སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཨ་རིའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱིས་མངལ་ནས་ཤི་བའི་ཁྱེའུ་བཙོངས་པར་ཐེར་འདོན་བྱས་འདུག
སྤེལ་དུས། 2015-07-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཀླུ་རྒྱལ།
  “ང་ཚོ་བློ་སྙིང་མཆིན་པ་སོགས་ལེན་རྒྱུར་ཤིན་ཏུ་མཁས། ང་ཚོ་དེ་དག་ལ་རྒྱུས་ལོན་ཡོད་པའི་རྐྱེན་གྱིས་གཏོར་བརླག་ཐེབས་སུ་མི་འཇུག ངས་གོང་འོག་གི་མ་ལག་རྡུང་ནས་གས་རྗེས་དེ་དག་ཧྲིལ་བོ་ལྷག་ཡོད་མེད་ལ་ལྟ་ངེས”
  ཉེ་སྔོན། མི་ལ་ཧང་སངས་སུ་འཇུག་པའི་ལྐོག་བླངས་བརྙན་རིས་ཤིག་གིས་ཨ་རིའི་འབྲེལ་འདྲིས་དྲ་རྒྱར་བརྡབ་གསིག་སྤྲད། བརྙན་རིས་དེའི་ཁྲོད་སྨན་པ་ནེ་ཁ་ཏོ་ནས(Deborah Nucatola)གོང་ལྟར་བུ་འདེད་བརྒྱུད་རིམ་གླེང་བྱུང་། བརྙན་རིས་དེ་ནི་ཨ་རིའི་སྨན་བཅོས་འཕེལ་རྒྱས་ལྟེ་གནས་ཀྱི་ཁྱབ་བསྒྲགས་བྱས། ཨ་རིའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་སྨན་བཅོས་ཞབས་ཞུ་ལས་ཁག་གི་མཐོ་རིམ་དབང་འཛིན་པ་དེས་ཉོ་མཁན་ལ་རྫུས་ཡོད་པའི་བརྟག་ཞིབ་མི་སྣར་བྱང་ཆ་ལྡན་པའི་སྒོ་ནས་མངལ་དུ་ཤི་བའི་ཁྱེའུ་ཡི་ཉོ་ཚོང་ངོ་སྤྲོད་བྱས་སོང་། དོན་དེའི་བྱུང་རྗེས་ལོ་ཡེ་སུ་ཨན་ན་ཁུལ་གྱི་ཁུལ་དཔོན་པའོ་པེ་ཅིན་ཏ་འར(Bobby Jindal)དང་ཏི་ཁི་ས་སི་ཁུལ་གྱི་ཁུལ་དཔོན་ཁུ་ལེ་ཀུ་ཨ་པའོ་ཐུག(Greg Abbott)ཉིས་ཀྱིས་དེ་ལ་རྩད་གཅོད་བྱ་རྒྱུ་ཡིན་པ་བསྒྲགས།
  བརྙན་རིས། “དེང་སྐངས་མི་རྣམས་ལ་སྙིང་ཧྲིལ་བོ་དགོས་ཀྱིན་ཡོད ”
  “གནོད་སྐྱོན་ཐེབས་མེད་པའི་མཆིན་པ་ཇི་ལྟར་མང་ན་དེ་ལྟར་བཟང་། མི་ཚོར་དུས་རྒྱུན་དུ་མཆིན་པ་ཧྲིལ་བོ་མཁོ་བཞིན་ཡོད། རྐང་བ་དགོས་མཁན་ཡང་འདུག དེ་ནི་ལས་སླ་བ་ཞིག་རེད། ངའི་ནང་དོན་ནི་དེ་ལོན་རྒྱུ་ནི་ཤིན་ཏུ་སླ་མོ་ཡིན་ཞེས་པ་ཡིན། ངས་ཁོ་ཚོས་དེ་ཁྱེར་ནས་ཅི་ཞིག་བྱ་རྒྱུ་ཡིན་པ་མི་ཤེས། ཕལ་ཆར་ཁོ་ཚོར་ཤ་གནད་མཁོ་པ་འདྲ ” ཁོ་མོས་བརྙན་རིས་ནང་དུ་འདི་ལྟར་བརྗོད་བྱུང་།
  ཕྱིར་བསྒྲགས་བྱས་ཟིན་པའི་ཡིག་ཆར་གཞིགས་ན། ཨ་རིའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ནི ༡༩༢༡ ལོར་བཙུགས་ལ་སྤྱི་ཁྱབ་ལས་ཁུངས་ནའུ་ཡོའུ་གྲོང་ཁྱེར་ན་ཡོད། དེ་ནི་རྒྱལ་སྤྱིའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱི་ཆེས་ཆེ་བའི་ཡན་ལག་ལས་ཁུངས་ཡིན་ལ། ཨ་རིའི་ཆེས་ཆེ་བའི་སྐྱེས་འཕེལ་དབང་བོའི་བདེ་ཐང་ཞབས་ཞུ་ལས་ཁུངས་ཀྱང་ཡིན། དེའི་འོག་ཏུ་ཨ་རིའི་བུ་སྐྱེས་ཚོད་འཛིན་ན་མཐུན་བཙུགས་ཡོད། མིག་སྔར་ཨ་རིའི་རྒྱལ་ཡོངས་སུ་སྨན་ཁང་ཆུང་བ ༨༢༡ ཡོད་ལ་ལོ་གཅིག་གི་འཆར་གཞི་འགྲོ་གྲོན་ནི་ཨ་སྒོར་དུང་ཕྱུར ༡༠ ཡས་མས་ཡིན། ༢༠༡༤ ལོའི་ཧྥུའུ་པུ་སུའི་ཨ་རིའི་སྙིང་རྗེ་ལས་ཁུངས་སྟོབས་ཆེན ༥༠ ཡི་ཁྲོད་དུ་ཨང ༣༨ པ་ཡིན། དེར་གཏོགས་པའི་སྨན་ཁང་ཆུང་བ ༨༢༠ ཡོད་པ་ཚང་མས་བྱིས་པ་འདེད་པའི་གཤགས་བཅོས་བཙུགས་ཡོད་པ་དེ་ལ་འདས་པའི་ལོ་བཅུ་ཕྲག་ནང་རྩོད་གཞི་ཆེན་པོ་བྱུང་ཡོད། འོན་ཀྱང་མཐུན་ཚོགས་དེ་ནི་གླེང་ཕྱོགས་ཀྱི་འགྲོ་ལུགས་ལ་ཤིན་ཏུ་མཁས། ད་དུང་དྲ་བ་དང་འབྲེལ་འདྲིས་སྨྱན་སྦྱར་བརྒྱུད་ནས་རྒྱབ་སྐྱོར་དང་ཞལ་འདེབས་ཐོབ་པར་བྱེད་བཞིན་ཡོད།
   Buzzfeed ཀྱིས་སྤེལ་བ་ལྟར་ན། ཀུན་གྱི་སྐྱོན་བརྗོད་བྱས་པ་ལ་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱིས་ཁ་ལན་སྤྲད་རྒྱུར། ལྐོག་བླངས་བརྙན་རིས་དེ་ནི་མིས་བསམ་གཟས་ནས་ཞིབ་མོར་བཟོས་པ་ཞིག་རེད་ལ། རྩ་འཛུགས་ཀྱི་འགན་ཁུར་མཁན་ནི་ཚེ་སྲོག་རྒྱུན་བསྲིང་བར་རྒྱབ་སྐྱོར་ཡོད་པའི་ཚན་རིག་ཞིབ་འཇུག་གི་འཆར་གཞི་ཞིག་ལ་ཞུགས་བཞིན་ཡོད་ཀྱང་སྐད་ཆའི་ནང་དོན་ལ་གཟས་ནས་ཁྱོག་བཤད་བྱས་འདུག་ཅེས་བརྗོད་ཡོད་འདུག
  འགན་ཁུར་བ་དེས་བརྙན་རིས་ཁྲོད་དུ་བྱིས་འདེད་ཀྱི་བརྒྱུད་རིམ་ཞིབ་ཚགས་བརྗོད་བྱུང་ལ། ཁོ་ཚོས་ཆེད་ལས་རང་བཞིན་མངོན་ཆེད་མོས་བཤད་རྒྱུར། གལ་ཏེ་མངལ་གྱི་མགོ་བོ་མར་འཁོར་ཡོད་ཚེ་མངལ་ཤོར་བའི་སྐབས་སུ་བུ་སྣོད་ཁ་ཕྱེ་མ་ཐུབ་ཚེ་མགོ་བོར་གནོད་པ་ཐེབས་སྲིད་པས་ཁོ་ཚོས་ཚད་བརྒལ་སྒྲ་རླབས་ལ་བརྟེན་ནས་མངལ་ལ་སྙོམས་སྒྲིག་བྱས་ནས་མངལ་གྱི་རྐང་བ་ཐོག་མར་ཕྱིར་འབུད་དུ་འཇུག་བཞིན་ཡོད་ཅེས་བཤད་བྱུང་།
  བརྙན་རིས། མངལ་གྱི་མགོ་མཇུག་བརྗེ་མི་ཡོད།
  དེའི་མིང་ལབ “ར་སྐྱེས་བྱིས་འདེད་བྱེད” ཐབས་ཞེས་ཟེར། མངལ་སྦྲུམ་ནས་ཟླ་བཞི་དང་ཕྱེད་ཀ་ནས་ཟླ་དགུ་བར་གྱི་མངལ་གྱི་མགོ་གཞུག་སྙོམས་སྒྲིག་བྱས་ནས་རྐང་བ་ནས་ཕྱིར་བཏོན་རྗེས་མགོ་བོ་ནང་དུ་བཞག་ལ། དེ་ནས་ཁེ་གྲི་བཀོལ་ནས་ཀླད་པ་དྲལ་ནས་ནང་གི་རུས་པ་དང་ཀླད་པ་བཏོན་རྗེས་མངལ་ཧྲིལ་བོ་འདོན་པ་ཞིག་ཡིན། “བར་སྐྱེས་བྱིས་པ་འདེད་ཐབསནི” ཨ་རིའི་མཉམ་འབྲེལ་སྲིད་གཞུང་གི་ནག་ཉེས་ཆེན་པོ་ཡིན་ལ། ཆེས་མང་ན་ལོ ༢ ལ་བཙོན་འཇུག་དང་ཡང་ན་ཨ་སྒོར་ཁྲི ༢༥ ཡི་ཁྲིམས་ཆད་ཡོད།
  བརྙན་རིས་ལས་སྟོན་པའི“བར་སྐྱེས་བྱིས་པ་འདེད་ཐབས།”
  རྩོད་གཞི་འབྱུང་རྐྱེན་གཞན་ཞིག་ནི་སྨན་པས་ཚོང་རྫས་སྤྱར་བཏང་ཞིག་བཙོང་བའི་རྣམ་འགྱུར་བཟུང་ནས་ཁྱེའུ་ཡི་མ་ལག་གླེང་མོལ་བཤད་པ་དེ་རེད། “ཁག་རེ་རེར་ཨ་སྒོར ༣༠ ནས ༡༠༠ ཡིན། ལས་ཁུངས་ཀྱི་ཁྱད་པར་གྱིས་ཅུང་མི་འདྲ།” ནའུ་ཁ་ཏོ་ནས་དེ་ལྟར་བརྟག་ཞིབ་བྱེད་མཁན་ལ་བརྗོད་བྱུང་། བྱིས་པ་འདེད་པ་ནི་ཚོང་ལས་ཤིག་ལ་རྩིས་པ་དེས་དམངས་ཚོགས་ཁོང་ཁྲོ་བསླངས་པ་དང་སེམས་པ་མི་བདེ་བར་བཏང་།
  དེ་ལས་ལྡོག་པར་ནའུ་ཁ་ཏོ་ན་སྨན་པས་བཤར་རྒྱུར། “བྱིས་འདེད་བྱ་མི་ཆོག་པ་ནི་ཁྲིམས་ཀྱིས་གཏན་ཁེལ་ཡིན་ལ་འོན་ཀྱང་ཁྲིམས་ལུགས་ལ་འགྲེལ་བཤད་ཁ་ཤས་ཡོད་ཆོག་ཞེས་བརྗོད་ཡོད།”
a
  བརྙན་རིས “ཁག་རེ་རེར་ཨ་སྒོར ༣༠ ནས ༡༠༠ ཡིན། ལས་ཁུངས་ཀྱི་ཁྱད་པར་གྱིས་ཅུང་མི་འདྲ།”
  ཨ་རིའི་ཁྲིམས་སུ་ཁུལ་བར་གྱི་ཚོང་ལས་ལ་གནོད་པ་མ་སྐྱེལ་ན་མངལ་ཤོར་བ་དག་སྨན་བཅོས་ལས་ཁུངས་ཁག་བར་འཁོར་སྐྱོད་བྱས་ཆོག་ལ། དེའི་ཁྲོད་དུ་རིན་གོང་ཡང་འོས་འཚམས་ཞིག་བླངས་ཆོག Daily Beast ནན་གྱིས་བཤད་རྒྱུར། “ མངལ་ཤོར་བའི་ཁྱེའུ་ཞལ་འདེབས་ཀྱི་བྱ་སྤྱོད་ཀྱིས་དངོས་ཡོད་ཀྱི་བརྒྱུད་རིམ་ལ་ཆ་རྒྱུས་མེད་པའི་དམངས་ཚོགས་ལ་བརྡབ་གསིག་ཆེན་པོ་སྤྲོད་ཀྱིན་ཡོད། དོན་དངོས་སུ་བྱ་སྤྱོད་འདིའི་རིགས་ནི་བྱུང་ནས་དུས་ཡུན་མང་པོ་འགོར་ཡོད། ཨ་རིའི་སྤྱི་ཚོགས་ཕྲ་ཕུང་སྐྱེ་དངོས་རིག་པའི་རྩ་འཛུགས(ASCB) ཀྱིས་ཞིབ་འཇུག་བྱས་པར་གཞིགས་ན། དུས་རབས ༢༠ པའི་ལོ་རབས ༣༠ ནས་བཟུང་ཚན་རིག་པས་མིའི་རིགས་ཀྱི་མངལ་གྱི་མ་ལག་ལ་ཞིབ་འཇུག་བྱས་མགོ་བརྩམས་ཡོད། དུས་རབས ༢༠ པའི་ལོ་རབས ༦༠ ནས་བཟུང་ནད་འགོག་ལྟེ་གནས་ཀྱིས་མངལ་ཤོར་བའི་ཁྱེའུ་ཡི་མ་ལག་འགོག་སྨན་གསར་གཏོད་བྱེད་པར་བཀོལ་ཡོད། ༡༩༨༨ ལོར་ལོ་ཏི་ན་ལི་ཀན་གྱིས་མངལ་གྱི་མ་ལག་དག་སྤོ་འཛུགས་བྱེད་པ་བཀག་ལ་ཞིབ་འཇུག་གཞན་དག་སྔར་བཞིན་བྱེད་བཞིན་ཡོད། ༡༩༩༣ ལོར་པེ་འུར་ཁུ་ལིན་ཏུན་གྱིས་བཀག་འགོག་དེ་གྲོལ་བ་རེད།
  ཨ་རིའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པས་ཀྱང་ནན་གྱིས་བརྗོད་དོན། “ཁོ་ཚོའི་བྱ་སྤྱོད་ནི་ཁྲིམས་དང་མཐུན། ནད་པས་མཚམས་ལ་རེར་ཚན་རིག་ཞིབ་འཇུག་གི་ཆེད་དུ་དབང་བོ་ཕུལ་ནས་སྨན་རིགས་གསར་བ་གསར་གཏོད་ལ་རོགས་འདེགས་བྱེད་ཀྱིན་ཡོད། དཔེར་ན་ནད་རིགས་ལྗིད་མོ་ཁ་ཤས་ཀྱི་གསོ་བཅོས་ཞིབ་འཇུག་ལྟ་བུ། འཆར་ལྡན་བུ་སྐྱེས་མཐུན་ཚོགས་སུ་བྱིས་པ་འདེད་པའི་བུད་མེད་དག་ཀྱང་དེ་དང་གཅིག་མཚུངས་ཡིན། བདེ་ཐང་ལྟེ་གནས་འགའ་ཤས་སུ་ང་ཚོས་དབང་བོ་འབུད་འདོད་པའི་ནད་པ་དག་ལ་རོགས་རམ་བྱེད་ཀྱིན་ཡོད། སྤུས་ཚད་མཐོ་བའི་བདེ་ཐང་གསོ་སྐྱོང་མཁོ་སྤྲོད་བྱེད་མཁན་དང་འདྲ་བར། དེ་ནི་ནད་པའི་དབང་ཆ་ཡོངས་རྫོགས་དང་འོས་འཚམས་ཀྱི་མོས་མཐུན་འོག ཀུན་སྤྱོད་དང་ཁྲིམས་དང་མཐུན་པའི་ཚད་ཐིག་འོག་ནས་སྒྲུབ་པ་ཞིག་ཡིན། ཕྱོགས་གཉིས་ཀས་དེའི་ཁྲོད་དུ་ཁེ་སྤོགས་རག་གིན་མེད།”
  ཁྲིམས་ལུགས་ཀྱི་རྩོད་གཞི་ལས་གཞན། བརྙན་རིས་དེས་ཨ་རིའི་དམངས་ཚོགས་ལ་ཀུན་སྤྱོད་ཀྱི་བརྡབ་གསིག་སྤྲད་ཡོད། ད་དུང་སྤྱི་མཐུན་ཏང་གི་སྲིད་འཛིན་འོས་མི་གྲས་ཡིན་པའི་ཅིན་ཏ་འུར་ལ་འདོད་ཚུལ་བརྗོད་པའི་གོ་སྐབས་ཤིག་སྤྲད་སོང་། ཁོས་བརྙན་རིས་དེ་ནི་ཧ་ལས་པ་དང་སྐྱུག་ལོག་པ་ཞིག་རེད་ཅེས་སྐྱོན་བརྗོད་ནན་མོ་བྱས་ཡོད་ལ། ལོ་ཡེ་སུ་ཨན་ན་ཁུལ་གྱི་འཕྲོད་བསྟེན་དང་སྨན་ཁང་ལས་ཁག་ལ་ཡ་ང་བ་དང་ཁྲིམས་འགལ་གྱི་བྱ་སྤྱོད་དེར་བརྟག་ཞིབ་བྱེད་དགོས་པ་དང་། ཞིབ་འཇུག་གི་འབྲས་བུ་མ་ཐོན་པའི་སྔོན་དུ་ལག་ཁྱེར་སྟེར་མི་ཆོག་པའི་བཀའ་བབས། ད་དུང FBI ཞུགས་ནས་རྩད་ཞིབ་བྱ་དགོས་པའི་རེ་བ་བཏོན་ཡོད། ཏི་ཁི་ས་སི་ཁུལ་གྱི་ཁུལ་དཔོན་གྱིས་ཀྱང་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
  འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱིས་སྐྱོན་བརྗོད་དག་གཏན་ནས་ཁས་མ་བླངས་པར། ཁོ་ཚོས་དེ་ནི་བྱིས་འདེད་ལ་ཚད་འདས་ངང་རྒོལ་བའི་མི་དག་གིས་ལས་ཁུངས་ཀྱི་སྣང་བརྙན་ལ་བསྙོན་འཛུགས་པའི་བྱ་སྤྱོད་ཡིན་ལ། བྱིས་འདེད་ལ་རྒོལ་བ་དག་ལ་རྒྱབ་སྐྱོར་ཡོད་པའི་སྲིད་འཛིན་པ་དག་གིས་གཡོ་བཅོས་ཡིན་པས་གཏན་ནས་ཡིད་ཆེས་བྱ་མི་རུང་ཞེས་བརྗོད།
   ཁ་བྱང་ཕྱི་མོ། ཨ་རིའི་འཆར་ལྡན་བུ་སྐྱེས་མཐུན་ཚོགས་ཀྱིས་མངལ་ནས་ཤི་བའི་ཁྱེའུ་བཙོངས་པར་ཐེར་འདོན་བྱས་འདུག
(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070