སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལུས་ཕུང་བདེ་ཐང་སྦྱོང་བརྡར།
སྤེལ་དུས། 2014-07-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཤ་བོས་བསྒྱུར།

ལུས་རྩལ་བ་རྣམས་རི་འཛེགས་ཚོགས་ཆེན་དུ་ཞུགས་རྗེས་རི་ལ་འགོ་བཞིན་པ། 

དབྱར་གྱི་དཔལ་མོ་དལ་བུར་སླེབས་པ་དང༌།  བོད་ལྗོངས་སུ་ལོ་གཅིག་གི་ཁྲོད་ཕྱི་རོལ་དུ་བྱ་འགུལ་སྤེལ་བའི་དུས་ཚིགས་གལ་ཆེན་ཞིག་དངོས་སུ་སླེབས་བྱུང༌།  ཆེད་གཉེར་མི་གཅིག་པ་དང་དམངས་ཁྲོད་ཀྱི་མི་སྣ་མང་བོ་རྒྱལ་སྤྱིར་རྒྱུགས་ཆེ་བ། མི་རིགས་ཀྱི་ཁྱད་ཆོས་མངའ་བའི་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་དེ་ལུས་རྩལ་ཁང་ནས་ལུས་རྩལ་ར་བ། སྤྱི་གླིང༌། ཐ་ན་ཐང་སྟོང་ནས་རིམ་བཞིན་མཐོ་སྒང་གི་བུ་དང་བུ་མོ་རྣམས་ཀྱིས་དགའ་བསུ་དང་སྤྲོ་སྣང་ཕེབས་པའི་ལུས་རྩལ་བྱ་འགུལ་ཞིག་ཏུ་གྱུར། 

རི་འཛེགས་འགུལ་སྐྱོད་ལ་ཁྱད་ཆོས་ལྡན་པ།

བོད་ལྗོངས་སུ་སྤེལ་བའི་ལུས་རྩལ་རྣམ་གྲངས་ཀྱི་ཁྲོད། མིག་སྔར་ཁྱད་ཆོས་འཛོམས་ཤིང་འཕེལ་རྒྱས་ཡོད་པ། འཛམ་གླིང་གི་ཆེས་གདེང་འཇོག་བྱ་བཞིན་པ་ནི་རི་མགོར་འཛེགས་པའི་བྱ་འགུལ་འདི་རེད། ལོ་རེའི་ཟླ༥ཚེས༡༠ལ། འཛམ་གླིང་གི་རི་འཛེགས་བྱ་འགུལ་ལ་སྤྲོ་སྣང་ལྡན་པ་དག་གིས་མིག་འོད་རྣོན་པོ་དལ་བུར་བོད་ལྗོངས་ལ་གཏད་པ་དང༌། རི་འཛེགས་བྱ་འགུལ་དུ་ཞུགས་པ་རྣམས་ཀྱིས རི་མཐོན་པོ་གང་དུ་ཡོད།  ཞེས་རང་གིས་རང་ལ་སྐུལ་ལྕག་ཟབ་མོ་གཏོང་ཞོར་རི་གཅིག་ནས་གཅིག་བརྒྱུད་དེ་འགྲན་བསྡུར་སྤེལ།

གོམ་གང་མདུན་སྤོས་སྒོས་དམངས་ཡོངས་ཀྱི་ལུས་ཕུང་བདེ་ཐང་མཐོར་འདེམས་སུ་གཏོང་ཆེད། རི་འཛེགས་བྱ་འགུལ་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང༌། ༢༠༠༡ལོ་ནས་བཟུང༌། མིག་སྔར་བོད་ལྗོངས་ཀྱི་ཐེངས་བཅུ་གཅིག་ལ་རི་འཛེགས་བྱ་འགུལ་སྤེལ་བ་དང༌། འདི་ནི་ཀྲུང་གོའི་ཆེད་གཉེར་མ་ཡིན་པའི་རི་འཛེགས་བྱ་འགུལ་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ལ།  རི་འཛེགས་བྱ་འགུལ་ལ་སྤྲོ་བ་རྣམས་མཚོ་ངོས་ལས་ཆེས་མཐོ་བའི་ལུས་ཕུང་སྦྱོང་བརྡར་ལ་ཞུགས་པ་དང༌། རི་འཛེགས་མཛའ་གྲོགས་དག་གིས་གཞུང་ལུགས་དང་བཀོལ་སྤྱོད་སྦྱོང་བརྡར་བྱས།  རྨིད༥༢༠༠ལྷག་གི་གངས་རིར་འགོ་བའི་སྦྱོང་བརྡར་ལེགས་པོ་བྱས་རྗེས། མཇུག་མཐར་སློབ་སྟོན་པའི་རོགས་རམ་འོག མཚོ་ངོས་ལས་རྨིད༦༢༠༠ཡོད་པའི་རི་རྩེར་འགོ་བའི་ལས་མགོ་རྩོམ་པ་རེད། 

ཞོ་སྟོན་དུས་ཆེན་ལ་ལུས་རྩལ་བ་རྣམས་ཀྱིས་རྡོ་འགྱོགས་བཞིན་པ། 

ད་ལོའི་སྐབས༡༡ཐེངས༡༢བའི་སྟོན་ཁའི་རི་འཛེགས་ཚོགས་ཆེན་སྤེལ་བ་ དང༌། བྱ་འགུལ་ཁྲོད་རི་འཛེགས་པ་ལས་གཞན་རུ་མི་རྣམས་ཀྱི་ཤ་ཉེ་རིང་གིས་གྲུབ་པའི་རྐང་ཐང་ལྗོངས་རྒྱུ་རུ་ཁག་ཡོད་པར་མ་ཟད།  མཚོ་ངོས་ལས་རྨིད ༥༠༠༠ཡོད་སར་རས་གུར་རྒྱག་པ། རྐང་ཐང་ལ་འགྲོ་བ། ལྕགས་རྟར་ཞོན་པ། ཆུ་ཁོལ་དུ་འདུག་པ་ལ་སོགས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད། ཞོ་སྟོན་དུས་ཆེན་དུ་སྲོལ་རྒྱུན་ལུས་རྩལ་གྱི་འགྲན་ཞུགས་ཁྲོད། རྡོ་འགྱོགས་པ་ནི་མང་ཚོགས་ཆེས་དགའ་བའི་བྱ་འགུལ་ཞིག་ཡིན།

ཆེས་དགའ་བསུ་ཐོབ་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ། 

བོད་ལྗོངས་ས་གནས་སུ་མི་དམངས་མང་ཚོགས་ཀྱིས་ཆེས་དགའ་བསུ་ཐོབ་པའི་མི་རིགས་ཀྱི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ནི་མདའ་འཕེན་དང་རྟ་རྒྱུགས་སོགས་ཡིན། འདི་ནི་བོད་མི་དམངས་ཀྱི་ཐོན་སྐྱེད་ངལ་རྩོལ་བྱས་པའི་ལོ་ཟླའི་ཁྲོད་ནས་བྱུང་བའི་མི་རིགས་ཀྱི་ལུས་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ།  འདི་ཉིད་དེང་རབས་ཀྱི་ལུས་རྩལ་དང་འདྲ་ས་དང་མི་འདྲ་ས་གང་མང་ཞིག་ཡོད་ན་ཡང༌།  དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལུས་རྩལ་བྱ་བཞག་ཁྲོད་ཀྱི་འོད་སྟོང་འབར་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན། 

ཐེངས་རེའི་བོད་ཀྱི་ལོ་སར་དང་འོང་བསྐོར། རྒྱལ་སྟོན་དང་ཞོ་སྟོན་དུས་ཆེན་སོགས་སུ་བོད་ལྗོངས་ཀྱི་ས་གནས་སོ་སོ་ནས་དཔེར་ན་རྟ་རྒྱུགས་དང་གཡག་རྒྱུགས། མདའ་འཕེན། རྡོ་འགྱོགས་པ། ཐག་འཐེན། འགྱིག་འདེབས་པ་སོགས་ནི་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་འགྲན་བསྡུར་ཁྱབ་ཁོངས་སུ་གཏོགས་པ་རེད། 

དེ་དང་མཉམ་དུ་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ལུས་རྩལ་འདི་དག་བོད་ལྗོངས་ཀྱི་ས་གནས་སོ་སོར་རྒྱ་ཁྱབ་ཏུ་དར་བའི་རྒྱང་རྩེ་དང་ལྷོ་ཁ།  ནག་ཆུ་སོགས་སུ་རྟ་རྒྱུགས་དང་འོང་བསྐོར། ཞོ་སྟོན་སོགས་དུས་ཆེན་གྱི་བྱ་འགུལ་མང་བོ་སྤེལ་བ་དང༌། འདིས་བོད་ལྗོངས་ཀྱི་རིག་གནས་ལུས་རྩལ་དང་དཔལ་འབྱོར་འཕེལ་རྒྱས་བྱ་བ་ལ་སྒུལ་ཤུགས་ཆེན་པོ་འདོན་བཞིན་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070