སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྤྱི་བདེ་པུས་འཕྲོག་བཅོམ་ལ་རྡུང་རྡེག་བཏང་ནས་མི་དམངས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ།
སྤེལ་དུས། 2013-01-28   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དཔྱིད་གསར་དུས་ཆེན་སླེབས་གྲབས་ཡོད་པ་དང་། མི་དང་རྒྱུ་ནོར། དངོས་པོ་བཅས་ཀྱི་འཁོར་རྒྱུག་བྱེད་ཚད་སྔར་བཞིན་མང་དུ་འགྲོ་རྒྱུ་དེ་ནི་སྔར་ནས་བཟུང་ཉེན་དོན་གྱོད་གཞི་ལྷག་ཚད་མཐོ་ཤོས་ཀྱི་དུས་མཚམས་ཤིག་ཡིན་པ་རེད། སྤྱི་ཚེས༡༧ཉིན་སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་སྤྱི་བདེ་ཚན་པར་དུས་ཡུན་ཟླ་བ༢ཀྱི་འཕྲོག་བཅོམ་ལ་རྡུང་རྡེག་བཏང་ནས་མི་དམངས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། དྲག་ཤུགས་ཉེས་བསགས་དང་འཕྲོག་བཅོམ་བྱས་པའི་ཐོན་མང་རང་བཞིན་གྱི་རྒྱུ་ནོར་ཉེས་བསགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བཀོད་སྒྲིག་གནང་ཡོད་པ་རེད།
   
སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་གྱོད་གཞི་ཆེན་པོ་རྩད་ཆོད་པ་དང་དེ་བས་མང་བའི་གྱོད་གཞི་ཆུང་བ་རྩད་ཆོད་པ། ལྷག་དོན་དུ་མི་དམངས་མང་ཚོགས་དང་ཉེ་འགྲམ་དུ་ཐོན་པའི་རྒྱུ་ནོར་ལ་བཙན་གནོད་བྱེད་པའི་གྱོད་གཞི་རྩད་གཅོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་བདེ་ཚན་པས་རྒྱལ་ཡོངས་སུ་ཉེན་ཚབས་ཆེ་བའི་ཁྱབ་ཁོངས་རང་བཞིན་གྱི་ལས་གནས་ཉེས་བསགས་ཁྱུ་ཚོགས་ཀྱིས་གཙོ་གནད་དུ་བྱས་པ་དང་། མུ་འབྲེལ་རང་བཞིན་དང་ཚོགས་པའི་རང་བཞིན། གནས་སྤོས་རང་བཞིན་བཅས་ཀྱི་ཉེས་བསགས་མི་སྣར་གཅིག་བསྡུས་ཐོག་རྡུང་རྡེག་གཏོང་རྒྱུ་ཡིན་པ་རེད། མིག་སྔའི་ཉེས་དོན་གྱོད་གཞིའི་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་བ་དང་ལས་གནས་ཅན་གྱི་ཆུ་ཚད་མངོན་གསལ་དོད་དུ་འགྲོ་བ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས། པུའུ་དང་ཞིང་ཆེན་རིམ་པ་གཉིས་ཀྱི་སྤྱི་བདེའི་མྱུལ་ཞིབ་སྡེ་ཁག་གིས་ཐད་ཀར་སྒྲིག་འཛུགས་བྱས་ནས་གྱོད་གཞི་ཆེ་ཁག་ཅིག་རྩད་གཅོད་དང་ས་ཁོངས་ལས་བརྒལ་བའི་མུ་འབྲེལ་རང་བཞིན་གྱོད་གཞི། རྒྱལ་ཁོངས་ལས་བརྒལ་བའི་གྱོད་གཞིར་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070