སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀུའུ་མ་ལིས་ཀྱིས་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ལ་ཐུག་འཕྲད་བྱས་པ།
སྤེལ་དུས། 2013-08-04   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

                               
    ཟླ་བརྒྱད་པའི་ཚེས་གསུམ་ཉིན།
ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀུའུ་མ་ལིས་ཀྱིས་རྒྱལ་ས་བན་ཞང་ཀྲུའུ་ཞིའི་བཞུགས་ཤག་ནས་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ལ་ཐུག་འཕྲད་བྱས།
    
ཟླ་བརྒྱད་པའི་ཚེས་གསུམ་ཉིན། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀུའུ་མ་ལིས་ཀྱིས་རྒྱལ་ས་བན་ཞང་ཀྲུའུ་ཞིའི་བཞུགས་ཤག་ནས་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ལ་ཐུག་འཕྲད་བྱས།
     
ཐུག་འཕྲད་བྱེད་སྐབས་ཀྲུའུ་མ་ལིས་ཀྱིས་བཤད་རྒྱུར། ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཕེལ་རྒྱས་ཁྲོད་དུ་གྲུབ་འབྲས་ཆེན་པོ་བླངས་བ་དང་། རྒྱལ་སྤྱིའི་ཤུགས་ཆེན་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་ཚོགས་པ་དེ་ལས་དུས་རིམ་རྗེས་མའི་ཀྲུང་གོའི་འཕེལ་རྒྱས་ཁ་ཕྱོགས་གསལ་བོར་བསྟན་ཡོད་པར་མ་ཟད། ལའོ་ཝའོ་རྒྱལ་ཁབ་ཀྱིས་རང་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་། ལའོ་ཝའོ་ཏང་དང་སྲིད་གཞུང་གིས་ཀྲུང་གོའི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་དང་མཉམ་དུ་ཕྱོགས་གཉིས་བར་གྱི་འབྲེལ་འདྲིས་ཇེ་ཟབ་དང་མཉམ་ལས་ཇེ་མ་དུ་གཏོང་འདོད་ཡོད་ཟེར།
     
ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ལའོ་ཝའོ་བར་གྱི་འབྲེལ་བ་ནི་དམིགས་བསལ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་འབྲེལ་བ་ཡིན་ལ། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་ཀྲུང་གོའི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གིས་རྒྱལ་ཁབ་གཉིས་ཀྱི་རྒན་རབས་མགོ་ཁྲིད་པས་གསར་སྐྲུན་བྱས་པའི་ཀྲུང་གོ་དང་ལའོ་ཝའོ་མཛའ་མཐུན་ལྡན་པའི་རྨང་གཞིའི་སྟེང་ལའོ་ཝའོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དམ་པོ་བྱེད་པ་དང་། འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཕྱོགས་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བཟང་བོ་བྱས་ནས། ཀྲུང་གོ་དང་ལའོ་ཝའོ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070