སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཚོ་ལྷོ་ཁུལ་གྱི་ལོ་ལོན་རྒན་པོའི་དམངས་ཁྲོད་གླུ་ལེན་འབྲེལ་འདྲིས་ཆེད་ཚོགས།
སྤེལ་དུས། 2013-03-23   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།  

dsc09010_001.jpg

གླུ་ལེན་རྒན་པོ་རྣམས་ཀྱི་ཟུར་ཞིག
DSC08996_001.jpg

གླུ་ལེན་བཞིན་པ།
ལོ་ལོན་རྒན་པ་རྣམས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་དང་ཁོ་ཚོའི་རྒྱུད་ན་གླུ་དང་གླུ་ཤགས་སོགས་དམངས་ཁྲོད་རིག་གནས་ཀྱི་རྐང་ཆེས་ཆེར་འཇགས་ཡོད་པ་དེ་མ་ཉམས་དར་སྤེལ་བྱེད་ཆེད། ཟླ༣པའི་ཚེས༢༠ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་དམངས་ཁྲོད་རིག་གནས་མྱུར་སྐྱོབ་བྱེད་པའི་ཀུན་སློང་དང་བསྡོངས་ནས་ཆེད་དུ་ལོ་ལོན་རྒན་པོའི་དམངས་ཁྲོད་གླུ་ལེན་འབྲེལ་འདྲིས་ཆེད་ཚོགས་ཀྱི་བྱ་འགུལ་སྤེལ།
dsc09014_001.jpg

གླུ་ལེན་རྒན་མོ་རྣམས་ཀྱི་ཟུར་ཞིག
DSC08998_001.jpg

གླུ་ལེན་བཞིན་པ།

ཐོག་མར་གླུ་འགོ་བླངས་པ་དང་བསྟུན་ནས་ཁ་མཚར་རྩེད་མཚར་བཤད་ཞོར་དུ་རྒན་པོ་རྣམས་ཀྱིས་རེས་མོས་ཀྱིས་དམངས་གླུ་གང་མང་ཕུལ་རྗེས། གླུ་ཤགས་ཀྱི་རྩེད་རར་འཇུག་ནས་མང་ཚོགས་རྣམས་བག་བྲོ་བར་བྱས།
DSC08999.jpg

གླུ་ལེན་བཞིན་པ།
བོད་ཀྱི་དམངས་ཁྲོད་དུ་མགུར་གླུ་དང༌། གླུ་ཤགས། ཇ་ཆང་གི་གླུ། ལ་གཞས་སོགས་རྣམ་པ་སྣ་ཚོགས་ཡོད་ཅིང༌། གླུ་ནི་དམངས་ཁྲོད་ཀྱི་འཚོ་བ་མཚོན་པའི་སྒྱུ་རྩལ་རྨད་དུ་བྱུང་བ་ཞིག་དང་དུས་རབས་ཀྱི་འཕོ་འགྱུར་རྟོགས་ཐུབ་པའི་ཐབས་དམ་པ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་འཚོ་བ་དེ་དག་ལ་གང་ཟག་གསུམ་པ་ཞིག་གིས་དངོས་མྱོང་ལྟ་བུའི་ཚོར་བ་དང་སྦྱར་ན་དམངས་ཁྲོད་ཀྱི་གླུ་དེ་དག་གི་བྲོ་བ་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འདྲེས་པའི་ཚོར་སྣང་ཞིག་གཞི་ནས་འབྱུང་ཐུབ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070