སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་སྐབས་མང་ཚོགས་ཀྱི་དགོས་མཁོ་གོ་གནས་དང་པོར་བཞག་པ།
སྤེལ་དུས། 2013-08-05   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་སྐབས། མང་ཚོགས་ཀྱི་དགོས་མཁོ་དེ་གོ་གནས་དང་པོར་བཞག་པ་དང་། དམངས་ཀྱི་དོན་དང་དངོས་གཉེར། སྤྱོད་གཙང་བཅས་དམིགས་འབེན་བྱས་ཏེ། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། མང་ཚོགས་ཀྱི་རེ་བ་དང་དགོས་མཁོ་བསྐོང་བར་འབད་བརྩོན་བྱས།
    
ད་ལོའི་ཟླ་བདུན་པའི་རྗེས་སུ་དམངས་སྲིད་པུའུ་ཡིས་སྐོར་ཁག་བགར་ནས་གཞི་རིམ་གྱི་རྟོག་ཞིབ་བྱ་འགུལ་སྤེལ་བ་དང་། པུའུ་དང་ཟི་ཡི་མགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་སོང་ནས་རེ་བ་དང་དགོས་མཁོར་རྒྱུས་ལོན་བྱས་ཤིང་། ཏང་ཡོན་ཆིག་སྟོང་ལྷག་གིས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཆིག་སྟོང་ལ་རོགས་རམ་བྱས། ཤར་བྱང་ས་ཁུལ་གྱི་ཞིང་སྡེ་རུ་དམངས་སྲིད་པུའུ་རྒན་གསོ་སྲིད་ཇུས་གཏན་ལ་ཕབ་པའི་ཁྲུའུ་རིམ་པའི་ལས་བྱེད་པས་ལྔ་སྐྱོང་ཁྱིམ་ཚང་སོགས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་ཁྲོད་དུ་ཞུགས་ནས། ཞིང་སྡེའི་རྒན་གསོ་ཕྱོགས་ཀྱི་གནད་དོན་དང་དཀའ་ཁག་ལ་རྒྱུས་ལོན་བྱས།
   
ཉེ་ལམ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་ཀྲུང་གོ་རྒྱལ་སྤྱིའི་རྒྱང་སྒྲོག་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་། དེ་མིན་ཞིང་ཆེན་དང་གྲོང་ཁྱེར་གྱི་མགོ་འཛིན་པ་གྲགས་ཅན་ཁ་ཤས་བཅས་རྩ་འཛུགས་བྱས་ཏེ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་སོགས་ལ་སོང་ནས་གཞི་རིམ་གྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བ་སྒྲུབ་མཁན་གྱི་བྱ་བ་དང་འཚོ་བའི་དགོས་མཁོ་ལ་རྒྱུས་ལོན་བྱས།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070