གར་སྔོན་པོ་དང་། དཀར་པོ། ཟིང་སྐྱ་བཅས་ཀྱི་རང་བྱུང་རྩ་ཆེའི་བོད་སྨན་སྨན་རྩྭ་སྣེ་ཁ་སུམ་ཅུ་ལྷག་ཙམ་ལས་ གྲུབ་པ་དང་། བཟོ་བའི་བརྒྱུད་རིམ་ནང་ས་སྐྱ་བདག་ཆེན་རིམ་བྱོན་གྱི་དྲི་ཞིམ་ཆུ་བོ་དང་བདུད་ རྩི་སོགས་དམིགས་བསལ་གྱི་དྲི་ཞིམ་རྒྱུ་ཆ་བསྣན་ཡོད་པ་དང་། ས་སྐྱའི་གནས་ཆུ་སྤྱད་ནས་སྦྱོར་རྟ་ཞིབ་ཚགས་བྱས་ཡོད། དེར་སྨན་དང་། རྒྱུ་ཆ། སྨན་སྒྲུབ་བཅས་ནུས་པ་ངོ་མཚར་ཅན་གསུམ་ལྡན་པ་དང་། མཁའ་རླུང་གཙང་བཟོ་དང་། རིག་པ་དྭངས་གསལ། གཟུགས་གཞི་བདེ་ཐང་ལ་ཕན་པ་བཅས་ཀྱི་ནུས་པ་ཡོད་པས་ནད་རིམས་སྔོན་འགོག་དང་ཆམ་པ་ སྔོན་འགོག་སོགས་ཀྱི་ཕན་ནུས་ལྡན་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716