སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འཚོ་བ་དངོས་ཁྲོད་ཀྱི《བྱི་ལ་དང་ཙི་གུ》། མིང་འདྲ་ཡང་ལས་དབང་མི་གཅིག
སྤེལ་དུས། 2015-04-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཀླུ་འབུམ།

དབྱིན་ཇིའི་ཉིན་རེའི་སྦྲག་ཚགས་ནས་ཟླ ༤ ཚེས ༩ ཉིན་བཀོད་པ་ལྟར་ན། Jason Bryant ཡིས་ཁོང་གི་གཅེས་བའི་བྱི་ལར་པར་འདི་དག་བླངས་བ་རེད། བདག་པོས་ངོ་སྤྲོད་བྱས་པ་ལྟར་ན། འདི་ནི་ཁོང་ཚང་གི་བྱི་ལས་ཐེངས་དང་པོར་ཙི་གུ་རྩེད་ཆས་སུ་བྱས་པ་མ་རེད། ད་རུང་བྱི་ལས་མཚན་གུང་གི་ཆུ་ཚོད་གསུམ་པའི་ཐོག་ཙི་གུ་ཁང་བའི་ནང་འཁྱེར་ཡོང་བ་དང་། རྒྱུན་ལྡན་དུ་ཁོང་གིས་ཙི་གུ་དེ་དག་བསྐྱབས་པ་ཡིན་ཟེར། ཡིན་ཡང་ཐེངས་འདིར་ཁོང་ལ་ཡང་བྱ་ཐབས་ཟད། རྒྱུ་མཚན་བྱི་ལ་ཁང་ཀླད་དུ་བུད་པ་རེད། དེ་ལས་ཀྱང་སྤྲོ་ཆེ་བ་ཞིག་ནི་བྱི་ལ་དེའི་མིང་ལ Mouse ཞེས་འབོད། དབྱིན་ཡིག་ཁྲོད་ཙི་གུ་དང་མིང་ཚིག་གཅིག་པ་རེད།

ཙི་གུ་ནི་བྱི་ལ Mouse ཡི་ཁ་ནས་འབྲོ་རྩིས་བྱེད་བཞིན་པ།

ཙི་གུ་ནི་ཅིས་ཀྱང་བྱི་ལའི་ལག་ནས་ཐར་ཐབས་མེད། Mouse ཡིས་ཙི་གུ་མཁའ་རུ་གཡུག་བཞིན་པ།

གལ་ཏེ་ཙི་གུའི་མཐའ་འཁོར་ན Mouse ལྟ་བུའི་བྱི་ལ་གཞན་ཡོད་ན། ཉེན་ཁའི་དབྱིངས་ནས་སྐར་ཆ་ཙམ་ཡང་འབྲལ་ཐབས་མི་འདུག

བྱི་ལ་དང་ཙི་གུ་ཆ་འདིའི་བར་གྱི་འཐབ་འཛིང་འདི་ནི་འཚོ་བ་དངོས་ཁྲོད་ཀྱི《བྱི་ལ་དང་ཙི་གུ》ཞེས་བའི་འགུལ་རིས་གློག་བརྙན་དེ་དང་འདྲ།

བདག་པོ Jason Bryant ཡིས་འདི་འདྲའི་སྣང་ཚུལ་ནི་ངེས་བར་དུ་འབྱུང་བའི་མཇུག་འབྲས་རེད་ཟེར།

ཙི་གུ་བར་སྣང་དུ་གཡུགས་པ། 《བྱི་ལ་དང་ཙི་གུ》ཞེས་བའི་གློག་བརྙན་གྱི་མཇུག་འབྲས་དང་མཚུངས་བར། ཆེས་མཐའ་མར་ཙི་གུས་ཕམ་ཁ་ངེས་ལེན་བྱས།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060