སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འགྲིམ་འགྲུལ་དོན་རྐྱེན་གྱི་གུན་གསབ་ཀྱི་གཏན་འབེབས་གསར་པ།
སྤེལ་དུས། 2013-01-28   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་གྱི་གནོད་འཚེའི་གུན་གསབ་གྱོད་གཞི་འདྲི་གཅོད་བྱེད་པའི་ཁྲིམས་འཛིན་འགྲེལ་བཤད་ཅེས་པ་སྤྱི་ཚེས༢༡ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད། ཁྲིམས་འཛིན་འགྲེལ་བཤད་ནང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་གཏན་འབེབས་བྱས་པའི་མི་སྣ་ཤི་རྨས་དང་། རྒྱུ་ནོར་གྱོང་གུན་ཐད་འགྲེལ་བཤད་རང་བཞིན་གྱི་གཏན་འབེབས་བྱས་ཡོད་པ་དང་། དེའི་ནང་། མི་སྣ་ཤི་རྨས་ནི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ནང་མི་ལུས་ཁེ་དབང་ལ་གནོད་འཚེ་བཟོས་པ་ལས་བཟོས་པའི་གྱོང་གུན་ལ་ཟེར་བ་དང་། རྒྱུ་ནོར་གྱོང་གུན་ནི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ནང་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་འཚེ་བཟོས་པ་ལས་བཟོས་པའི་གྱོང་གུན་ལ་ཟེར་བ་གསལ་བཏོན་བྱས་ཡོད་པ་དང་། གནོད་འཚེ་ཕོག་མཁན་ནམ་དེའི་སྤུན་ཉེས་འགྲིམ་འགྲུལ་བཙན་ཐབས་འགན་བཅོལ་ཉོ་སའི་ཀུང་སིས་སྔོན་ལ་སེམས་ཁམས་ཀྱི་གྱོང་གུན་ཁ་གསབ་སྤྲོད་དགོས་པའི་རེ་ཞུ་བཏོན་ཚེ་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་དགོས་པ་གསལ་བཏོན་བྱས་ཡོད་པ་རེད། ཁྲིམས་འཛིན་འགྲེལ་བཤད་ནང་གྱོང་གུན་རིགས་བཞི་དོ་བདག་གིས་དབང་ཆར་བཙན་གནོད་བྱེད་མཁན་གྱིས་གྱོང་གུན་ཁ་གསབ་བྱེད་དགོས་པའི་རེ་ཞུ་བྱས་ཚེ་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་དེ། དང་པོ། སྐྱོན་བཏང་བའི་རླངས་འཁོར་བཟོ་རྒྱུའི་ཐད་བཏང་བའི་འགྲོ་སོང་དང་། རླངས་འཁོར་ནང་བླུགས་པའི་དངོས་པོའི་གྱོང་གུན། རླངས་འཁོར་ཉེན་ཁའི་གནས་ལས་སྤོས་པའི་འགྲོ་སོང་བཅས་དང་། གཉིས་པ། རླངས་འཁོར་རྩ་བ་ནས་འཕྲོ་བརླག་ཕྱིན་པའམ་ཉམས་བཟོ་བྱེད་ཐབས་མེད་པའི་རྐྱེན་གྱིས། འགྲིམ་འགྲུལ་དོན་རྐྱེན་ནང་འཕྲོ་བརླག་ཤོར་བའི་རླངས་འཁོར་དང་རིན་ཐང་གཅིག་པ་ཡིན་པའི་རླངས་འཁོར་ཉོ་བྱེད་ཀྱི་རིན་པ། གསུམ་པ། ཁྲིམས་ལྟར་ཟོག་འདྲེན་དང་འགྲུལ་སྐྱེལ་སོགས་བྱེད་པའི་ཚོང་གཉེར་རང་བཞིན་གྱི་རླངས་འཁོར་དེ་མཚུངས་ཀྱི་ཚོང་གཉེར་ལས་སྒོ་གཉེར་མི་ཐུབ་པའི་རྐྱེན་ལས་ཐོན་པའི་ལུགས་མཐུན་གྱིས་རླངས་འཁོར་བེད་སྤྱོད་གཏོང་མཚམས་བཞག་པའི་གྱོང་གུན། བཞི་པ། ཚོང་གཉེར་རང་བཞིན་མིན་པའི་རླངས་འཁོར་མུ་མཐུད་བེད་སྤྱོད་གཏོང་ཐབས་མེད་པ་ལས་བཟོས་པའི་ཚབ་བྱེད་རང་བཞིན་གྱི་འགྲིམ་འགྲུལ་ཡོ་བྱད་ཀྱི་ལུགས་མཐུན་འགྲོ་སོང་བཅས་ཡིན་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070