སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལིས་ཁི་ཆང་གིས་ཐན་ཙན་ནི་ཡའི་ཙུང་ལི་ཕེན་ཏ་ལ་མཇལ་འཕྲད་གནང་བ།
སྤེལ་དུས། 2013-10-18   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

               
       ཚེས་བཅུ་བདུན་ཉིན།
  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བར་ཞུགས་པར་ཡོང་བའི་ཐན་ཙན་ནི་ཡའི་ཙུང་ལི་ཕེན་ཏ་ལ་མཇལ་འཕྲད་གནང་།
   
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བར་ཞུགས་པར་ཡོང་བའི་ཐན་ཙན་ནི་ཡའི་ཙུང་ལི་ཕེན་ཏ་ལ་མཇལ་འཕྲད་གནང་།
    
མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཐན་ཙན་ནི་ཡའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཧ་ཅང་གཏིང་ཟབ་པ་ཞིག་ཡིན། ད་ལོའི་ཟླ་གསུམ་པར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐན་ཙན་ནི་ཡ་དེ་ཨ་ཧྥེ་རི་ཁར་འཚམས་འདྲི་བྱེད་པའི་ས་ཚིགས་ཐོག་མ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་འཐབ་ཇུས་འཆར་འགོད་ལ་ཤུགས་སྣོན་པ་དང་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་གཏོང་བ། འགྲིམ་འགྲུལ་དང་ནུས་ཁུངས། འཕྲིན་གཏོང་སོགས་ལས་གཞི་གལ་ཆེན་ཐད་ཀྱི་མཉམ་ལས་ལག་བསྟར་དངོས་འབེབ་བྱེད་པ་དང་ཕན་ཚུན་བར་གྱི་མི་གཞུང་བརྗེ་རེས་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་བར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།
  
ལིས་ཁི་ཆང་གིས་བསྟན་དོན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཕྱི་ཕྱོགས་འཐབ་ཇུས་ཀྱི་ཁ་ཕྱོགས་གལ་ཆེན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཞི་བདེ་གཏན་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
  
ཕེན་ཏ་ཡིས་ལིས་ཁི་ཆང་གིས་ཉེ་སྔོན་ཨེ་ཤ་ཡ་ཤར་ལྷོ་དང་ལྷག་པར་དུ་ཡོ་ནན་རྒྱལ་ཁབ་ལ་ཕན་སུམ་ཚོགས་པའི་འཚམས་འདྲི་མཛད་པར་རྟེན་འབྲེལ་ཞུས་པར་མ་ཟད། འཛམ་གླིང་ཡོངས་ལ་ས་གནས་ཀྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་གསལ་བརྡ་ཞིག་བཏང་ཟེར། ཁོས་བསྟན་དོན། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོས་རྒྱུན་དུ་ཐན་ཙན་ནི་ཡ་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ་དང་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་ཀྱི་གཞོགས་འདེགས་ལ་ཤུགས་བསྣན་ནས། ཐན་ཙན་ནི་ཡ་དང་ཀྲུང་གོའི་འབྲེལ་བ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
  
མཇལ་འཕྲད་མཇུག་རྫོགས་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དང་དཔལ་འབྱོར་ཉོ་ཚོང་། ཚན་རྩལ། གནས་སྐོར། ཞིང་ལས་སོགས་མཉམ་ལས་ཡིག་ཆ་རབ་དང་རིམ་པའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070