སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྗེའུ་རྒོལ་རིང་ལུགས་རོ་ལངས་བྱས་བས་ཡོ་རོབ་ནས་དབྱི་སི་རལ་དུ་གནས་སྤོ་བའི་ལྗེའུ་རིགས་ནི་ཆུ་བཞུར་བཞུར།
སྤེལ་དུས། 2015-04-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་རྣམ་རྒྱལ།

ལྗེའུJewའམYehudimཡ་ཧུ་ད་པརིགས་དམར་གསོད་ལ་རྗེས་དྲན་གྱིས། འདས་པའི་དུས་རབས་ཕྱེད་ཀྱི་རིང་། ཡོ་རོབ་སྐམ་ས་ཆེན་མོ་ནས་ལྗེའུ་རྒོལ་རིང་ལུགས་རོ་ལངས་རྒྱག་པར་བཀག་མོད། ད་ལྟ་དེ་ནི་ལོ་རྒྱུས་སུ་གྱུར། ༢༠༡༢ ལོར་ཧྥ་རན་སེའི་ཐོ་ལོ་སེ(Toulouse)ལྗེའུ་རིགས་སློབ་གྲྭར་འཇབ་རྒོལ་ཐེབས་པ་དང་། ན་ནིང་པེར་ཀྲིམ་པུ་རུ་སེའིBrussesལྗེའུ་རིགས་བཤམས་སྟོན་ཁང་འགས་གཏོར་བྱས། ད་ལོའི་ཟླ་གཅིག་པར་ཕ་རི་སིའི་ལྗེའུ་མིའི་རང་འདེམ་ཚོང་རའི་མེ་མདའི་དོན་རྐྱེན། ཟླ་གཉིས་པའི་ཏེན་མག་ཁོ་ཕེན་ཧ་ཀེནCopenhagenལྗེའུ་རིགས་ཆོས་ཁང་གི་ཁྲག་དོན་སོགས་ནི། ཡོ་རོབ་ནས་རིམ་གྱིས་ལྗེའུ་རྒོལ་རོ་ལངས་ཛ་དྲག་ཏུ་འགྲོ་བཞིན་པའི་བསྡུས་གཟུགས་ཙམ་རེད། ད་ལྟ་ཡོ་རོབ་ཀྱི་ལྗེའུ་རྣམས་འགྲོ་འདུག་གི་འགག་ཕྲེང་ཞིག་ཏུ་གནས་པར། དབྱི་སི་རལ་གྱི་ཙུང་ལི་ནཱེ་ཐན་ཡ་ཧུNetanyahuཡིས། རྒྱལ་ཕྱིའི་ལྗེའུ་རིགས་མང་པོ་དབྱི་སི་རལ་དུ་འཛོམས་ཏེ།ཉེན་གཡོལ་བྱེད་པའི་འབོད་བརྡ་བརྒྱབ།

ཏཱ་ཀོང་དྲ་བར་བཀོད་པ་ལྟར་ན། ཧྥ་རན་སེ་རུ་མིག་སྔར་ལྗེའུ་རིགས་བཞི་འབུམ་བདུན་ཁྲི་ལྔ་སྟོང་ཡོད་པ་དེས། རྒྱལ་ཁབ་འདིའི་མི་འབོར་གྱི་བརྒྱ་ཆའི་གཅིག་ཙམ་མི་ཟིན་མོད། ཧྥ་རན་སེའི་ནང་སྲིད་པུའུ་ཡིས་བསྟན་པའི་ན་ནིང་རིགས་རྒྱུད་ཁྱད་གསོད་ཁྲོད་དུ། བརྒྱ་ཆའི་ང་གཅིག་ལྗེའུ་ལ་དམིགས་པའི་དོན་རྐྱེན་རེད། དབྱིན་ཇི་སོགས་ཐེ་བའི་ཡོ་རོབ་རྒྱལ་ཁབ་གཞན་གྱི་གནས་ཚུལ་ཡང་གོང་དང་གཅིག་མཚུངས་སུ་སྣང་། ༢༠༡༤ ལོར། ལྗེའུ་རིགས་ལ་ས་ཁུལ་དེའི་ཡུལ་མིས་ལྐོག་གསོད་དང་ལོག་གཡེམ། འཚོག་རྡུང་། རྗེས་སྙེག མཐར་སྐྲོད་གཏོང་བ། ཕུ་མདའ་དཀྲུག་པ། བསྙད་རྐོ། བརྙད་བཅོས་སོགས་མ་བྱས་པ་མི་འདུག སྲང་ལམ་ནས་རྒྱུན་དུ"སྐྱུག་བྲོ་བའི་ལྗེའུ"དང"ལྗེའུ་རིགས་ཤུལ་མེད་པར་ཤོག""ལྗེའུ་རིགས་སྐྱག་གཟན"ཟེར་བའི་སྐད་ཐོས་རྒྱུ་འདུག འཇར་མན་གྱི་ལྗེའུ་རྒོལ་ལས་འགུལ་ཁྲོད་དུའང་། སྐད་མཐོན་པོས"ལྗེའུ་རིགས་དུག་རླངས་བཀངས་པའི་ཁྱིམ་དུ་ཆུགས"ཅེས་འབོད་པ་ཡང་ཐོས་ཐུབ།

༢༠༡༤ ལོའི་ཟླ ༧ པར་དབྱི་ཕ་ཟིང་འཁྲུགThe Israeli Palestinian Conflictསྐབས་སུ། ཧྥ་རན་སེའི་མི་ཡིས་ཕ་རི་སིའི་སྤྱི་མཐུན་ཐང་ཆེན་ནས་ཕ་ལེ་སི་ཐན་གྱི་རྒྱལ་དར་བཟུང་ནས་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར།

ཧྥ་རན་སེ་ནས་རིགས་རྒྱུད་བཙན་ཤེད་ཕྱེད་ཀ་ལྷག་ནི་ལྗེའུ་རིགས་ལ་དམིགས་པ་རེད།

དབྱིན་ཇི་རུ་ལྗེའུ་འབུམ་གསུམ་ལྷག་ཡོད།"སྤྱི་ཚོགས་བདེ་འཇགས་མངལ་བཅོལ་ཨུ་ཡོན་ཁང"གི་གཞི་གྲངས་ལྟར། ན་ནིང་དབྱིན་ཇི་ནས་ལྗེའུ་རིགས་ལ་དམིགས་པའི་བཙན་ཤེད་དོན་རྐྱེན ༡༡༦༨ བྱུང་། འདི་ནི་ཚོགས་པ་འདིས ༡༩༨༤ ལོར་ཟིན་བཀོད་པ་ནས་ད་རག་བར་གྱི་ཆེས་མཐོ་བའི་ཟིན་ཐོ་རུ་གྱུར།

༢༠༡༤ ལོར་མཚོན་ན། ཧྥ་རན་སེའི་ལྗེའུ་རིགས ༧༠༠༠ དབྱི་སི་རལ་དུ་གནས་སྤོ་བྱས་ལ། ལོ་སྔུན་མའི་ལྡབ་གཅིག་རེད། ཆེས་གསར་བའི་དམངས་འདུན་རྟོག་ཞིབ་ཞིག་ཏུ། དབྱིན་ཇིའི་ལྗེའུ་རིགས་བཞི་ཆ་གཅིག་གིས་དབྱིན་ཇི་ནས་སྐྱབས་བཅོལ་ཕེབས་པར་བློ་བཏང་མྱོང་ལ། རྟོག་ཡུལ་ཕྱེད་ལས་བརྒལ་བས་དབྱིན་ཇི་ནས་ལྗེའུ་རིགས་ལ་མདུན་ལམ་མེད་པར་སེམས། དེ་ལྟར་སྔངས་ཤིང་ཁྲོས་པའི་ལྗེའུ་རིགས་སྐོར་དང་སྐོར་གྱིས་དབྱི་སི་རལ་དུ་ཞུགས་ཀྱིན་འདུག

ད་ལོའི་ཟླ ༢ པར། ཧྥ་རན་སེ་ནས་ལྗེའུ་རིགས་ཀྱི་དུར་བྱང ༢༠༠ ལྷག་གཏོར་བཅགས་བྱས།

ཕ་རི་སིའི་ལྗེའུ་གྲོང་ཁུལ་སྒྱུ་རྩལ་ཚོང་ཁང་གི་སྦྱིན་བདག་ཁཱོ་ཨིན་གྱིས"དོན་འདི་དག་བྱུང་རྗེས། ཐྲི་ལ་ཝེའིTel Aviv-Yafoགྲོང་ཁྱེར་ནི་སྐྱུག་བྲོ་བའི་ཕ་རི་སིའི་གྲོང་ཁྱེར་འདི་ལས་བདེ་འཇགས་སུ་སེམས་ཡོད། དབྱི་སི་རལ་དུ་ཐབས་རྡུགས་ཀྱང"ལྕགས་གདུགས"དབྱི་སི་རལ་གྱི་འབར་མདེལ་འགོག་པའི་སྒྲིག་ཆས་ལ་གོཀྱིས་ང་ཚོ་སྲུང་ཡོད། འདིར་ཁེར་རྐྱང་དང་སྡུལ་བསྔལ་ལས་མི་འདུག བྱིས་པའང་སློབ་གྲྭར་བསྐྱལ་བར་སྐྲག་གི"ཞེས་བརྗོད་བྱུང་།

ལོ་རབས ༣༠ པའི་ཡོ་གླིང་དང་འདྲ།

ལྗེའུ་རིགས་སློབ་གྲྭའི་དགེ་རྒན་ཝེཨ་ཐིས་སིསAtiskan"བདུན་རྗེས་མའམ་ཟླ་རྗེས་མར་འབྱུང་བ་སུས་ཤེས། འོན་ཀྱང་འབྱུང་རྒྱུ་ཡིན་པ་ཁག་ཐེག་རེད། འདི་མི་ཚང་མས་ཤེས་ནི་རེད"ཅེས་བཤད་ལྟར། ལྗེའུ་མང་ཤོས་ཀྱིས་འཇབ་རྒོལ་གང་མང་གིས་སྒུག་ནས་འདུག་མོད། དེ་ལ་གཞོལ་ཐབས་མེད་པར་བསམས།

ཟླ་དང་པོར་ཨོ་ཤྲི་ཝེ་ཐྲི་གཅིག་བསྡུས་བཙོན་རAuschwitz Concentration Campབཅིངས་འགྲོལ་བྱས་ཏེ་ལོ་འཁོར ༧༠ ལོན་པའི་རྗེས་དྲན་མཛད་སྒོའི་ཐོག་ནས།"འཛམ་གླིང་གི་ལྗེའུ་ཚོགས་ཆེན"གྱི་མིག་སྔའི་ཀྲུའུ་ཞི་ཨ་རི་བ་ལོ་དྷིས་ཡིད་སྐྱོ་བའི་ངང་ཉེ་ལམ་ཡོ་རོབ་དུ་ལྗེའུ་རྒོལ་བྱུང་བར"བལྟས་ཚོད་དུ ༢༠༡༥ བསླེབས་པ་དང་གཏན་ནས་མི་འདྲ་བར། ༡༩༣༣ ཧེ་ཐུ་ལིHitlerཡི་སྲིད་བཟུང་བའི་ལོདུ་ལུས་ཡོད་པ་དང་འདྲ་པོ་འདྲ་པོ་རེད"ཅེས་བརྗོད། ཁོས་སྟོན་རྒྱུར། ལྗེའུ་རིགས་ཡོ་རོབ་དང་གྱེས་པའི་རླབས་གསར་བ་ཞིག་གི་དབུ་བརྩམས་ཡོད་དེ། ཁོ་ཚོའི་བྱིས་ཕྲུག་ཚོས་ཕ་རི་སི་དང་བྷོ་དྷི་ཕེ་སིBudapestལོན་ཏོན་གྱི་སྲང་བར་ནས་ཞྭ་མོ་ཀོར་ཀོར་གྱོན་པར་སྐྲག་ལ། ཚོང་ཁང་གི་སྒོ་གཏན་མཁན་ཡང་ཉིན་རེ་ནས་ཉིན་རེར་ཇེ་མང་གྱུར། ལོ་དྷིས་ཀུན་གྱི་མདུན་ནས་ཡོ་རོབ་ནས་ཉིན་རེར་ཇེ་དྲག་ཏུ་འགྲོ་བཞིན་པའི་ལྗེའུ་རྒོལ་རིང་ལུགས་ལ་ཨ་རིས་ཉེན་ཟོན་བྱ་དགོས་པར་སྐུལ་མ་བྱས།

ཉེ་བའི་ལོ་འགའི་རིང་། ཡོ་རོབ་ནས་ལྗེའུ་རྒོལ་རིང་ལུགས་རོ་ལངས་བརྒྱབ།

དབྱིན་འཇར་ཧྥས་མཉམ་དུ་འདུག་པའི་ཁ་ཏ་བྱས།  

རྒྱལ་ནང་གི་ལྗེའུ་རིགས་ཆུ་བཞུར་བཞུར་བྱེད་པའི་མདུན་ནས། ཡོ་རབ་ཀྱི་འགོ་ཁྲིད་དག་གིས་འདུག་པའི་ཁ་ཏ་བྱས། ཧྥ་རན་སེའི་ཙུང་ལི་ཝོར་སི་ཡིས་ཀུན་གྱི་མདུན་ནས། ཧྥ་རན་སེའི་བསམ་བློ་ནི་ལྗེའུ་རྒོལ་རིང་ལུགས་གཏོར་བའི་ཐོག་ནས་བྱུང་བ་ཡིན་ཞེས་བརྗོད་མྱོང་ལ། ཁོས"གལ་ཏེ་ལྗེའུ་འབུམ་གཅིག་ང་ཚོ་དང་གྱེས་ན། ཧྥ་རན་སེ་ནི་ཧྥ་རན་སེ་རང་མ་རེད"ཅེས་བརྗོད། འཇར་མན་གྱི་ཙུང་ལི་མོར་ཁཱོ་ཡིས་སྲིད་གཞུང་གིས་གང་ནུས་ཀྱིས་ལྗེའུ་རིགས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཁག་ཐེག་བྱ་ངེས་ཞེས་དང་།"ལྗེའུ་རིགས་འཇར་མན་གྱི་སྤྱི་ཚོགས་ཞུགས་པར་དགའ་མགུ་དང་ཡི་རངས་ཆེན་པོ་བྱ་བཞིན་ཡོད"ཅེས་གསུངས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་རོན་གྱིས"གལ་ཏེ་ལྗེའུ་རྣམས་ཀྱིས་དབྱིན་ཇི་ནི་ཁོ་ཚོར་མཚོན་ན་བདེ་འཇགས་ཀྱི་གནས་ཤིག་བསམས་མེད་ན། བདག་གི་སེམས་སྐྱ་མོ་ཐང་དུ་ལྷུང་འགྲོ"ཞེས་བཤད།

དབུ་ཁྲིད་རྣམས་ལ་གཏམ་གླེང་རྫིག་རྫིག་པོ་རེ་ཡོད་ཀྱང་། ཡོ་རོབ་ཀྱི་སྲིད་གཞུང་རྣམས་ཐལ་ཆེ་བའི་དབྱི་སི་ལན་རིང་ལུགས་ཀྱི་ཟིང་འཁྲུག་གི་མྱག་ཏུ་བྱིང་ནས་ལུས།ཁྲར་ལི་བདུན་ཚགསCharlie Hebdo)》ལ་འཇབ་རྒོལ་ཐེབས་རྗེས། ཧྥ་རན་སེ་གཞུང་གིས་དམག་མི་སྟོང་ཕྲག་ཁ་ཤས་བཀོལ་ནས། ལྗེའུ་ལས་ཁུངས་སྲུང་སྐྱོབ་བྱས་མོད། སྲང་དུ་ཉུལ་བའི་ལྗེའུ་སོ་སོ་ནམ་ཡང་སྲུང་ཐབས་མེད། མ་ཟད་ཡིད་སྐྱོ་བ་ཞིག་ཏུ། ཡོ་རོབ་ཀྱི་མི་དམངས་དབུ་ཁྲིད་རྣམས་དང་མི་མཐུན་པར། དོན་འདིར་ཁ་ཡ་བྱེད་འདོད་མེད་པ་འདྲ་སྟེ། ན་ནིང་སྟོན་ཁར། མོར་ཁཱོ་ཞུགས་པའི་ལྗེའུ་རྒོལ་རིང་ལུགས་གཏོར་བའི་ཁྲོམ་ཚོགས་སུ་མི ༥༠༠༠ ལས་འདུས་མེད་ལ། དེ་དག་ཁྲོད་མང་ཤོས་ལྗེའུ་རེད།

དབྱིའི་ཙུང་ལིས་བྱེས་སྡོད་ལྗེའུ་རིགས"གཞིས"སུ་བོས།

དབྱི་སི་རལ་གྱི་ཙུང་ལི་ནཱེ་ཐན་ཡ་ཧུNetanyahuཡིས།ལྗེའུ་རྡུགས་ནས་རྡུགས་སུ་འགྲོ་བཞིན་པའི་གནས་བབ་ལ་དམིགས་ཏེ། ཟླ ༢ པའི་དཀྱིལ་དུ།གཟའ་རེའི་ནང་བློན་གྲོས་ཚོགས་ཐོག"ལྗེའུ་རིགས་ཡོ་རོབ་ནས་བཀྲོངས་དོན་ནི་ལྗེའུ་རིགས་ཡིན་པས་རེད། ལྗེའུ་ལ་དམིགས་པའི་འཇབ་རྒོལ་མུ་མཐུད་དུ་ཡོད་ངེས། ངས་འདི་ནས་ཡོ་རོབ་དུ་མཆིས་པའི་ལྗེའུ་རིགས་ཀུན་ལ་དབྱི་སི་རལ་ནི་ཁྱེད་ཚོའི་ཁྱིམ་ཡིན་ཞེས་བརྗོད་པ་ཡིན"ཞེས་བསྒྲགས་གཏམ་སྤེལ།

དབྱི་སི་རལ་གྱི་ཕྱི་འབྲེལ་དཔོན་ལེ་པེར་མནLibermanགྱིས་དེའི་སྔོན་དུ་དབྱི་སི་ལན་འཇིགས་སྐུལ་རིང་ལུགས་པར་འཐབ་རྩོད་མཐའ་འཁྱོལ་བ་བྱ་དགོས་པའི་འབོད་སྐུལ་བཏང་བ་མ་ཟད། ནུབ་ཕྱོགས་དང་རང་དབང་འཇིག་རྟེན་ལ་རྒོལ་བའི་འཇིགས་སྐུལ་རིང་ལུགས་པའི་འཐབ་རའི་ཁྲོད། དབྱི་སི་རལ་དང་ལྗེའུ་རིགས་ནི་མདུན་དུ་གནས་བར་བསྟན།

ཁ་བྱང་ཕྱི་མོ། ལྗེའུ་རྒོལ་རིང་ལུགས་རོ་ལངས་བྱས་བས་ཡོ་རོབ་ནས་དབྱི་སི་རལ་དུ་གནས་སྤོ་བའི་ལྗེའུ་རིགས་ནི་ཆུ་བཞུར་བཞུར།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060