སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕེན་གྱིས་ཨ་མེ་རུ་ཁའི་ཅ་ལིས་ཧྥུའུ་ཉིས་ཡ་ཀྲིག་གི་ཨན་ན་པོ་ཀི་གཞིས་ཀ་ནས་ཨ་མེ་རུ་ཁའི་ཙུང་ཐུང་ཨོ་པ་མ་དང་གྲོས་མོལ་དང་མཛད་པ།
སྤེལ་དུས། 2013-06-08   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

                                                      
     ཟླ་དྲུག་པའི་ཚེས་བདུན་ཉིན།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མེ་རུ་ཁའི་ཅ་ལིས་ཧྥུའུ་ཉིས་ཡ་ཀྲིག་གི་ཨན་ན་པོ་ཀི་གཞིས་ཀ་ནས་ཨ་མེ་རུ་ཁའི་ཙུང་ཐུང་ཨོ་པ་མ་དང་གྲོས་མོལ་དང་མཛད།
   
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བདུན་ཉིན་ཨ་མེ་རུ་ཁའི་ཅ་ལིས་ཧྥུའུ་ཉིས་ཡ་ཀྲིག་གི་ཨན་ན་པོ་ཀི་གཞིས་ཀ་ནས་ཨ་མེ་རུ་ཁའི་ཙུང་ཐུང་ཨོ་པ་མ་དང་གྲོས་མོལ་དང་མཛད།
   
གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ལོ་ངོ་བཞི་བཅུའི་ཡར་སྔོན་ལ། ཀྲུང་གོ་དང་ཨ་མེ་རུ་ཁའི་མགོ་ཁྲིད་པས་འཐབ་ཇུས་པའི་ཆབ་སྲིད་སྤོབས་པ་དང་བློ་གྲོས་ལ་བརྟེན་ནས། ཞི་བདེ་རྒྱ་མཚོ་བརྒལ་བའི་འབྲེལ་བ་མངོན་འགྱུར་བྱས་ཏེ་ཀྲུང་གོ་དང་ཨ་མེ་རུ་ཁའི་འགྲོ་འོང་གི་སྒོ་ཆེན་ཡང་བསྐྱར་ཕྱེས་པ་ཡིན། ལོ་ངོ་བཞི་བཅུའི་རིང་ལ་ཀྲུང་གོ་དང་ཨ་མེ་རུ་ཁའི་འབྲེལ་བ་དེ་དཀའ་ཁག་གང་མང་དང་འཕྲད་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཁེ་ཕན་ཆེན་པོ་སྐྲུན་ཟེར།
  
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཨ་མེ་རུ་ཁའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་བར་གནས་ཡོད། རྒྱལ་ཁབ་རང་རང་གི་དཔལ་འབྱོར་འཕེལ་རྒྱས་དང་འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་དང་སླར་གསོ་བྱེད་པ། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་པ་དང་འཛམ་གླིང་གི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་གང་ཡིན་རུང་རྒྱལ་ཁབ་གཉིས་ཀར་ཐུན་མོང་གི་ཁེ་ཕན་གལ་ཆེན་ཡོད་པས། བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།
   
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གནས་བབ་གསར་བའི་འོག་ཏུ་ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་དགོས། ང་ཚོར་ཇི་ལྟ་བུའི་ཀྲུང་གོ་དང་ཨ་མེ་རུ་ཁའི་འབྲེལ་བ་ཞིག་ཡོད་དགོས་པ་དང་། ཀྲུང་གོ་དང་ཨ་མེ་རུ་ཁས་མཉམ་ལས་ཇི་འདྲ་ཞིག་བྱས་ནས་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་པ། ཀྲུང་གོ་དང་ཨ་མེ་རུ་ཁས་མཉམ་ལས་གང་འདྲ་ཞིག་བྱས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དེ་ནི་ང་ཚོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཡིད་འཇོག་བྱེད་པའི་བྱ་བ་ཞིག་ཡིན་པར་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་འཇོག་བྱེད་པའི་བྱ་བ་ཞིག་ཀྱང་ཡིན། ང་ཚོ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གཞིར་འཛིན་པ་དང་། མིའི་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་དམིགས་ཏེ། བསམ་ཕྱོགས་གསར་སྐྲུན་དང་ཧུར་ཐག་སྒོས་བྱ་སྤྱོད་སྤེལ་ནས། རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།
   
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་ཙུང་ཐུང་ཨོ་པ་མས་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ནས་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཐེངས་འདིའི་གྲོས་མོལ་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ནས་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཀྲུང་གོ་དང་ཨ་མེ་རུ་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཡིད་ཆེས་ཡོད་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070