སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་རྒྱའི་སྐད་ཡིག་རིག་པའི་མཁས་པ་དང་རྒྱའི་སྐད་ཡིག་ལ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ། གསར་འགྱུར་སྡེ་ཁག་གི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ།
སྤེལ་དུས། 2013-03-25   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

 
     ཚེས་ཉེར་གསུམ་ཉིན་གྱི་དགོང་མོར།
  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མའོ་སི་ཁི་ནས་ཨུ་རུ་སིའི་རྒྱའི་སྐད་ཡིག་རིག་པའི་མཁས་པ་དང་རྒྱའི་སྐད་ཡིག་ལ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ། གསར་འགྱུར་སྡེ་ཁག་གི་འཐུས་མི་བཅས་ལ་མཇལ་འཕྲད་གནང་།
   
ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མའོ་སི་ཁི་ནས་ཨུ་རུ་སིའི་རྒྱའི་སྐད་ཡིག་རིག་པའི་མཁས་པ་དང་རྒྱའི་སྐད་ཡིག་ལ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ། གསར་འགྱུར་སྡེ་ཁག་གི་འཐུས་མི་བཅས་ལ་མཇལ་འཕྲད་གནང་།
  
ཨུ་རུ་སི་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཀྲ་ནའོ་ཧྥུའུ་དང་ལུའུ་ཅི་ཡང་ནའོ་ཧྥུའུ། ཨུ་རུ་སིའི་སྔོན་ཆད་ཀྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་མཐུན་སྦྱོར་པ་ཝོ་ལའོ་པུས་ཡའོ་ཧྥུའུ། ཨུ་རི་སིའི་ཚན་རིག་གླིང་ཡོན་ཏུང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་པའོ་ཉི། རྒྱལ་བཙུགས་མི་གཞུང་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཨུ་རུ་སིའི་ཕྱོགས་ཀྱི་ཡོན་ཀྲང་ཡུས་ཧྥུའུ་ཁྲིན། མའོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ལོ་རིམ་བཞི་བའི་སློབ་མ་སི་ལི་སཱ་ལེ་ཧྥུའུ་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་པར་མ་ཟད། ཨུ་རུ་སི་དང་ཀྲུང་གོའི་མི་གཞུང་བརྗེ་རེས་ཀྱི་ཕྱོགས་ལ་ཤུགས་སྣོན་བྱེད་དགོས་པའི་ཐད་ནས་ལྟ་ཚུལ་དང་གྲོས་གཞི་བཏོན།
  
ཁོ་ཚོའི་གཏམ་བཤད་ལ་ཉན་རྗེས་ཞི་ཅིན་ཕེན་གྱིས་བསྟན་དོན། ཁྱེད་ཚོས་ཀྲུང་གོའི་རིག་གནས་ལོ་རྒྱུས་ལ་རྒྱུས་ལོན་བྱས་པ་གཏིང་ཟབ་ཅིང་ཀྲུང་གོའི་རིག་གནས་ལ་ཡིད་ཆེས་དང་བརྩེ་བ་ཟབ་མོ་ཡོད་པར་མ་ཟད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
  
ཞི་ཅིན་ཕེན་གྱིས་བསྟན་དོན། རིག་གཞུང་བརྗེ་རེས་ནི་དམངས་སེམས་བཟོ་སྐྲུན་ཞིག་དང་མ་འོངས་པའི་བཟོ་སྐྲུན་ཞིག་ཡིན། ཨུ་རུ་སི་ནི་འཛམ་གླིང་སྟེང་རྒྱའི་རིགས་གཞུང་ལ་ཞིབ་འཇུག་བྱས་པ་ཆེས་སྔ་བའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན་ལ། རྒྱའི་རིགས་གཞུང་གི་ཆུ་ཚད་འཛམ་གླིང་གི་སྔོན་གྲས་སུ་སླེབ་ཡོད། རྒྱལ་ཁབ་གཉིས་ཀྱི་རིག་གནས་ཡུན་རིང་བོར་བརྗེ་རེས་དང་མཉམ་འདྲེས་བྱས་པ་དེས་ཕྱོགས་གཉིས་ཀྱི་མཛའ་མཐུན་འབྲེལ་བར་རྨང་གཞི་བརྟན་པོ་བཏིངས་ཡོད།  ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ཆེས་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ན་མ་འོངས་པར་ཁ་ཕྱོགས་པ་དང་རྒྱལ་ཁབ་གཉིས་ཀྱི་ན་གཞོན་བར་གྱི་མཛའ་བརྩེ་གསོ་སྐྱོང་བཟང་་བོ་བྱེད་དགོས་ཟེར།
  
ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་དང་ཨུ་རུ་སིའི་མི་རིགས་ལ་ལོ་རྒྱུས་རིང་བོ་དང་གནའ་བོའི་དཔལ་ཡོན། འོད་སྟོང་འབར་བའི་རིག་གནས་བཅས་ཡོད་པ་དང་རླབས་ཆེ་བའི་མི་རིགས་ཤིག་ཡིན། རླབས་ཆེ་བའི་ང་ཚོ་རྒྱལ་ཁབ་གཉིས་ཀྱིས་གཉེན་ཉེ་ལྟ་བུའི་མཛའ་མཐུན་འབྲེལ་བར་སྔར་ལས་ཤུགས་སྣོན་པ་དང་མི་རབས་ནས་མི་རབས་བར་མཛའ་ཞིང་མཐུན་པར་བྱས་ཏེ་དུས་གཏན་དུ་ཕན་ཚུན་དགྲ་རུ་འཛིན་མི་སྲིད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་བསམ་དང་ཨུ་རི་སིའི་ཡར་རྒྱས་གོང་འཕེལ་གྱི་འབད་འཐབ་དམིགས་གཉིས་གཅིག་མཚུངས་ཡིན་ལ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ལག་རྡང་མཉམ་འབྲེལ་དང་དཔུང་བ་མཉམ་གཤིབ་ཀྱིས་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་དགོས་ཟེར།
   
ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། ཁྲང་ཝན་ཆོན། ཡང་ཅེ་ཁྲི་སོགས་སོ་སོར་གོང་གི་བྱ་འགུལ་ལ་ཞུགས།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070