སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སོ་ཏི་ཨ་རབ་ཀྱིས་ཉིན་རེར་རྡོ་སྣུམ་ཟོ་བ་ཁྲི ༡༠༣༠ ཐོན་སྐྱེད་བྱས་པ་དེས་སྣུམ་རིན་འཕྲལ་ཉིད་མར་ཆག་འདུག
སྤེལ་དུས། 2015-04-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།
  སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་དང་གཏེར་ལས་ཐོན་ཁུངས་ཀྱི་བློན་ཆེན་ནཱ་ཡིར་གྱིས་ཚེས ༧ ཉིན། སོ་ཏི་ཨ་རབ་ཀྱིས་ཉིན་རེར་རྡོ་སྣུམ་ལྕགས་ཟོ་ཁྲི ༡༠༣༠ ཐོན་སྐྱེད་བྱེད་རྒྱུ་མཐོ་རུ་བཏང་ནས། རྒྱལ་ཁབ་ཕྱི་ནང་གིས་འཛད་སྤྱོད་མཁན་གྱི་དགོས་མཁོ་སྐོང་རྒྱུ་ཡིན་ཞེས་བསྟན་བྱུང་། དེས་ཤུགས་རྐྱེན་ཐེབས་ངོར་ཚེས ༨ ཉིན་རྒྱལ་སྤྱིའི་སྣུམ་རིན་མར་ཆག་འདུག་ཅིང་། ལུན་ཏུན་པུ་ལུན་ཐུའི་རྡོ་སྣུམ་རིན་གོང་ཨ་སྒོར ༣.༥༥ མར་ཆག་ཡོད་ལ། ལྕགས་ཟོ་རེར་ཨ་སྒོར ༥༥.༥༥ བྱས་པས། མར་ཆག་ཚད་བརྒྱ་ཆའི ༦ རེད།
  ཤིན་ཧྭ་དྲ་བས་ཚེས ༨ ཉིན་གྱི་འཕྲིན་དུ། ལི་ཡ་དིར་བསྡུས་པའི་རྡོ་སྣུམ་ཚོགས་འདུའི་སྟེང་ནཱ་ཡིར་གྱིས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་ད་ལོའི་ཟླ ༣ པར་ཉིན་རེར་རྡོ་སྣུམ་ཐོན་སྐྱེད་བྱེད་ཚད་ལྕགས་ཟོ་ཁྲི ༡༠༣༠ ཡིན་ལ། དེ་ནི ༢༠༡༣ ལོའི་ཟླ ༨ པའི་ལྕགས་ཟོ་ཁྲི ༡༠༢༠ ལས་བརྒལ་ཡོད་པ་དང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་ད་བར་དུ་ཉིན་རེར་རྡོ་སྣུམ་ཐོན་སྐྱེད་བྱ་ཚད་ཆེས་མཐོ་ཤོས་རེད་ཟེར།
  ནཱ་ཡིར་གྱིས། རྗེས་ཕྱོགས་དུས་ཡུན་ངེས་ཅན་ནང་། སོ་ཏི་ཨ་རབ་ཀྱིས་རྡོ་སྣུམ་ཐོན་སྐྱེད་བྱ་ཚད་ལྕགས་ཟོ་ཁྲི ༡༠༠༠ གཡས་གཡོན་ལ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར།
  སོ་ཏི་ཨ་རབ་ཀྱིས་རྡོ་སྣུམ་བློན་ཆེན་ནཱ་ཡིར།
  ཁོས་ད་དུང་། མིག་སྔར་སོ་ཏི་ཨ་རབ་ཀྱིས་རྡོ་སྣུམ་བཙོ་སྦྱངས་བྱ་ཚད་ཉིན་རེར་ལྕགས་ཟོ་ཁྲི ༥༠༠ ཡིན་པ་མ་ཟད། རིམ་གྱིས་ཇེ་མང་དུ་འཕར་བཞིན་ཡོད་ཟེར། དབྱེ་ཞིབ་མི་སྣས་དབྱེ་ཞིབ་བྱས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་རྡོ་སྣུམ་ཐོན་སྐྱེད་བྱེད་ཚད་ཇེ་མཐོར་གཏོང་དོན་ནི་རྒྱལ་ནང་དུ་རྡོ་སྣུམ་བཙོ་སྦྱངས་བྱེད་པའི་དགོས་མཁོ་དང་ཨ་རིས་ནང་འདྲེན་བྱེད་ཚད་ཇེ་མཐོར་སོང་པར་འབྲེལ་བ་ཡོད་པར་འདོད། ཟླ ༣ པར། ཨ་རིས་སོ་ཏི་ཨ་རབ་ནས་ཉིན་རེར་རྡོ་སྣུམ་ནང་འདྲེན་བྱེད་ཚད་ལྕགས་ཟོ་ཁྲི ༩༥ ལ་འཕར་ཡོད་ཅིང་། དེ་ནི་ན་ནིང་ལོའི་ཟླ ༩ པ་ནས་ད་བར་དུ་ཆེས་མཐོ་ཤོས་སུ་སླེབས་ཡོད་པ་རེད།
  ནཱ་ཡིར་གྱིས། མིག་སྔར་ཡེ་མེན་གྱི་ཛ་དྲག་གནས་བབ་ཀྱིས་རྡོ་སྣུམ་ཐོན་སྐྱེད་དང་སྣུམ་རིན་གང་ལའང་ཤུགས་རྐྱེན་ཐེབས་མེད་ཅེས་བརྗོད་བྱུང་།
  གཞན་ཡང་ཀྲུང་གོའི་དངུལ་འཛིན་དྲ་བས་ཚེས ༨ ཉིན་བཀོད་པའི་འཕྲིན་དུ། ཨ་རིའི་ནུས་ཁུངས་ཆ་འཕྲིན་ཅུས་ཀྱིས་ཚེས ༨ ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ཟླ ༤ པའི་ཚེས ༣ ཉིན་གྱི་གཟའ་འཁོར་གཅིག་རིང་ཨ་རིས་ཉིན་རེའི་རྡོ་སྣུམ་ཐོན་སྐྱེད་བྱེད་ཚད་ལྕགས་ཟོ་ཁྲི ༡.༨ ནས་ལྕགས་ཟོ་ཁྲི ༩༤༠.༤ ལ་འཕར་འདུག དེ་སྔོན་གཟའ་འཁོར་གཅིག་རིང་། ཨ་རིའི་རྡོ་སྣུམ་ཐོན་སྐྱེད་བྱ་ཚད་ལ་ཟླ་གཅིག་རིང་ཐེངས་དང་པོར་མར་བཅག་འདུག
  གཟའ་འཁོར་སྔོན་མར་ཨ་རིའི་ཚོང་ལས་རྡོ་སྣུམ་ཉར་ཚད་ལྕགས་ཟོ་ཁྲི ༡༠༩༠ ནས་ལྕགས་ཟོ་ཏུང་ཕྱུར ༤.༨༢༤ ལ་འཕར་ཡོད་ཅིང་། དེ་ནི་ན་ནིང་ལོའི་དུས་མཉམ་དང་བསྡུར་ན་ལྕགས་ཟོ་ཁྲི ༩༨༣༠ མང་དུ་ཕྱིན་འདུག ཨ་རིའི་རྡོ་སྣུམ་དུས་བཅད་ཀྱིས་འཚོང་ཡུལ་གཙོ་བོ་ཨུ་ཁུ་ར་ཧུ་མ་ཀྲུའུ་ཁུ་ཤིན་ས་ཁུལ་གྱི་རྡོ་སྣུམ་ཉར་ཚད་ལྕགས་ཟོ་ཁྲི ༡༢༠ ནས་ལྕགས་ཟོ་ཁྲི ༦༠༡ ༨རེད།
  ཨོ་ཕེ་ཁུ་རྒྱལ་ཁབ་ཀྱི་ཐོན་ཚད་ཀྱིས་ཀྱང་སྣུམ་རིན་ལ་གནོན་ཤུགས་བཟོས་ཡོད་པ་རེད། ཨོ་ཕེ་ཁུའི་རྡོ་སྣུམ་ཐོན་སྐྱེད་བྱ་ཚད་ཀྱིས་ཧ་ལམ་འཛམ་གླིང་ཡོངས་ཀྱི་སུམ་ཆའི་གཅིག་ཟིན་ཡོད་པ་དང་། ཨོ་ཕེ་ཁུས་ན་ནིང་ལོའི་ཟླ ༡༡ པའི་ཚེས ༢༧ ཉིན་ཝེ་ཡེ་ནཱར་བསྡུས་པའི་པུའུ་ཀྲང་རིམ་པའི་ཚོགས་འདུས་སྟེང་ཐོན་སྐྱེད་ཇེ་ཉུང་དུ་མི་གཏོང་པ་ཕྱིར་བསྒྲགས།
  ཚེས་བརྒྱད་ཉིན་མཐའ་མའི་གོང་ཐབ་ཁྱབ་བསྒྲགས་བྱེད་རག་བར་དུ། ཉུག་ཡོར་ཚོང་ཟོག་བརྗེ་རེས་ཁང་གི ༢༠༡༥ ལོའི་ཟླ ༥ པའི་བརྗེ་ཚོང་གནང་པའི་རྡོ་སྣུམ་དུས་བཅད་ཀྱི་ཉོ་ཚོང་རིན་གོང་ཨ་སྒོར ༣.༥༦ མར་ཆག་ཡོད་པ་དང་། ལྕགས་ཟོ་རེར་ཨ་སྒོར ༥༠.༤༢ ཀྱིས་བསྡུས་འདུག་ཅིང་། མར་ཆག་ཚད་བརྒྱ་ཆའི ༦.༦ རེད། ༢༠༡༥ ལོའི་ཟླ ༥ པར། ལུན་ཏུན་པུ་ལུན་ཐུའི་རྡོ་སྣུམ་དུས་བཅད་ཉོ་ཚོང་རིན་གོང་ཨ་སྒོར ༣.༥༥ མར་ཆག་ཡོད་ལ། ལྕགས་ཟོ་རེར་ཨ་སྒོར ༥༥.༥༥ བྱས་པས། མར་ཆག་ཚད་བརྒྱ་ཆའི ༦ རེད།
    ཁ་བྱང་ཕྱི་མོ། སོ་ཏི་ཨ་རབ་ཀྱིས་ཉིན་རེར་རྡོ་སྣུམ་ཟོ་བ་ཁྲི ༡༠༣༠ ཐོན་སྐྱེད་བྱས་པ་དེས་སྣུམ་རིན་འཕྲལ་ཉིད་མར་ཆག་འདུག
(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060