སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་ཀྱི་དམངས་ཁྲོད་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་སྒོ་ཕྱེ་བ།
སྤེལ་དུས། 2015-07-07   ཡོང་ཁུངས། བོད་ལྗོངས་གསར་དྲ།   རྩོམ་པ་པོ།  ཚེ་རྡོར།

ཟླ་7ཚེས་3ཉིན་རང་ལྗོངས་ཀྱི་དམངས་ཁྲོད་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་ཡིན་པའི་ཆོས་འབྱོར་གནའ་བོའི་གོ་མཚོན་རྟེན་རྫས་བཤམས་མཛོད་ཁང་དེ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་སློང་མདའ་གྲོང་ཚོར་དངོས་སུ་འགྲེམས་འགོ་ཚུགས་ཤིང་། འདི་ནི་སློང་མདའ་གྲོང་ཚོའི་གྲོང་མིས་གསོག་ཉར་དངོས་རྫས་ལ་བལྟ་བའི་གནས་ཚུལ་ཡིན་པ།

ཟླ་7ཚེས་3ཉིན་གྱི་སྔ་དྲོ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་སློང་མདའ་གྲོང་ཚོར་རང་ལྗོངས་ཀྱི་དམངས་ཁྲོད་རྟེན་རྫས་བཤམས་མཛོད་ཁང་དང་པོ་སྟེ་ཆོས་འབྱོར་གནའ་རབས་གོ་མཚོན་རྟེན་རྫས་བཤམས་མཛོད་ཁང་གཟབ་རྒྱས་ངང་སྒོ་ཕྱེ་ཞིང་། རྟེན་རྫས་བཤམས་མཛོད་ཁང་གི་ལས་གཉེར་དུས་ཚོད་དབྱར་དུས་ཉིན་ལྟར་ཆུ་ཚོད་930—1930བར་དང་། དགུན་དུས་ཉིན་ལྟར་ཆུ་ཚོད་1000—1800བར་ཡིན་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། རྟེན་རྫས་བཤམས་མཛོད་ཁང་དེ་རྫ་ཆས་དང་། ཟངས་ཆས། མི་རིགས་ཀྱི་གྱོན་ཆས། འཚོ་བའི་སྤྱོད་ཆས། ཆོས་ལུགས་རིག་གནས། གསར་བརྗེའི་རིག་དངོས། གོ་མཚོན་སོགས་འགྲེམས་ཁུལ་བདུན་དུ་ཕྱེ་ཡོད་པ་དང་ཉར་ཚགས་དངོས་པོ་1613ཡོད་པ་རེད། གྲལ་སྟར་འགྲིག་པའི་ཉར་ཚགས་དངོས་པོའི་ནང་བོད་ཀྱི་རྫ་ཆས་སྣ་ཁ་27དང་། ས་གནས་དང་གྲོང་ཁྱེར་བདུན་གྱི་གྱོན་ཆས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཆོས་འབྱོར་གནའ་རབས་གོ་མཚོན་རྟེན་རྫས་བཤམས་མཛོད་ཁང་ནི་མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་2012ལོ་ནས་བཟུང་སྐྲུན་འགོ་ཚུགས་པ་དང་། 2013ལོར་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་54གྲས་སུ་བཞག་ཅིང་། རང་ལྗོངས་ཀྱིས་རྟེན་རྫས་བཤམས་མཛོད་ཁང་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྟེགས་བུར་བྱ་རྒྱུ་དང་འབྲེལ་སྐྱོན་བྲལ་གྱི་བསམ་བློའི་ནང་དོན་དང་ངོ་མཚར་གྱི་འགྲེམས་རྫས་དང་སྤུས་ལེགས་ཞབས་ཞུའི་ཐོག་ནས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུས་ཏེ་མལ་གྲོ་གུང་དཀར་རྫོང་གི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་རིག་གནས་སོགས་ཐད་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070