སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་དབུ་ཚོགས་གྲོལ་བ།
སྤེལ་དུས། 2014-09-27   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  ལྷ་དབང་གིས་བསྒྲིགས།

   འདི་ག་ཚགས་པར་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ9ཚེས23ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་གཅིག་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་དབུ་ཚོགས་དེ་ཉིན་ཉིའུ་གཡོད་དུ་གྲོལ་བ་དང་ཚོགས་འདུ་གྲོལ་རྗེས་འགྲེམས་སྤེལ་བྱས་པའི་གྲུབ་འབྲས་ཀྱི་ཡིག་ཆའི་ཐོག་ནས་གནམ་གཤིས་འགྱུར་ལྡོག་བཀག་འགོག་བྱ་རྒྱུར་ནར་འགྱངས་ཡེ་ནས་བྱེད་མི་རུང་། དབུ་ཚོགས་ཐོག་གནམ་གཤིས་འགྱུར་ལྡོག་གི་ཕུགས་ཀྱི་དམིགས་ཚད་དང་། གཏོང་འབུད་ཉུང་གཏོང་། མ་དངུལ་གྲབས་གསོག་སོགས་ཀྱི་ཐད་འཛམ་གླིང་ཡོངས་སུ་མོས་མཐུན་གལ་ཆེན་གཅིག་གྱུར་བྱུང་བ་མངོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ཚོགས་འདུར་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་པ་རེད། 

   དབུ་ཚོགས་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཀྱིས་གནམ་གཤིས་འགྱུར་ལྡོག་ནི་དུས་རབས་འདིའི་ཐག་གཅོད་རང་བཞིན་གྱི་གནད་དོན་ཞིག་ཏུ་གྱུར་བས་ད་ལྟ་ངེས་པར་དུ་བློ་རྒྱ་ཆེན་པོས་བྱ་སྤྱོད་སྤེལ་ཏེ་གཏོང་འབུད་ཉུང་དུ་གཏོང་རྒྱུའི་མོས་མཐུན་བྱས་པ་རེད། 

   མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་འགོ་ཚུགས་ཤིས་ཚིག་གསུང་སྐབས་གནམ་གཤིས་འགྱུར་ལྡོག་བྱུང་ནས་འཛམ་གླིང་གི་མི་འབོར་དུང་ཕྱུར་བཅུ་གྲངས་ཁ་ཤས་ཀྱི་ཞི་བདེ་དང་། དར་རྒྱས།གོ་སྐབས་བཅས་ལ་འཇིགས་སྣང་བཟོས་ནས་དུས་རབས་འདིའི་ཐག་གཅོད་རང་བཞིན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད་ཅེས་དང་ཁོང་གིས་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་2015ལོའི་ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་དོན་སྙིང་ལྡན་པའི་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་གྲོས་མཐུན་འཇོག་རྒྱུར་འབད་བརྩོན་བྱེད་པ་དང་འབྲེལ་རང་རང་སོ་སོའི་འགན་འཁྲི་འཁུར་ནས་འཛམ་གླིང་ཡོངས་ཀྱི་གནམ་གཤིས་དྲོད་ཚད་མཐོ་རུ་འགྲོ་རྒྱུ་དེ་ཧྲི་ཧྲི་ཏུའུ2ནང་དུ་ཚོད་འཛིན་ཐུབ་རྒྱུའི་རེ་འབོད་བྱས་པ་རེད། 

སྲིད་གཞུང་དབར་གྱི་གནམ་གཤིས་འགྱུར་ལྡོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་ཆའོ་ལིས་འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ཁབ་ཁག་གིས་ངེས་པར་དུ་བློ་ཐག་ཆོད་པའི་བྱ་ཐབས་སྤྱད་དེ་གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་རྗེས་འབྲས་ཚབས་ཆེན་བཀག་འགོག་བྱེད་དགོས་པའི་རེ་འབོད་བྱས་པ་རེད། 

   སྐབས་69པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁུའུ་ཐའེ་སས་དབུ་ཚོགས་ཐོག་གནམ་གཤིས་འགྱུར་ལྡོག་ནི་མིའི་རིགས་ལ་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་འགྲན་སློང་ཞིག་རེད་ཅེས་དང་ཁོང་གིས་ཕྱི་ལོའི་ལོ་མཇུག་ཏུ་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་གསར་པ་འཇོག་རྒྱུར་སྐུལ་མ་གཏོང་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཕྱི་ལོའི་ལོ་དཀྱིལ་དུ་རིམ་པ་མཐོ་བའི་ཚོགས་འདུ་ཐེངས་ཤིག་སྐོང་ཚོགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། 

   ཐེངས་འདིའི་གནམ་གཤིས་འགྱུར་ལྡོག་གི་དབུ་ཚོགས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་གྲོས་འགོ་བཏོན་ནས་འཚོགས་པ་ཞིག་ཡིན་པ་དང་དེའི་དམིགས་ཡུལ་ནི་2015ལོར་ཕ་རི་སིར་འཚོག་རྒྱུའིམཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས སྐབས་ཉེར་གཅིག་པའི་ཆིངས་འཇོག་རྒྱལ་ཁབ་ཀྱི་ཚོགས་འདུའི་ཐོག་གྲོས་མཐུན་འཇོག་ཕྱིར་བྱས་པའི་ཆབ་སྲིད་ཀྱི་སྐུལ་སློང་ཞིག་རེད། འཛམ་གླིང་གི་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་བརྒྱ་ལྷག་ཙམ་དང་དེ་བཞིན་ཚོང་ལས་དང་དངུལ་རྩ་སོགས་ལས་རིགས་ཁག་གི་འཐུས་མི་800ལྷག་ཙམ་དབུ་ཚོགས་ལ་ཞུགས་ཡོད་པ་རེད།

    ཁ་བྱང་ཕྱི་མོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་དབུ་ཚོགས་གྲོལ་བ།

(རྩོམ་འགན་པ། ལྷ་དབང)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060