སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།
སྤེལ་དུས། 2013-06-08   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

 ཞི་ཅིན་ཕེན་གྱི་མཛུབ་སྟོན་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་གཏན་འཁེལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བདུན་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོ་སྒྲུབ་པའི་སྐོར་གྱི་བཀོད་སྒྲིག་ལྟར། ཉེ་བའི་དུས་སྐབས་ཤིག་ལ་བསྟུད་མར་བྱུང་བའི་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་གྱི་བསླབ་བྱ་དང་ལེན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་པ་དང་གནས་བའི་གནད་དོན་ལ་དག་ཐེར་ནན་མོ་བྱེད་དགོས་པར་མ་ཟད། ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་བཏང་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པའི་ཐུགས་རེ་བཏོན།
   
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མ་ཁེ་ཡིས་ཚོགས་ཐོག་ནས་ཞི་ཅིན་ཕེན་གྱིས་གནང་བའི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་པར་མ་ཟད། ཞི་ཅིན་ཕེན་གྱི་མཛུབ་སྟོན་དང་ལིས་ཁི་ཆང་གི་རེ་བ། བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བཀོད་སྒྲིག་བཅས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།
  
མེ་ཁེ་ཡིས་བཤད་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་དགོངས་དོན་དང་ལིས་ཁི་ཆང་གི་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཟླ་དྲུག་པའི་ཟླ་སྟོད་ནས་ཟླ་དགུ་བའི་ཟླ་མཇུག་བར་དུ་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཉེན་ཁར་ཞིབ་བཤེར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཐད་ནས་དོན་རྐྱེན་ཚབས་ཆེན་འབྱུང་བ་སྔོན་འགོག་ཚོད་འཛིན་བྱེད་དགོས་ཟེར།  

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070