སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཡིག་གི་དཔེ་རྙིང་64ཁག་ལྔ་བའི་《རྒྱལ་ཁབ་རྩ་ཆེའི་གནའ་དཔེའི་མིང་མཛོད་》དུ་ཚུད་ཡོད།
སྤེལ་དུས། 2016-05-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པ།

     ཀྲུང་གོའི་བོད་ལྗོངས་དྲ་བ་པེ་ཅིན་ནས་གློག་འཕྲིན་འབྱོར་གསལ། ཟླ་5པའི་ཚེས་24ཉིན། རྒྱལ་ཁབ་རིག་གནས་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། ཁག་ལྔ་བའི་《རྒྱལ་ཁབ་རྩ་ཆེའི་གནའ་དཔེའི་མིང་མཛོད་》དང་ཁག་ལྔ་བའི་“རྒྱལ་ཡོངས་གནའ་དཔེ་སྲུང་སྐྱོབ་གཙོ་གནད་སྡེ་ཁག་”གི་མིང་ཐོ་དངོས་སུ་ཡོངས་བསྒྲགས་བྱས།  ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དང་བོད་ལྗོངས་དཔེ་མཛོད་ཁང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་སོགས་ཀྱིས་ཞུ་འབུལ་བྱས་པའི་《ཚད་མ་རིགས་པའི་གཏེར་གྱི་རང་འགྲེལ》དང་《གུ་གེ་རྒྱལ་རབས་ལོ་རྒྱུས་》སོགས་བསྡོམས་པའི་བོད་ཡིག་དཔེ་རྙིང་བྲིས་མ་དང་པར་མ་64ཁག་ལྔ་བའི་《རྒྱལ་ཁབ་རྩ་ཆེའི་གནའ་དཔེའི་མིང་མཛོད་》དུ་ཚུད་ཡོད།

    རྒྱུས་ལོན་བྱུང་བ་ལྟར་ན།  ཁག་ལྔ་བའི་《རྒྱལ་ཁབ་རྩ་ཆེའི་གནའ་དཔེའི་མིང་མཛོད་》དུ་བསྡོམས་པའི་དཔེ་རྙིང་ཉར་ཚགས་སྡེ་ཁག་139ཡིས་ཞུ་འབུལ་བྱས་པའི་དཔེ་རྙིང་899ཚུད་ཡོད། དེའི་ནང་རྒྱ་ཡིག་གི་དཔེ་རྙིང་754དང་། གྲངས་ཉུང་མི་རིགས་སྐད་ཡིག་གི་དཔེ་རྙིང་131། གཞན་དག་14བཅས་ཚུད་ཡོད། ད་ལྟའི་བར་རྒྱལ་ཡོངས་སུ་དཔེ་རྙིང་12274《རྒྱལ་ཁབ་རྩ་ཆེའི་གནའ་དཔེའི་མིང་མཛོད་》དུ་ཚུད་ཡོད། དཔེ་རྙིང་ཉར་ཚགས་སྡེ་ཚན་180“རྒྱལ་ཡོངས་གནའ་དཔེ་སྲུང་སྐྱོབ་གཙོ་གནད་སྡེ་ཁག་”གི་མིང་ཐོ་རུ་ཚུད་ཡོད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716