|
ཨ་རིའི་དབུས་ནུབ་ཏུ་རླུང་འཁོར་དྲག་པོ་ཐེངས་བཅུ་ལྡང་བ་དང་སེར་བ་སྐྱུར་རྩི་ཆེན་མོ་ཙམ་བབས། |
སྤེལ་དུས། 2015-04-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། ཚེ་རིང་རྣམ་རྒྱལ། |
གླིང་སྐོར་དྲ་བར་བཀོད་པའི་གསར་འགྱུར། ཟླ ༤ པའི་ཚེས ༩ ཡི་ཨ་རིའི་རྒྱ་ཡིག་དྲ་བའི་གསར་ལམ་དུ།ཚེས ༨ ཉིན། ཨ་རིའི་དབུས་ཁུལ་དང་ནུབ་རྒྱུད་ཀྱི་དབྱིན་ལེ ༡༥༠༠ (སྟོང་རྨིད ༢༤༡༤ )ཟིན་པའི་ས་ཁུལ་དུ། རླུང་འཁོར་དྲག་པོ་ཐེངས་བཅུ་ལྡང་བ་དང་སེར་བ་སྐྱུར་རྩི་ཆེན་མོ་ཙམ་བབས་དང་མཉམ་དུ། དུས་ཚོད་རེའི་མགྱོགས་ཚད་དབྱིན་ལེ ༨༠ རུ་བསླེབས་པའི་རླུང་ནག་འཚུབ་མ་སྙིང་རྗེ་མེད་པར་གཡུགས། དེ་ལས་ཀྱང་འཇིགས་ཆེ་བ་ཞིག་ཏུ། གནམ་གཤིས་ཆེད་མཁས་པས་ཚེས ༩ ཉིན་གྱི་གནམ་གཤིས་ངན་པས་མི་བྱེ་བ་དགུ་དང་ས་ཡ་ལྔ་ལྷག་ལ་ཤུགས་རྐྱེན་ཐེབས་པར་བརྗོད། ![]() མི་ཞིག་གིས་སྐྱུར་རྩི་ཆེན་མོ་དང་སེར་རྡེའུ་མཉམ་དུ་བཞག་ནས་ཆེ་ཆུང་སྡུར། ![]() རླངས་འཁོར་ཞིག་སེར་རྡེའུ་ཡིས་བཅགས་པའི་པར་དྲ་ངོས་སུ་བུད། ![]() གནམ་གཤིས་ངན་པའི་དཔེ་མཚོན་རི་མོ། ![]() རླུང་འཁོར་དྲག་པོ་སྨྱོ་རྒྱུགས་བྱེད་ཚུལ། ཨ་རིའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟི(NBC)ཡི་ཆུ་ཁཱ་སྒོ(Chicago)རྒྱང་སྒྲོག་ཏུ་བྱུང་བ་ལྟར་ན། ཚེས ༩ ཉིན་ཆར་རླུང་དྲག་པོ་ཆི་ཁཱ་སྒོར་བཅར་བ་དང་སྟུན་ནས་གནས་དེའི་གནམ་ཐང་ཆེན་མོ་གཉིས་ཀྱིས་འཕུར་ཐེངས ༧༧༠ རྩིས་མེད་དུ་བཏང་འདུག རྒྱལ་ཁབ་གནམ་དཔྱད་ཁང་གིས་ཨེ་ལེ་ནཱོ(Illinois)མངའ་སྡེ་ཧྲིལ་བོ་ནས་དྲག་ཆར་དང་རླུང་འཁོར་དྲག་པོ། རླུང་ནག་འཚུབ་མ། སེར་བ་སོགས་ཀྱི་གནམ་གཤིས་ཐ་ཤལ་འབྱུང་བར་སྔོན་བརྡ་བཏང་། ད་ལྟའི་བར་རྒྱལ་ཁབ་གནམ་དཔྱད་ཁང་དུ་རླུང་འཁོར་དྲག་པོ་བཅུ་བྱུང་བའི་སྙན་ཞུ་འབྱོར་མོད། མཱིས་ཟི་རི(Missouri)དང་ཨོ་ཁི་ལ་ཧོའུ་མ(Oklahoma)ནས་གཅིག་རེ་བྱུང་ཡོད་པ་ལས། གཞན་དག་ཁན་ཛ་སི(Kansas)ནས་བྱུང་བར་བཤད་མོད། མིག་སྔར་གསལ་ཐག་ཆོད་པ་བྱུང་མེད་ན་ཡང་།ཆེས་ཆེ་བའི་ཚངས་ཐིག་དབྱིན་ཚུན ༤ (ལིའི་སྨི༡༠﹒༡༦)ལྡན་པའི་སེར་བ་དང་རླུང་ནག་འཚུབ་མ་ཡིས་ཨ་རི་མངའ་སྡེ ༡༢ རུ་སྨྱོ་རྒྱུགས་ཀྱིས་ཁང་ཀླད་རྟོལ་བ་དང་སྡོང་རྒན་བལ་འདུག་པ་ནི་མངོན་སུམ་རེད། ཨི་ཧཱོ་ཡོ་དྷ་ཐྲིན་སློབ་ཆེན་གྱི(University of Dayton)སློབ་མ་ཞིག་ལ་ཐོག་བརྒྱབ་ནས་རྨས་ཕོག་པ་དང་།ཨོ་ཁི་ལ་ཧོའུ་མའི(Oklahoma)མངའ་སྡེ་ཡི་ཐྲོའུ་སཱ(Tulsa)ནས་གནམ་གཤིས་ངན་པས་ཡི་སློབ་འཁོར་བསྒྱེལ་བས།སློབ་མ་ཆུང་ཆུང་བཞི་སྨན་ཁང་དུ་བསྡད་པའི་གནས་ཚུལ་ཀྱང་བཀོད་འདུག གཞན་ཡང་།ཨ་རིའི་སྐུད་ལྡན་བརྙནའཕྲིན་གསར་འགྱུར་དྲ་བའི(CNN)གསར་ལམ་དུ།ཚེས ༨ ཀྱི་དགོང་མོར།མི་ཞིག་གིས་ཝེ་ཐྲི་ཐའི(Wichita)ནུབ་ཕྱོགས་ཀྱི་གནས་ཁ་ཤས་ནས་རླུང་འཁོར་དྲག་པོ་བྱང་ཤར་ཕྱོགས་སུ་བསྐྱོད་དེ་ཝེ་ཐྲི་ཐ་ཉེན་ཁ་ལས་ཐར་ཚུལ་སྙན་ཞུ་བྱས་མོད།ཁན་ཛ་སི(Kansas)མངའ་སྡེའི་ས་ཁུལ་གཞན་ཁ་ཤས་ལ་རླུང་འཁོར་དྲག་པོའི་ཉེན་བརྡ་བཏང་ཡོད་པས།དེ་དག་གི་གནས་ཚུལ་གསལ་བོ་འབྱུང་མི་འདུག གནམ་གཤིས་ངན་པ་འདི་ཚེས ༩ ཉིན་ཆི་ཁཱ་སྒོ་དང་མན་ཧྥེ་སི(Memphis)ལོའུ་ཨེ་སི(St. Louis)སི་སི་ནཱ་ཐྲེ(Cincinnati)སོགས་སུ་འཇབ་རྒོལ་བྱས།དེ་ལྟར་གནམ་གཤིས་འདིས་ཨ་རིའི་དབུས་ནུབ་དང་སྨི་སི་སི་ཕཱི(Mississippi)བཞུར་ཡུལ།ཐན་ནི་སེ(Tennessee)ཆུ་ལག་ས་ཁུལ།མཚོ་ཆེན(འཛམ་གླིང་ཐོག་གི་ཚྭ་མེད་མཚེའུ་ཆེས་ཆེ་བའི་ཆུ་ལག་ས་ཁུལ་སྟེ་ཁྱབས་ཁོངས་སུ་དབྱིན་ལེ་གྲུ་བཞི་མ ༩༤༢༥༠ ལྷག་ཡོད)ལྷོ་ཁུལ་གྱི་མི་བྱེ་བ་བདུན་དང་ས་ཡ་ལྔ་ལྷག་ལ་ཤུགས་རྐྱེན་ཐེབས། ཁ་བྱང་ཕྱི་མོ། ཨ་རིའི་དབུས་ནུང་ཏུ་རླུང་འཁོར་དྲག་པོ་ཐེངས་བཅུ་ལྡང་བ་དང་སེར་བ་སྐྱུར་རྩི་ཆེན་མོ་ཙམ་བབས། (རྩོམ་འགན་པ། ལྷ་དབང) |
|
|||||||||
| |||||||||