སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མངའ་རིས་གུ་གེ་ཤོན་ཞབས་བྲོ།
སྤེལ་དུས། 2014-05-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཁོན་ཐར་འཚོ།
           
 


ལྡེབས་རིས་སུ་བཀོད་པའི་གནའ་བོའི་ཤོན་ཞབས་བྲོ།

          བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་པ་ལྟར་ན། འཛམ་གླིང་ཡང་རྩེའི་སྟེང་གི་ཡང་རྩེ་ཞེས་གྲགས་པའི་མངའ་རིས་སུ་དར་ཆེ་བའི་གུ་གེའི་ཤོན་ཞབས་བྲོ་དེ་ནི་གནའ་བོའི་ཞང་ཞུང་དུས་སྐབས་སུ་བོན་གྱི་སྟོན་པ་གཤིན་རབ་ཕེབས་སྐྱེལ་ཞུ་རིམ་བཞིན་དུ་ཤོན་ཞབས་བྲོ་འཁྲབ་སྟོན་བྱེད་པ་ཞིག་ཡིན།  འཁྲབ་སྟོན་པ་ཉུང་དུས་མི་༡༠དང་མང་དུས་མི༡༠༠ཙམ་ཟིན་གྱི་ཡོད། འཁྲབ་འཁྲིད་པས་གཡག་གི་རྔ་མ་དཀར་པོ་ཞིག་འཕྱར་ཞིང་། འཁྲབ་སྟོན་པ་ཚོས་གཞས་གཏོང་གིན་ཞབས་བྲོ་འཁྲབ་ནས་རྔ་ཆེན་དང་། རྔ་ཆུང་། རྒྱ་གླིང་། དུང་སོགས་རོལ་ཆས་དཀྲོལ་སྲོལ་ཡོད་པ་རེད། ཤོན་ཞབས་བྲོ་དེ་གུ་གེའི་རྒྱལ་རབས་སྐབས་སུ་འཕེལ་རྒྱས་བྱུང་བ་དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐར་ནང་བཀོད་པར་གཞིགས་ན་༡༠༤༢ལོར་མངའ་རིས་མཐོ་ལྡིང་དགོན་དུ་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ཕེས་སྐབས་སུ་རྟེན་འབྲེལ་མཛད་སྒོའི་ཐོག་ཤོན་ཞབས་བྲོ་འཁྲབ་སྟོན་བྱས་ཚུལ་འཁོད་ཡོད་ལ། ལོ་རྒྱུས་དེ་ཁྲེན་ཅན་ཤིན་གྱིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལྷ་ཁང་དམར་པོའི་ཚོམས་ཆེན་གྱི་ལྡེབས་རིས་ཐོག་གསལ་ལེར་བཀོད་ཡོད། དེ་ལས་གུ་གེ་རྒྱལ་པོས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་ཕེབས་བསུ་ཞུ་བའི་མཛད་སྒོ་གྲ་རྒྱས་ཤིག་བཤམས་པའི་ཚུལ་དེ་ཡང་གཏམ་རྒྱུད་ཀྱི་ལམ་ནས་ལྡེབས་རིས་སུ་བྲིས་ཡོད་པ་མ་ཟད། ཚོན་མདོག་བཀྲ་བའི་ཤོན་ཞབས་བྲོའི་འཁྲབ་ཆས་གྱོན་པའི་བུད་མེད་བཅུས་ཤོན་ཞབས་བྲོ་འཁྲབ་བཞིན་པ་ཡང་ཇི་བཞིན་དུ་བཀོད་ཡོད་པ་རེད།
           ༢༠༠༨ལོར་གུ་གེའི་ཤོན་ཞབས་བྲོ་དེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག་པ་རེད། དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཐུན་མིན་གྱི་ཁྱད་ཆོས་ལྡན་པ། ངོ་མཚར་བའི་འཁྲབ་ཆས་ཡོད་པ། སྙན་འཇེབས་ལྡན་པའི་གླུ་གཞས་དང་། གསོན་ཉམས་ལྡན་ལ་སྤྲོ་སྣང་དོད་པའི་གར་སྟབས་བཅས་ངོམས་རྒྱུ་ཡོད་པ་ཞིག་རེད། ད་ལྟ་ཤོན་ཞབས་བྲོ་དེ་མངའ་རིས་རྩ་མདའ་རྫོང་ནས་མྱོང་རོལ་བྱེད་ཐུབ།  


ད་ལྟའི་གར་སྟེགས་སུ་འཁྲབ་པའི་ཤོན་ཞབས་བྲོ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070