སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་དང་ཨེ་ཨོ་བ་ཀྲིག་གཉིས་མཛའ་མཐུན་འབྲེལ་བ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་བ།
སྤེལ་དུས། 2013-10-30   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

  ཀྲུང་གོའི་ཧི་པེ་ཞིང་ཆེན་དང་ཨ་མེ་རི་ཁའི་ཨེ་ཨོ་བ་ཀྲིག་གཉིས་བར་མཛའ་མཐུན་འབྲེལ་བ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་དེ་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་ཨེ་ཨོ་བ་ཀྲིག་ནས་སྤེལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྗེས་དྲན་བྱ་འགུལ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་དང་ཨེ་ཨོ་བ་ཀྲིག་གཉིས་བར་མཛའ་མཐུན་འབྲེལ་བ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་བོར་ཀྲུང་གོ་དང་ཨ་མེ་རི་ཁའི་ས་གནས་བར་གྱི་འགྲོ་འོང་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་བཞིན་པའི་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་དང་སྨོན་འདུན་བཟང་བོ་ཞུས།
    
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ས་གནས་བར་གྱི་བརྗེ་རེས་དང་མཉམ་ལས་ནི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ས་གནས་བར་གྱི་བརྗེ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།ཨེ་ཨོ་བ་ཀྲིག་གི་ཀྲིག་ཀྲང་གིས་གདན་དྲངས་པ་ལྟར། ཧི་པེ་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཨེ་ཨོ་བ་ཀྲིག་ལ་འཚམས་འདྲི་བྱས་པར་མ་ཟད་རྗེས་དྲན་བྱ་འགུལ་ཁྲོད་ཞུགས། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། སློབ་གསོ། མི་གཞུང་སོགས་ཕྱོགས་ཀྱི་མཉམ་ལས་ཐད་ལ་བརྗེ་རེས་བྱས།

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070