སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཞིང་ཆེན༢༠ཡི་མ་མཐའི་གླ་ཕོགས་མཐོ་རུ་བཏང་བ།
སྤེལ་དུས། 2013-01-28   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ངོ་སྤྲོད་གནང་བར་གཞིགས་ན། ལས་ཞུགས་ལས་དོན་ཐད། སྤྱི་ལོ༢༠༡༢ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་དུ་མི་བྱེ་བ༡.༢༦༦ལས་ཞུགས་གསར་སྣོན་ཐུབ་ཡོད་པ་དང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་ལས་ཤོར་མི་སྣ་ས་ཡ༥.༥༢བསྐྱར་དུ་ལས་ཞུགས་ཐུབ་ཡོད། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་ས་ཡ༡.༨༢ལས་ཞུགས་ཐུབ་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་བརྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆའི་༤.༡ཡིན་པ་རེད།
    
ད་ལོ་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ས་ཡ༧ཟིན་གྱི་ཡོད་པ་དང་། ན་ནིང་དང་བསྡུར་ན་མང་དུ་ཕྱིན་པ་རེད། དེའི་ཐོག་སྐབས་རིམ་བྱུང་གི་སློབ་ཐོན་བྱས་ནས་ལས་ཞུགས་ཐུབ་མེད་པའི་མི་སྣ་སྣོན་ཚེ། ད་ལོ་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་གནོན་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ལས་དོན་བཀོད་སྒྲིག་ཁྲོད། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དེ་ཨང་དང་པོར་འཇོག་དགོས་པའི་ནན་བཤད་བྱས་ཡོད། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་ཟིན་ཡོད་པ་རེད།
    
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འགན་འཁུར་བས་ངོ་སྤྲོད་གནང་བར་གཞིགས་ན། ད་ལོ། ཞིང་ཆེན༢༥ཡིས་དཔལ་འབྱོར་གོང་འཕེལ་གནས་ཚུལ་ལ་གཞིགས་ནས་མ་མཐའི་གླ་ཕོགས་ཚད་གཞི་འོས་འཚམས་ཀྱི་མཐོ་རུ་གཏོང་རྒྱུ་ཡིན་པ་དང་། ཆ་སྙོམས་འཕར་ཚད་བརྒྱ་ཆའི་༢༠ཟིན་རྒྱུ་ཡིན་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070