༢༠༡༥ ལོའི་ཕྱི་ཟླ ༦ པའི་ཚེས ༡༨ ཉིན་ཀྲུང་གོའི་ཉིན་ཚགས་ཀྱི་དྲ་བར་ཨ་རིའི་སྨྱན་ལམ་གྱི་གསར་འགྱུར་ཞིག་བཀོད་པ་ལྟར་ན། ཨ་རིའི་ནོར་སྲིད་པུའུ་ནས ༢༠༢༠ ལོར་ཨ་སྒོར་ངོས་སུ་བུད་མེད་ཅིག་གི་དབུ་པར་འཇོག་རྒྱུ་ཡིན་པ་དང་། འདི་ནི་ཨ་རིས་ལོ་ངོ ༡༡༩ འགོར་རྗེས་བུད་མེད་ཀྱི་དབུ་པར་ཨ་སྒོར་ངོས་སུ་བཞག་པ་རེད།
གསར་ལམ་དུ་ཨ་རིའི་སྨྱན་སྦྱོར་གྱིས་ཕྱི་ཟླ ༦ པའི་ཚེས ༡༧ ཉིན་ཨ་རིའི་ནོར་སྲིད་པུའུ་ཡིས་བརྗོད་པ་ལྟར་ན་དངུལ་ཐང ༡༠ ཅན་གྱི་ཨ་སྒོར་ངོས་སུ་བུད་མེད་ཅིག་གི་དབུ་པར་གཞག་རྒྱུ་ཡིན་པ་དང་། དམངས་འདུན་ལ་བལྟས་རྗེས། ད་ལོའི་སྟོན་ཀར་སུ་འཇོག་མིན་ཐག་གཅོད་བྱ་རྒྱུ་དང་། འདི་ནི་ཨ་རིས་ལོ་ངོ ༡༡༩ འགོར་རྗེས་ཆེས་ཐོག་མར་བུད་མེད་ཀྱི་དབུ་པར་ཨ་སྒོར་ངོས་སུ་བཞག་པ་རེད་ཅེས་བཀོད་འདུག
གསར་ལམ་དུ་བརྗོད་དོན། ཁྲིམས་ཀྱི་ངོས་ཐད་ནས་གླེང་ན། ཨ་རིའི་ནོར་སྲིད་པུའུ་ཀྲང་ལྗེ་ཁུ་ལི(Jack Lew)ལ་སྒོར་ངོས་སུ་ལོ་རྒྱུས་བུད་མེད་སུ་འཇོག་གི་དབང་ཆ་ཡོད། ལི་ནས་ཀྱང་ད་ལོའི་དབྱར་ལ་དམངས་འདུན་བརྟག་བཤེར་བྱས་རྗེས། སྟོན་ཀར་ད་གཟོད་ཐག་གཅོད་བྱ་རྒྱུ་ཡིན་པ་ཞེས་གསལ་བོ་གསུངས་ཡོད། སུ་འཇོག་བདམས་ཐོན་བྱུང་རྗེས། དངུལ་ཐང ༡༠ ཅན་གྱི་སྒོར་གསར་གྱི་པར་རིས་དང་རྫུན་རྟོལ་ཇུས་འགོད་བྱས་དང་མཉམ་དུ། ཤོག་སྒོར་ངོས་སུ་རེག་ཚོར་ཐད་ལེགས་པོ་ཞིག་བསྒྲུབས་ཏེ་ཞ་རར་སྟབས་བདེ་འོང་དགོས།རེད་དེ་འདི་འཁོར་རྒྱུག་བྱེད་པའི་དུས་ནི་ལོ་ལྔའི་རྗེས་ཀྱི་བྱ་བ་རེད་ཅེས་བྱུང་འདུག་ལ།
དེར་མུ་མཐུད་དུ། མིག་སྔའི་ཨ་སྒོར་དངུལ་ཐང ༡༠ ཅན་གྱི་པར་མགོ་ནི་ཨ་རིའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་ཐོག་མ་ཨ་ལི་སན་དྷོར•ཧལ་ལོ་ཐྲན(Alexander Hamilton)ཡིན། ཧལ་ལོ་ཐྲན་གྱིས་ཨ་རིར་ཁེར་ཚུགས་ཀྱི་ནོར་སྲིད་མ་ལག་ཅིག་ཚུགས་པར་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ཨ་རིའི་ནོར་སྲིད་པུའུ་ནས་ཀྱང་དངུལ་ཤོག་གསར་བར་བུད་མེད་ཀྱི་དབུ་པར་བྱུང་ཡང་ཁོའི་མགོར"བདེ་མོ་མི་འཇོག་པར"རྣམ་པ་གསར་བ་ཞིག་གི་ལམ་ནས་མུ་མཐུད་དུ། རྒྱབ་ངོས་སམ་ཡང་ན་ཁེར་ཚུགས་ཀྱིས་ཧལ་ལོ་ཐྲན་རྣམ་པའི་བཅུ་ཤོག་དཔར་སྲིད་ཅེས་བརྗོད་འདུག
གསལ་བཤད་ལྟར་ན། མིག་སྔར་ཁྲོམ་རར་དངུལ་ཐང་བཅུ་ཅན་གྱི་ཨ་སྒོར་དུང་ཕྱུར ༡༩ འཁོར་རྒྱུག་བྱེད་བཞིན་ཡོད་ལ། མུ་མཐུད་དུ་ལོ་བཅུར་འཁོར་རྒྱུགས་བྱ་སྲིད་པ་དང་།
ཨ་སྒོར་བཅུ་ཅན་ངོས་ཀྱི་ཧལ་ལོ་ཐྲན་གྱིས"གོ་གནས་སྤྲད་པ"འདིས་ཉི་ཤུའི་ངོས་སུ་ཡོད་པའི་ཨན་སྒྲོལ་ལྗེ་ཁུ་སིན(Andrew Jackson)"ཉེན་ཁ་ཐེངས་ཤིག་ལས་ཐར"བར་བརྗོད་འདུག དེའི་དོན་ཅི་ཞེ་ན། ད་ལོའི་སྔ་ཙམ་དུ་ཨ་རི་བ་ཁ་ཤས་ཀྱིས་དྲྭ་ཐོག་ནས ༢༠༡༠ ལོར་ལྗེ་ཁུ་སིན་དངུལ་ཐང ༢༠ ཅན་གྱི་ཤོག་དངུལ་ངོས་ནས་བླངས་ཏེ་བྲན་རྒོལ་བ་ཧར་ལེ་ཐྲི་ཐ་པོ་མན་གཞག་ན་འོས་པའི་རེ་ཞུ་བྱས་འདུག འོན་ཀྱང་ལི་ནས་རེ་ཞུ་འདིར་མོས་མཐུན་མེད་པར། བདེ་འཇགས་ནི་ཤོག་དངུལ་བརྗེ་སྤོར་བྱེད་པར་མདང་རྒྱག་པའི་གནས་གལ་ཆེན་ཡིན་པས།ཐེངས་འདིར་ཤོག་དངུལ་གསར་སྒྱུར་བྱེད་རྒྱུ་ནི་དངུལ་ཐང ༡༠ ཅན་ལས ༢༠ ཅན་མིན་ཞེས་བསྟན།
ལི་ནས་མུ་མཐུད་དུ ༢༠༡༣ ལོར་ཁོང་ནོར་སྲིད་པུའུ་ཀྲང་མ་བསྐོས་པའི་སྔོན་དུ་ཨ་རིའི་སྲིད་གཞུང་གིས་བུད་མེད་ཀྱི་དབུ་པར་ཤོག་དངུལ་ངོས་ཕབ་པའི་འཆར་གཞི་བཀོད་ཡོད་ལ། ༢༠༡༤ ལོར་ཨོ་བྷ་མས་ཀྱང་བསམ་ཚུལ་འདི་ལེགས་པོ་ཞིག་རེད་ཅེས་བསྟན་མྱོང་།
འདིའི་སྔོན་དུ། མེ་བྱང་གི་དབྱིན་ཏིས་ཨན་གྱི་བུ་མོ་པོ་ཁཱ་ཧུང་ཐ་སི་ནི་ཨ་སྒོར་ངོས་བུད་པའི་བུད་མེད་དང་པོ་གྱུར་ལ། ༡༨༦༥ ལོར་དངུལ་ཐང ༢༠ ཅན་གྱི་ཨ་སྒོར་ངོས་སུ་བཀོད། དེ་ལས་གཞན ༡༨༩༦ ལོའི་ཨ་སྒོར་དངུལ་ཐང་གཅིག་ཅན་གྱི་སྐར་དབྱིབས་ངོས་སུ་ཧྭ་ཧྲིན་ཏུང་གི་སྐུ་ལྕམ་མཱ་ཧྲ་བུད་མྱོང་བར་བཤད་འདུག
ཨ་རིའི་ཁྲིམས་ལྟར་ན། མི་གསོན་པོའི་དབུ་པར་དངུལ་སྒོར་གྱི་ངོས་སུ་འབྱུང་མི་ཆོག འོན་ཀྱང་ཤོག་སྒོར་གཅིག་ཅན་གྱི་ངོས་སུ་ཆོ་ཐྲི་ཝར་ཧྲིན་ངེས་པར་འཇོག་དགོས་ཟེར།
ཁ་བྱང་ཕྱི་མོ། ཨ་རིའི་ཤོག་སྒོར་ངོས་བུད་མེད་ཀྱི་དབུ་པར་ཐོག་མ་འཇོག་རྒྱུ་ཡིན་ཟེར།
(རྩོམ་འགན་པ། སྒྲོལ་ཚེ།)