སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཨུ་རུ་སུའི་བཟོ་བཀོད་པ་ཞིག་གིས་སང་ལོར་མགོ་བོ་བརྗེ་སྤོར་བྱེད་པའི་གཤགས་བཅོས་དང་ལེན་བྱས་པ།
སྤེལ་དུས། 2015-04-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་འདུལ།
    
      སི་ཕའེ་ལི་ཏའོ་ནའོ་ཧྥོ་ལ་ཤ་གནད་འཁུམ་པའི་ནད་ཕོག་ཡོད།
    ཉིན་རེའི་སྦྲག་སྲིད་ཚགས་པར་ཁང་གིས་ཚེས ༨ ཉིན་བསྒྲགས་གཏོང་བྱས་པ་ལྟར་ན། དབྱི་ཐ་ལིའི་ཏུའུ་ལེན་མཐོ་རིམ་དབང་རྩ་མཐུད་སྒྲིག་རིག་གཞུང་ལྷན་ཚོགས་ཀྱི་ཕྱི་ནད་ཚན་ཁག་གི་སྨན་པ་ཁོ་ནྭ་ཝའེ་ལོ(Sergio Canavero)ཡིས་ཉེ་བའི་ལོ་འགའི་ནང་དུ་ལུས་པའི་དབང་རྩ་ཕན་ཚུན་བརྗེ་སྤོར་བྱེད་པའི་གཤགས་བཅོས་བྱ་རྒྱུ་བཏོན་ཏེ། ནད་པའི་མགོ་བོ་ལུས་པོ་གསར་བ་ཞིག་གི་ཐོག་ཏུ་སྤོར་རྒྱུ་རེད། འཛམ་གླིང་ཐོག་ཆེས་ཐོག་མའི་མིའི་རིགས་ཀྱི་མགོ་བོ་བརྗེ་སྤོར་བྱེད་པའི་གཤགས་བཅོས་ནི་ཆེས་མགྱོགས་ན་སང་ལོ་འགོ་བརྩམས་རྒྱུ་ཡིན་པ་དང་། མགོ་བོ་བརྗེ་སྤོར་བྱེད་སའི་ནད་པ་ནི་ལོ ༣༠ ཅན་གྱི་ཨུ་རུ་སུའི་རྩིས་འཕྲུལ་བཟོ་བཀོད་པ་སི་ཕའེ་ལི་ཏའོ་ནའོ་ཧྥོ(Valery Spiridonov)ཞེས་པ་དེ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ལུས་པོ་བརྗེ་བའི་གཤགས་བཅོས་ཧ་ཅང་རྙོག་འཛིང་ཆེ་བས། ཕལ་ཆེར་ཆུ་ཚོད ༣༦ ནང་དུ་ལེགས་འགྲུབ་བྱུང་ཐུབ་ལ། འགྲོ་སོང་དབྱིན་སྒོར་ཁྲི ༧༥༠ གཏོང་དགོས་པ་དང་། གཤགས་བཅོས་འཚག་རྗེས་ད་དུང་སྨན་རྫས་མང་པོར་བརྟེན་ནས་གསོ་དགོས་པ་རེད།
   སི་ཕའེ་ལི་ཏའོ་ནའོ་ཧྥོ་ཡིས་བཤད་རྒྱུར་གཤགས་བཅོས་ལ་ཉན་ཁ་ཆེ་བས་སྐྲག་སྣང་སྐྱེས་ནའང་། ཉེ་བའི་ལོ་འགའི་རིང་ནད་གཞི་རྒྱུན་ཆད་མེད་པར་ཇེ་སྡུག་འགྱུར་བཞིན་ཡོད་པས། ལུས་པོ་ཚོད་འཛིན་བྱེད་དཀའ་བས་གཤགས་བཅོས་བྱ་རྒྱུ་ཐག་བཅད་པ་ཡིན་ཞེས་བཤད། ཁོང་གིས། གཤགས་བཅོས་བྱ་རྒྱུར་ཁྱིམ་མི་དག་གིས་ཀྱང་རྒྱབ་སྐྱོར་ཐོབ་ཡོད་ཅེས་བཤད། རྒྱུས་ལོན་བྱུང་བ་ལྟར་ན་ལུས་པོ་ཞལ་འདེབས་ཕུལ་མཁན་ཡང་ཨུ་རུ་སུ་ནས་ཡིན་ལ། མི་དེའི་ཀླད་པ་ཤི་འཚག་ཡོད་པ་རེད།
མགོ་བོ་བརྗེ་བའི་གཤགས་བཅོས་བྱེད་མཁན་གྱི་སྨན་པ།
   ལུས་པོ་བརྗེ་བའི་གཤགས་བཅོས་ལ་ཉེན་ཁ་ཆེ་བས། གསོ་རིག་སྡེ་ཁག་གིས་གཤགས་བཅོས་དེ་ལེགས་འགྲུབ་ཡོང་བར་དོགས་པ་ཆེན་པོ་བཅངས་ཡོད། ཨ་རིའི་དབང་རྩའི་ཕྱི་ནད་ཚན་ཁག་གི་སྨན་པའི་མཐུན་ཚོགས་(AANS)ཀྱི་སྨན་པ་ཐི་ཨེར་ཅེ་ཨེར་ཀྱིས་གཤགས་བཅོས་དེར་མཇུག་འབྲས་ཚབས་ཆེན་འབྱུང་ངེས་ཡིན་པས། གཤགས་བཅོས་དེ་རིགས་དང་ལེན་བྱེད་མི་རུང་ཞེས་སྐྱོན་བརྗོད་བྱས་ཡོད་པ་རེད།
   འོན་ཀྱང་སི་ཕའེ་ལི་ཏའོ་ནའོ་ཧྥོ་ཡིས། “གཤགས་བཅོས་དེ་དང་ལེན་བྱེད་པའི་རྒྱུ་རྐྱེན་ནི་ང་རང་གིས་མི་ཕལ་བ་ཞིག་གི་འཚོ་བ་རོལ་མ་འདོད་པ་མིན་ལ། ང་རང་གིས་བསམ་ན་ཚན་རིག་མདུན་སྐྱོད་ཐད་ལ་ཉེན་ཁ་ཕྲག་ལེན་བྱེད་ཕོད་པ་དང་རང་སྲོག་བློས་གཏོང་ཕོད་པའི་མི་དགོས་འདོད་པས་ཡིན”ཞེས་བཤད་པ་རེད།
  འགུལ་རིས་ཀྱི་ལམ་ནས་མགོ་བོ་བརྗེ་བའི་གཤགས་བཅོས་འགྲེམ་སྟོན་བྱས་པ།
      ཁ་བྱང་ཕྱི་མོ། ཨུ་རུ་སུའི་བཟོ་བཀོད་པ་ཞིག་གིས་སང་ལོར་མགོ་བོ་བརྗེ་སྤོར་བྱེད་པའི་གཤགས་བཅོས་དང་ལེན་བྱས་པ།
(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060