སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕེན་གྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་གོ་གནས་དང་པོར་འཇོག་དགོས་ཞེས་བསྟན་པ།
སྤེལ་དུས། 2013-06-08   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

  ཉེ་བའི་དུས་སྐབས་ཤིག་གི་ནང་དུ་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་འཕྲོ་རིམ་འཕྲོར་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་མང་པོ་བྱུང་ནས། མི་སྣ་ཤི་རྨས་དང་རྒྱུ་ནོར་ཐད་ནས་གྱོང་གུད་ཆེན་པོ་བཟོས། ཕྱི་རྒྱལ་དུ་འཚམས་འདྲི་མཛད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དོན་དག་དེར་མཐོང་ཆེན་ཚད་མཐོན་པོ་གནང་ཏེ། ཚེས་དྲུག་ཉིན་བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་སྒྲུབ་དགོས་པའི་ཐད་ལ་ཡང་བསྐྱར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
  
ཞི་ཅིན་ཕེན་གྱིས་བསྟན་དོན། འཕྲོ་རིམ་འཕྲོར་བྱུང་བའི་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་ནས། མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཐེབས་པས། ངེས་པར་དུ་བྱ་བ་དེར་མཐོང་ཆེན་ཚད་མཐོན་པོི་བྱེད་དགོས། མིའི་ཚེ་སྲོག་གི་རིན་ཐང་བཏང་ནས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གཏན་ནས་སྒྲུབ་མི་རུང་ཞེས་གསུང་།
  
ཞི་ཅིན་ཕེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་སོ་སོར་དོན་རྐྱེན་དེ་དག་དང་དེ་དག་འབྱུང་རྐྱེན་གྱི་གནས་ཚུལ་ས་ཁུལ་དང་སྡེ་ཁག་སོ་སོར་ཁྱབ་བསྒྲགས་བྱས་ཏེ། ཚང་མས་སྔར་ལས་ལྷག་པའི་སྒོ་ནས་དོགས་ཟོན་མཐོར་འདེགས་དང་བསླབ་བྱ་དང་དུ་བླངས་ནས། བསམ་བློ་མང་པོ་གཏོང་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཐད་ལ་རྩ་བ་ནས་ཞིབ་བཤེར་ཆེན་མོ་བྱེད་པའི་བྱ་འགུལ་ཐེངས་ཤིག་སྤེལ་ནས་བདེ་འཇགས་ཐད་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་བའི་རེ་བ་བཏོན།
  
ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ནམ་ཡིན་ཡང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དེ་གོ་གནས་དང་པོར་བཞག་ནས། ཏང་དང་མི་དམངས་ལ་ཧ་ཅང་འགན་འཁུར་བའི་བསམ་པ་བཅངས་ནས། ལམ་ལུགས་འཐུས་ཚང་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། དོ་དམ་བྱ་བར་ཤུགས་སྣོན་པ། གཟབ་ནན་གྱིས་ལྟ་རྟོག་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁུར་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཐད་ནས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་ཞེས་གསུང་།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070