སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕེན་གྱིས་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁོས་ཐི་དང་གྲོས་མོལ་མཛད་པ།
སྤེལ་དུས། 2013-03-25   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

             
   
ཟླ་གསུམ་པའི་ཚེས་ཉེར་བཞིའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏ་ལོས་སི་སཱ་མུའུ་གྲོང་ཁྱེར་ནས་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁོས་ཐི་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕེན་དང་ཅི་ཁོས་ཐི་གཉིས་ཙུང་ཐུང་བཞུགས་ཤག་ཏུ་ཕེབས་སྐབས་མང་ཚོགས་ཀྱིས་ལོགས་གཉིས་ནས་དགའ་བསུ་ཞུ་བའི་ཚུལ་རེད།
  
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ཏ་ལོས་སི་ས་ལ་མུའུ་ནས་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁོས་ཐི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀའི་མགོ་གཙོས་ཀྲུང་གོ་དང་ཐན་ཙན་ནི་ཡའི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་སྐྱོང་དང་། གཉིས་ཕན་མཉམ་རྒྱལ་གྱི་ཕྱོགས་ཡོངས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ཏེ། ཀྲུང་གོ་དང་ཐན་ཙན་ནི་ཡའི་འབྲེལ་བ་དེ་སྔར་ལས་ཇེ་བཟང་དུ་གཏོང་རྒྱུ་ཐག་བཅད།
  
གླེང་མོལ་མཛད་སྐབས། ཅི་ཁོས་ཐི་ཡིས་ཞི་ཅིན་ཕེན་འཚམས་འདྲིར་ཕེབས་པར་སྤྲོ་སེམས་དང་བཅས་ཏེ་དགའ་བསུ་ཞུས་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐན་ཙན་ནི་ཡ་རྒྱལ་ཁབ་དེ་གླིང་ཆེན་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཏུ་བསྐྱོད་པའི་ལམ་ཚིགས་ཐོག་མར་བརྩིས་པ་དེ་ལས། ཐན་ཙན་ནི་ཡ་དང་ཀྲུང་གོ་རྒྱལ་ཁབ་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཆགས་ཡོད་པ་མཚོན་ཡོད་ཟེར།
  
ཞི་ཅིན་ཕེན་གྱིས་ཐན་ཙན་ནི་ཡ་ནི་ཀྲུང་གོའི་གྲོགས་པོ་རྙིང་བ་དང་གྲོགས་པོ་བཟང་བོ་ཡིན་ལ། ཀྲུང་གོ་དང་ཐན་ཙན་ནི་ཡའི་བར་གྱི་མཛའ་བརྩེ་དེ་ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙུང་ལི་ཀྲིག་ཨིན་ལའེ། ཙུང་ཐུང་ཉིས་ལོས་ཨེར་སོགས་རྒྱལ་ཁབ་གཉིས་ཀའི་རྒན་རབས་མགོ་ཁྲིད་པས་དངོས་སུ་བསྐྲུན་པ་ཡིན་པས། ཀྲུང་གོ་དང་ཐན་ཙན་ནི་ཡའི་བར་གྱི་མཛའ་བརྩེ་དེ་སྒོ་ཀུན་ནས་སྲུང་འཛིན་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཐན་ཙན་ནི་ཡའི་མཛའ་བརྩེ་ཡི་ལོ་རྒྱུས་གཅེས་ནོར་དེར་གཅེས་འཛིན་བྱེད་པ་དང་། ཐན་ཙན་ནི་ཡ་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། གཉིས་ཕན་མཉམ་རྒྱལ་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ཏེ། ཀྲུང་གོ་དང་ཐན་ཙན་ནི་ཡའི་འབྲེལ་བ་དེ་སྔར་ལས་ཇེ་བཟང་དུ་གཏོང་འདོད་ཡོད་ཅེས་གསུངས།
   
ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཐན་ཙན་ནི་ཡ་རྒྱལ་ཁབ་གཉིས་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བའི་འདྲ་མཚུངས་ཀྱི་ལས་འགན་ལ་འཕྲད་ཡོད་པས། ང་ཚོས་མུ་མཐུད་དུ་ཕན་ཚུན་ལ་ཡིད་ཆེས་དང་། ཕན་ཚུན་ལ་རྒྱབ་སྐྱོར། ཕན་ཚུན་ལ་རོགས་རམ་བྱས་ཏེ། རྒྱུན་ཆད་མེད་པར་གཉིས་ཕན་མཉམ་ལས་དང་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་བསྟན་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་རྒྱུ་དང་། ཐན་ཙན་ནི་ཡས་དོ་སྣང་བྱེད་པའི་ཁྱབ་ཁོངས་ནས་མཉམ་ལས་བྱེད་པ་དང་། ལས་གཞི་འགངས་ཆེན་ལེགས་པོར་སྒྲུབ་འདོད་ཡོད་ཅེས་གསུངས།
  
ཞི་ཅིན་ཕེན་གྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་འདྲིས་དང་མི་གཞུང་བརྗེ་རེས་ལ་ཡར་སྐུལ་བཏང་ནས། སྲོལ་རྒྱུན་མཛའ་བརྩེའི་རྒྱུན་སྐྱོང་དགོས་པ་དང་། ཕྱོགས་གཉིས་ཀས་སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བའི་རྟེན་འབྲེལ་བྱ་འགུལ་ལེགས་པོར་བསྒྲུབ་རྒྱུ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཐན་ཙན་ནི་ཡ་རྒྱལ་ཁབ་ནས་ཀྲུང་གོའི་རིག་གནས་ལྟེ་བ་འཛུགས་རྒྱུ་ཡིན་ཞེས་ནན་གྱིས་བསྟན།
    
གླེང་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་རྒྱལ་ཁབ་གཉིས་ཀའི་ཉོ་འཚོང་དང་དངུལ་རྩའི་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། རིག་གནས་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070