ནེའུ་ཙི་ལན་རྒྱལ་ཁབ་ཏང་དང་། ཨོ་སི་ཁྲི་ལི་ཡ་རང་མོས་ཏང་དང་ཡོ་ནན་གུང་ཁྲན་ཏང་བཅས་ཀྱིས་གདན་དྲངས་བ་ལྟར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཁྲིད་པའི་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པས་ཚེས་ཉི་ཤུ་ནས་ཚེས་ཉེར་དགུ་ཉིན་བར་གོང་གི་རྒྱལ་ཁབ་དེ་དག་ལ་འཚམས་འདྲི་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་། ཙུང་ལི་ལིས་ཁི་ཆང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཉེ་དུས་ཀྱི་གྲོས་མོལ་རབ་དང་རིམ་པའི་སྟེང་གྲོས་མཐུན་བཀོད་པའི་ཐུན་མོང་གི་ལྟ་བར་དམིགས་ནས་སློབ་སྦྱོང་དངོས་འབེབས་བྱས་པ་དང་། སོ་སོར་རྒྱལ་ཁབ་གསུམ་གྱི་སྲིད་ཏང་དང་། སྲིད་གཞུང་། ས་གནས་ཀྱི་མགོ་ཁྲིད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ཏང་བར་གྱི་འགྲོ་འོང་། ས་གནས་མཉམ་ལས་སོགས་ཐད་ལ་བསམ་འཆར་བརྗེ་རེས་བྱས་ཤིང་། དངོས་གཉེར་མཉམ་ལས་ལ་ཡར་སྐུལ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་བྱ་བ་བསྒྲུབས་ཏེ་འཚམས་འདྲི་བྱ་བར་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས།
ནེའུ་ཙི་ལན་རྒྱལ་ཁབ་ནས་ལོ་ཧོས་ཉིན་གྱིས་སོ་སོར་རྒྱལ་ཁབ་ཏང་གི་ཀྲུའུ་ཞི་ཀུའུ་ཏི་ཧྥེ་ལོ་དང་། བཟོ་བའི་ཏང་གི་གཙོ་འཛིན་ཁན་ལིས་ཧྥུའུ། ཉོ་ཚོང་པུའུ་ཀྲང་ཀི་ལོ་ཙི་དང་ཨོ་ཁི་ལན་གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལིང་སོགས་ལ་ཐུག་འཕྲད་བྱས་པ་མ་ཟད། ཞིང་ལས་ལག་རྩལ་དང་ཞབས་ཕྱི་ཁེ་ལས་ཆེས་ཆེན་མོ་ཅི་རོས་སུན་སྡེ་ཚོགས་ལ་གཟིགས་སྐོར་བྱས། ལོ་ཧོས་ཉིན་གྱིས་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་བར་གྱི་འཕེལ་རྒྱས་བྱ་བ་ཉིན་རེ་བཞིན་ཇེ་བཟང་ཡིན་པར་གདེང་འཇོག་ཚད་མཐོན་པོ་བྱས། ལོ་ཧོས་ཉིན་གྱིས་ཀྲུང་གུང་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་གཏན་ལ་ཕབ་པའི་ལོ་བརྒྱའི་ནང་འབད་འཐབ་དམིགས་འབེན་གཉིས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕེན་གྱིས་བཏོན་པའི་ཀྲུང་གོའི་ཕུགས་འདུན་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཀྱི་རེ་འདུན་མཚོན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་དང་མཉམ་དུ་དེང་རབས་ཕྱུགས་ལས་དང་ནུས་ཁུངས་གྲོན་ཆུང་གི་ཁོར་ཡུག་སྲུང་སྐྱོབ་ཐོན་ལས། གནས་སྐོར་ལས་རིགས་དང་སློབ་གསོའི་ཁྱབ་ཁོངས་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འཕེལ་རྒྱས་བྱ་བར་གསོན་ཤུགས་སྣོན་འདོད་ཡོད་པའི་བསམ་ཚུལ་བསྟན།
ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ནས་ལོ་ཧོས་ཉིན་གྱིས་སོ་སོར་ཨོ་སི་ཁྲུ་ལི་ཡ་ཕྱི་འབྲེལ་ཉོ་ཚོང་པུའུ་ཡི་དྲུང་ཡིག་ཆེན་མོ་བ་ཅི་སི་དང་རང་མོས་ཏང་རྒྱལ་སྤྱིའི་ཧྲུའུ་ཅི་ཨེ་ཏི་ཧྭ་ཚི་གཉིས་ལ་ཐུག་འཕྲད་བྱས་པ་མ་ཟད་ཞིན་ནན་བེས་ཨར་ཧྲི་ཀྲིག་གི་ཀྲིག་ཀྲང་གི་འཐུས་མི་དང་། བགྲོད་ལམ་དང་གྲུ་ཁའི་པུའུ་ཡི་པུའུ་ཀྲང་ཀེ་དབྱི་དང་། ཞིན་ཀྲིག་གྲོས་ཁང་གི་གྲོང་ཁང་གོང་མ་ཧྭ་བུན་སོགས་མཉམ་དུ་མཚོ་སྔོན་ཞིང་ཆེན་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་ཡོད་ཁེ་ལས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ཀྱི་མིང་འགོད་མཛད་སྒོར་ཞུགས།
ལོ་ཧོས་ཉིན་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། དེང་སྐབས་ཀྲུང་གོ་དང་ཨི་སི་ཁྲུ་ལི་ཡ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་བཟང་བོ་ཡིན་པས། འཐབ་ཇུས་ཚད་མཐོན་པོ་དང་མ་འོིངས་བར་འདང་བརྒྱབ་པ་རྒྱུན་འཁྱོངས་བྱས་ནས། སྔར་ལས་ཆབ་སྲིད་ཕན་ཚུན་བར་ཇེ་ཟབ་དུ་གཏོང་དགོས་པ་དང་། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།
ཨོ་སི་ཁྲུ་ལི་ཡ་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས། ཀྲུང་གོའི་ནུབ་རྒྱུད་ཀྱི་དཔལ་འབྱོར་མཉམ་ལས་བྱ་བར་མཐོང་ཆེན་དང་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་བྱ་བས་ཨོ་སི་ཁྲུ་ལི་ཡར་གོ་སྐབས་བྱིན་པ་དེ་གཙིགས་འཛིན་བྱས་ནས། ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། ཁ་བྲལ་དུ་གཏོང་བའི་བྱ་སྤྱོད་ལ་གཏན་ནས་རྒྱབ་སྐྱོར་མི་བྱེད་ཟེར། ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་བྱེད་སྐབས། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་དང་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་བར་ལས་གཞི་མཉམ་ལས་གྲོས་མཐུན་དྲུག་བཀོད་པ་དང་། ལོ་དེར་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་བཅོ་ལྔ་བསྐྲུན་ཐུབ།
ཡོ་ནན་རྒྱལ་ཁབ་ནས་ལོ་ཧོས་ཉིན་གྱིས་སོ་སོར་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཧི་ནེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧྥན་ཀོང་ཡུས་དང་། ཕྱི་ཕྱོགས་པུའུ་ཡི་པུའུ་ཀྲང་ཧོང་ཕེན་ཅོན། བཟོ་ལས་ཉོ་ཚོང་པུའུ་ཡི་པུའུ་ཀྲང་བུའུ་ཧོས་ཧོང་དང་ཧུའུ་ཀྲི་མེན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རོན་ཧྲི་ཆིག་ཞ་སོགས་ལ་ཐུག་འཕྲད་བྱས་པ་མ་ཟད་ཡོ་ནན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་མཉམ་དུ་ཀྲུང་གོ་མཚོ་སྔོན་དང་ཡོ་ནན་ཚོང་རྫས་དངོས་མང་འགྲེམ་སྟོན་ཚོགས་འདུར་ཞུགས། ཡོ་ནན་སྐབས་སུ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཡོ་ནན་བཟོ་ལས་ཉོ་ཚོང་པུའུ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེད་ཐོ་བཀོད་དེ། ཕྱོགས་གཉིས་ཀྱི་ཁེ་ལས་བར་ཐེངས་དང་པོར་མིང་བཀོད་པའི་མཉམ་ལས་མ་དངུལ་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ས་ཡ་བཞིར་བསླེབས།