སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལོན་ཏོན་དུ་ཧ་ལམ་དབྱིན་སྒོར་དུང་ཕྱུར ༢ ཀྱི་མུ་ཏིག་དང་དངུལ་སྒོར་རྐུས་ལ་ཤོར་པའི་དོན་རྐྱེན་བྱུང་འདུག
སྤེལ་དུས། 2015-04-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།
  དབྱིན་ཇིའི་ལོན་ཏོན་གྲོང་ཁྱེར་གྱི་མུ་ཏིག་ཚོང་གཉེར་ས་ཁུལ་ཞིག་ཏུ་རྐུས་ལ་ཤོར་པའི་གྱོད་དོན་བྱུང་ཡོད་དེ། ཧ་ལམ་གོང་ཚད་དབྱིན་སྒོར་དུང་ཕྱུར་གཉིས(ཨ་སྒོར་དུང་ཕྱུར་གསུམ)ཀྱི་མུ་ཏིག་དང་དངུལ་སྒོར་རྐུས་ལ་ཤོར་པའི་གྱོད་དོན་འཇིགས་ཡེར་བ་བྱུང་འདུག དབྱིན་ཇིའི་ཉེན་རྟོག་པའི་ཕྱོགས་ནས་ཚེས༩ཉིན་དབྱིན་ཇིའི་ལོ་རྒྱུས་སྟེང་གི་རྐུས་ལ་ཤོར་པའི་གྱོད་དོན་ཆེ་ཤོས་འདིར་བརྟག་དཔྱད་བྱེད་སྒང་རེད།
  དོན་རྐྱེན་བྱུང་དུས་དུས་ཆེན་ལ་འཁེལ་བ།
  དབྱིན་ཇིའི《ཉི་མའི་ཚགས་པར》གྱིས་བཀོད་པ་ལྟར་ན། གྱོད་དོན་འདི་ཚེས༣ཉིན་ལོན་ཏོན་གྲོང་ཁྱེར་གྱི་ལྟེ་གནས་སུ་ཡོད་པའི་ཧ་ཏོན་སྤྱི་གླིང་གི་ཉེན་འགོག་སྒམ་ཆུང་ཚད་ཡོད་ཀུང་ཟི་ནས་བྱུང་ཞིང་། ཧ་ཏོན་སྤྱི་གླིང་ནི་དབྱིན་ཇིའི་སྐད་གྲགས་ཆོད་པའི་མུ་ཏིག་ཉོ་ཚོང་ལྟེ་གནས་ཤིག་ཡིན་པའི་ཆ་ནས། འདི་གར་ཧ་ལམ་རྡོ་རྗེ་ཕ་ལམ་དང་། གསེར། མུ་ཏིག་འཚོང་ཁང༣༠༠དང་ཚོང་ཁང་༥༠ལྷག་འདུས་སྡོད་བྱས་ཡོད་པ་རེད།
  ཉིན་དེར། ཧ་ཏོན་སྤྱི་གླིང་གིས་ཚོང་ལས་གཉེར་མཚམས་བཞག་ནས་གཟའ་མཇུག་གི་འདས་ལོག་དུས་ཆེན་བསུས་འདུག་པ་མ་ཟད། ད་ལོའི་འདས་ལོག་དུས་ཆེན་ཏག་ཏག་པ་སི་ཀའི་དུས་ཆེན་ལ་འཁེལ་ཡོད་པས། དུས་ཆེན་ཆེན་རིང་མུ་ཏིག་ཚོང་ཁང་དང་ཉོ་ཚོང་ཁང་དག་གིས་ཉར་དངོས་གནས་སྐབས་ཉེན་འགོག་མཛོད་དུ་ཉར་ཡོད་པ་རེད།
  གསར་ལམ་ཁ་ཤས་ཀྱི་གླེང་ཕྱོགས་ལྟར་ན། རྐུན་མ་སྔ་མོ་ནས་ཐོག་ཁང་དུ་སྐུང་ཡོད་ཅིང་། ལས་མི་དག་སོ་སོར་ཕྱིན་རྗེས་ད་གཟོད་གློག་སྐས་ཤིག་བརྒྱུད་དེ་ས་འོག་ཉེན་འགོག་མཛོད་ཁང་དུ་འཛུལ་བ་རེད་ཟེར། 《ཉི་མའི་ཚགས་པར》གྱིས་མིང་བརྗོད་འདོད་མེད་པའི་མི་སྣ་ཞིག་གི་བཤད་ཚུལ་གསར་ལམ་དུ་དྲངས་པར། རྐུན་པས་ཁང་གྱང་གི་གཞོགས་གཅིག་ནས་ཁུང་བུ་བརྟོལ་ཏེ་ཐོག་ཁང་གི་གློག་སྐས་སུ་འཛུལ་བ་རེད་ཟེར།
  ཚེས༩ཉིན་གསར་ལམ་དུ་བཀོད་དོན། དོན་རྐྱེན་བྱུང་སའི་ཐོག་ཁང་གི་ཉེན་སྲུང་དམག་མི་ཞིག་གི་ཉེན་བརྡ་གྲགས་པ་ཐོས་ནའང་། དོན་རྐྱེན་ཅི་རིགས་བྱུང་པའི་རྟགས་ཅི་ཡང་མི་མངོན་པས་ཉེན་བརྡ་སྒོ་གཏན་འདུག
  ལོན་ཏོན་ཉེན་རྟོག་པས། རྐུན་མས་གཏུབ་གྲི་ལེགས་ཤོས་སྤྱད་དེ་ས་འོག་གི་ཉེན་འགོག་མཛོད་ཁང་དུ་འཛུལ་པ་དང་། དེ་གས་ཉེན་འགོག་སྒམ༦༠ནས༧༠རྐུས་ལ་ཤོར་འདུག་ཅེས་ངོ་སྤྲོད་གནང་བྱུང་།
  མུ་ཏིག་ཚོང་གཉེར་པ་མེར་ཁུ་མི་ལིས། ཉེན་འགོག་མཛོད་ཁང་ལ་སྒོ་ཉིས་བརྩེགས་ཡོད་པ་མ་ཟད། ནང་དུ་འཛུལ་མ་ཐག་སྒོ་ཟྭ་རྒྱག་བྱེད་མ་ལག་ཀྱང་བཙུགས་ཡོད། ཁྱོད་ཀྱིས་སྒོ་དེ་གཉིས་བརྒལ་རྗེས་ད་གཟོད་ནང་དུ་འཛུལ་ཐུབ་ཅེས་ངོ་སྤྲོད་གནང་བྱུང་།
  གྱོད་དོན་འདི་ཚེས་བདུན་ཉིན་དུས་ཆེན་མཇུག་དྲིལ་རྗེས་ད་གཟོད་ཤེར་རྟོགས་བྱུང་པ་རེད།
  གྱོང་གུད་ཚབས་ཆེན་ཡིན་པ།
  མི་ལིས་ཚོད་དཔག་ལྟར་ན། ཁོ་རང་ལ་ཧ་ལམ་དབྱིན་སྒོར་ཁྲི༥ཡི་གོང་ཚད་ཀྱི་ཉེན་འགོག་མེད་པའི་མུ་ཏིག་དང་ཆུ་ཚོད་འཁོར་ལོའི་གྱོང་གུད་བཟོས་ཡོད་ཅིང་། “ངས་ཆུ་ཚོད་འཁོར་ལོ་ཁ་ཤས་དང་འཚོལ་སྡུད་བྱས་ནས་བུ་ཕྲུག་ལ་སྟེར་འཆར་ཡོད་པས། དེ་ནི་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པ་ཅིག་རེད”ཟེར།
  ད་ལྟའི་ཆར། ཉེན་རྟོག་པའི་ཕྱོགས་ནས་རྐུས་ལ་ཤོར་པའི་དངོས་པོའི་ཞིབ་ཕྲའི་གནས་ཚུལ་གང་ཡང་བསྒྲགས་མི་འདུག 《ཉི་མའི་ཚགས་པར》གྱིས་ཧ་ཏོན་སྤྱི་གླིང་གི་ནང་ཁུལ་མི་སྣ་ཞིག་གི་སྐད་ཆ་བཀོད་པར། “ཧ་ལམ་གོང་ཚད་དབྱིན་སྒོར་དུང་ཕྱུར་གཉིས་ཀྱི་རྡོ་རྗེ་ཕ་ལམ་དང་། མུ་ཏིག དངུལ་སྒོར་རྐུས་ལ་ཤོར་འདུག”
  གལ་ཏེ་དངུལ་གྲངས་ཐག་ཆོད་བྱུང་པ་ཡིན་ན། འདི་ནི་དབྱིན་ཇིའི་ལོ་རྒྱུས་སྟེང་གི་རྐུས་ལ་ཤོར་གྱོད་དོན་ཆེ་ཤོས་རེད། ལོན་ཏོན་མུ་ཏིག་རིག་པའི་ཆེད་མཁས་ཐུ་ཨར་མྰ་ཝེ་སི་ཐིས། “འདས་ལོག་དུས་ཆེན་གྱི་གཟའ་མཇུག་ཏུ། ཧ་ཏོན་སྤྱི་གླིང་གི་ཉེན་འགོག་མཛོད་ཁང་ཆེ་ཤོས་རྐུས་ལ་ཤོར་ནས་གྱོང་གུད་ཚབས་ཆེན་བཟོས་འདུག”ཟེར།
  མུ་ཏིག་ལ་དགའ་མོས་ཡོད་མཁན་ལུའུ་ཡི་སི་མ་ཨར་ཁས“འདས་ལོག་དུས་ཆེན་གྱི་གཟའ་མཇུག་ཏུ་ཧ་ཏོན་སྤྱི་གླིང་གི་ཉེན་འགོག་མཛོད་ཁང་ཆེ་ཤོས་རྐུས་ལ་ཤོར་པའི་གྱོད་དོན་ཆེ་ཤོས་དེ་ནི་ཉོ་ཚོང་པ་མང་ཤོས་ལ་མཚོན་ན། འཕྲིན་བཟང་ཞིག་མ་རེད”ཅེས་སྐད་བཞག་འདུག
  བརྟག་དཔྱད་བྱེད་སྒང་ཡིན་པ།
  དབྱིན་ཇིའི་ཉེན་རྟོག་པས་གྱོད་དོན་འདིར་བརྟག་དཔྱད་བྱེད་སྒང་རེད།
  ཉེན་རྟོག་པའི་ཕྱོགས་ཀྱི་དེ་སྔའི་མཐོ་རིམ་དམག་དཔོན་ལོ་རི་ལ་མོས་དབྱིན་ཇིའི་རྒྱང་སྒྲོག་ཀུང་སིའི(BBC)གསར་འགོད་པར། གྱོད་དོན་འདིར“བྱེད་ཐབས་རྙིང་པ་ཁ་ཤས”ལྡན་ཞེས་བཤད། ཁོས གལ་ཏེ་རྐུས་ལ་ཤོར་པའི་གོང་ཚད་དབྱིན་སྒོར་དུང་ཕྱུར༢ལ་སླེབས་ཡོད་ཀྱང་ཁོ་བོ་དེར་ཡ་མཚན་སྐྱེས་མི་སྲིད་མོད། རྐུས་དངོས་ཀྱི་གོང་ཚད་ངོ་མ་དེ་ནམ་ཡང་ཡོངས་སུ་ཕྱིར་བསྒྲགས་བྱེད་མི་སྲིད་ཅེས་འདོད།
  རྟོག་ཞིབ་མི་སྣས་གནོད་འཚེ་ཐེབས་མཁན་དག་ལ་འབྲེལ་བ་བྱེད་སྒང་ཡིན་ལ། དེ་དང་ཆབས་ཅིག་གྱོད་དོན་བྱུང་ཡུལ་དུ་ཁྲིམས་དཔྱད་སྨན་པས་ཞིབ་བཤེར་ནན་མོ་བྱེད་སྒང་ཡིན་པ་མ་ཟད། དེར་ཉིན་གཉིས་ཀྱི་དུས་ཚོད་བེད་སྤྱོད་དགོས་འདུག ཉེན་རྟོག་པས་གསལ་བསྒྲགས་ཤིག་ཏུ། “འདི་ནི་རྒྱུན་རིང་ཞིང་དཀའ་སྡུག་ཆེ་བའི་བརྒྱུད་རིམ་ཞིག་རེད”ཅེས་བཀོད་འདུག
  ཧ་ཏོན་སྤྱི་གླིང་གི་ཉེན་འགོག་སྒམ་ཆུང་ཚད་ཡོད་ཀུང་སིའི་དྲ་བར། དེ་ནི་སྤྱི་ལོ༡༩༥༤ལོར་བཙུགས་ཤིང་། དབྱིན་ཇིའི་ཆེས་སྔ་བའི་ཉེན་འགོག་སྒམ་གྱི་ལས་སྒོ་མཁོ་འདོན་གནང་པའི་ཀུང་སིའི་གྲས་ཀྱི་གཅིག་ཡིན་ཞེས་བཀོད་འདུག དྲ་ཚིགས་སུ། “ང་ཚོ་ནི་མིག་སྔར་དབྱིན་ཇིའི་ཆེས་རྨད་དུ་བྱུང་ཞིང་ཆེས་གལ་ཆེ་བའི་ཉེན་འགོག་སྒམ་ཆུང་ཀུང་སིའི་གྲས་ཀྱི་གཅིག་ཡིན་ལ། འཛད་སྤྱོད་མཁན་ལ་བདེ་འཇགས་དང་། ཕན་ཁེ་ལྡན་པའི་བྱེད་ཐབས་བཏོན་པ་བརྒྱུད། གཞན་གྱིས་ཚབ་བྱེད་མི་ནུས་པའི་མི་སྒེར་ཅ་ལག་གཙོ་ཆེ་བ་དག་ཉར་ཚགས་དང་སྲུང་སྐྱོབ་བྱེད་ཀྱི་ཡོད”ཅེས་བྲིས་འདུག
  གྱོད་དོན་འདིའི་ཐད་ཀུང་སིའི་ཕྱོགས་ནས་གནས་སྐབས་སྐད་ཆ་ཅི་ཡང་བརྗོད་མི་འདུག
  རོ་ཐྲིར་སིས། དབྱིན་ཇིར་དེ་སྔོན་ཟིན་ཐོར་བཀོད་ཡོད་པའི་རྐུན་ཤོར་གྱོད་དོན་ཆེ་ཤོས་ནི༢༠༠༦ལོར་ལོན་ཏོན་ཁྲང་པོ་རི་ཆིར་གྱི་དངུལ་སྒོར་ཉར་ཁང་དུ་རྐུ་འཕྲོག་བྱས་པ་དེ་ཡིན་ལ། ཧ་ལམ་དབྱིན་སྒོར་ཁྲི༥༣༠༠(ཨ་སྒོར་ཁྲི༧༩༥༠)གི་གྱོང་གུད་ཐེབས་འདུག་ཅེས་གསར་ལམ་དུ་བཀོད་ཡོད་པ་རེད།
  ༢༠༠༠ལོར། དབྱིན་ཇིའི་ཉེན་རྟོག་པས་ལྐོག་ཇུས་ཤིས་ཚར་གཅོད་བྱེད་ཐུབ་པ་བྱུང་ཞིང་། རྐུན་མས་ལོན་ཏོན་གྱི་སྟོང་ལོའི་ཐོག་ཁང་ཆེན་མོར་འགྲེམས་སྟོན་གནང་པའི་གོང་ཚད་དབྱིན་སྒོར་དུང་ཕྱུར༣.༥(ཨ་སྒོར༥.༢༥)ཡི་རྡོ་རྗེ་ཕ་ལམ་རྐུ་འཆར་ཡོད་ཅིང་། གལ་ཏེ་རྐུན་མས་དམིགས་འདུན་འགྲུབ་པ་ཡིན་ན། དེ་ནི་འཛམ་གླིང་ཡོངས་ཀྱི་རྐུ་འཕྲོག་གྱོད་གྱོད་ཆེ་ཤོས་ཤིག་རེད།
     ཁ་བྱང་ཕྱི་མོ། ལོན་ཏོན་དུ་ཧ་ལམ་དབྱིན་སྒོར་དུང་ཕྱུར༢ཀྱི་མུ་ཏིག་དང་དངུལ་སྒོར་རྐུས་ལ་ཤོར་པའི་དོན་རྐྱེན་འཇིགས་ཡེར་བ་བྱུང་།
(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060