སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕེན་དང་ཀི་ལོ་ཅེ་ཚིས་རྣམ་གཉིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པའི་དྲན་གསོ་ཁང་ལས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ།
སྤེལ་དུས། 2013-03-25   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

 ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ལི་གཞོན་པ་ཀི་ལོ་ཅེ་ཚིས་རྣམ་གཉིས་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པའི་དྲན་གསོ་ཁང་ལས་མགོ་རྩོམ་པའི་མཛད་སྒོར་ཞུགས།
  
མཛད་སྒོའི་སྟེང་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་ཀྲུང་གུང་ཚོགས་ཆེན་ཐེངས་དྲུག་པའི་དྲན་གསོ་ཁང་ལས་མགོ་རྩོམ་པའི་མཛད་སྒོ་བསྡུས་པར་དོན་སྙིང་དམིགས་བསལ་ལྡན། བདག་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་མི་བྱེ་བ་བརྒྱད་ལྷག་དང་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་བཅས་ཀྱི་ཚབ་བྱས་ཏེ། ཙུང་ཐུང་ཕུའུ་ཅིན་སོགས་ཨུ་རུ་སི་ཕྱོགས་ཀྱི་མགོ་ཁྲིད་པ་དང་བྱ་བ་དེ་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པའི་ཨུ་རུ་སི་ཕྱོགས་ཀྱི་གྲོགས་པོ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།
  
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གུང་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་ས་ནི་ཀྲུང་གོའི་གསར་བརྗེ་ལོ་རྒྱུས་འཕེལ་རིམ་གྱི་གནས་རྙིང་གལ་ཆེན་ཡིན་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་མི་དམངས་བར་མཛའ་བཤེས་ཟབ་མོ་ཆགས་པའི་མཚོན་རྟགས་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ཀྱིས་ཀྲུང་གུང་ཚོགས་ཆེན་ཐེངས་དྲུག་པའི་ལོ་རྒྱུས་འཕེལ་རིམ་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་དང་ཨུ་རུ་སིའི་མི་དམངས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པའི་ལོ་རྒྱུས་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱིན་ཡོད། ང་ཚོས་ཀྲུང་གུང་ཚོགས་ཆེན་ཐེངས་དྲུག་པའི་དྲན་གསོ་ཁང་ལས་དོན་ནི་ལོ་རྒྱུས་ཡིད་ལ་དམ་པོར་བཅངས་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་དང་དར་སྤེལ་བྱས་ནས་རྒྱལ་ཁབ་གཉིས་ཀ་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཟེར།
   
ཀི་ལོ་ཅེ་ཚིས་ཀྱིས་བཤད་རྒྱུར། ཀྲུང་གུང་ཚོགས་ཆེན་ཐེངས་དྲུག་པའི་དྲན་གསོ་ཁང་ལས་པ་དེ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་ལ་བཟོད་སྒོམ་དང་ཕན་ཚུན་བར་མཛའ་བཤེས་ཟབ་མོ་ཆགས་པ་མཚོན་ཡོད་ལ། དེ་ནི་ཨུ་རུ་སི་དང་ཀྲུང་གོ་མཛའ་མཐུན་ཡོང་བའི་མཚོན་རྟགས་ཤིག་ཏུ་འགྱུར་བར་ཨུ་རུ་སི་ཕྱོགས་ལ་ཡིད་ཆེས་ཡོད་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070