སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱིས་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བ།
སྤེལ་དུས། 2013-08-04   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

     ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་ཚུན་ལ། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱིས་རྣམ་པ་མང་པོའོ་ཚུལ་དུ་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ནན་ཏན་གྱིས་སློབ་སྦྱོང་བྱས། ཁོ་ཚོས་སློབ་སྦྱོང་བྱེད་སྐབས་ངེས་པ་དོན་གྱིས་གནད་དོན་འཚོལ་བ་དང་། གནད་དོན་ངོ་མ་འཚོལ་བ། སློབ་སྦྱོང་བྱེད་ཞོར་དུ་བྱ་བའི་སྒྲུབ་སྟངས་དང་སྤྱོད་ཚུལ་ལེགས་སྒྱུར་དང་། འཚོལ་ཞིབ་བྱེད་ཞོར་དུ་བྱ་བའི་སྒྲུབ་སྟངས་དང་སྤྱོད་ཚུལ་ལེགས་སྒྱུར་བྱས་ཏེ། སློབ་གསོའི་ལག་ལེན་བྱ་འགུལ་དེ་དོན་ཐོག་ཏུ་འཁྱོལ་བར་བྱས།
        
ཡོད་ཚད་མང་ཚོགས་བསམ་པ་དང་། ཡོད་ཚད་མང་ཚོགས་ལ་བརྟེན་པ་ཞེས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་སྙིང་བོར་དམིགས་ཏེ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་སྡེ་ཁག་སོ་སོ་དང་། ཐད་གཏོགས་ལས་ཁུངས་ཀྱིས་སློབ་སྦྱོང་གི་རྣམ་པ་གསར་སྐྲུན་བྱས། ཁོ་ཚོས་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་སྟེགས་བུ་དང་། མང་ཚོགས་གནས་ཚུལ་ལྟ་ཞིབ་པའི་དྲ་བ། མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་ཁ་པར་སྐུད་ལམ་སོགས་བརྒྱུད་དེ། མང་ཚོགས་ཀྱི་བསམ་འཆར་དང་སེམས་གཏམ་ལ་ཉན།
ཟླ་བདུན་པའི་ཟླ་སྨད་ནས་བཟུང་སྟེ། གུང་གཞོན་ཚོགས་པ་ཀྲུང་དབྱང་ལས་ཁུངས་ཀྱི་ཁྲུའུ་གཞོན་པ་རིམ་པའི་ཡན་གྱི་ལས་བྱེད་པ་རྟོག་ཞིབ་ཚན་ཁག་ཞེ་ལྔར་བགོས་ཏེ། སོ་སོར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་སོ་གཅིག་གི་གཞི་རིམ་ལས་ཁུངས་ལ་སོང་ནས་གཟའ་འཁོར་གསུམ་རིང་གི་དྲིལ་སྒྲོག་ཆེན་པོ་དང་རྟོག་ཞིབ་ཆེན་པོའི་བྱ་འགུལ་སྤེལ་ཏེ། ཟླ་ཕྱེད་ཀྱི་རིང་ལ་བྱ་བའི་གྲོས་གཞི་དང་བསམ་འཆར་སྟོང་ལྷག་བསྡུ་ལེན་བྱས།

   
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཁོངས་གཏོགས་ལ་ཚོགས་མིའི་བྱང་བུ་རིགས་སྣ་ཚོགས་རྩིས་སྤྲོད་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན་པ་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ། ཟླ་བརྒྱད་པའི་ཚེས་ཉི་ཤུའི་སྔོན་ལ་རོལ་རྩེད་དང་གནས་སྐོར། ཟས་རིགས་སོགས་བྱེད་སྒོའི་ལས་ཁུངས་དང་ཚོང་ཁང་། མགྲོན་ཁང་། རོལ་རྩེད་པུའུ་སོགས་ཀྱིས་བཀྲམས་པའི་ཚོགས་མིའི་བྱང་བུ་སྣ་ཚོགས་ཕྱིར་བསྡུ་བའི་མཚུངས་སུ། གཏན་ཁེལ་དང་འགལ་ཏེ་བཀོད་སྒྲིག་བྱས་པའི་གཞུང་དོན་དང་ཉེན་རྟོག་ཕྱོགས་སུ་བཀོལ་བའི་རླངས་འཁོར་དང་གཏན་ཁེལ་དང་འགལ་ཏེ་ཚོང་གཉེར་བྱ་འགུལ་དུ་ཞུགས་མཁན་ལ་ཞིབ་བཤེར་དང་དག་བཅོས་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070