སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་བརྒྱུད་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ཀྲུང་དབྱང་དམག་ཨུའི་སྐོར་ཞིབ་བྱ་བ་སྤེལ་བ།
སྤེལ་དུས། 2013-10-30   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

 ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་བརྒྱུད་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ཀྲུང་དབྱང་དམག་ཨུའི་སྐོར་ཞིབ་བྱ་བ་སྤེལ་བའི་འབྲེལ་ཡོད་གཏན་འཁེལ་དཔར་སྐྲུན་འགྲེམ་སྤེལ་བྱས་ཏེ། དམག་དཔུང་གིས་སྐོར་ཞིབ་ལམ་ལུགས་འཛུགས་པ་དང་སྐོར་ཞིབ་ལས་ཁུངས་སྒྲིག་འཛུགས་བྱེད་པ། སྐོར་ཞིབ་བྱ་བ་སྤེལ་དགོས་པ་བཅས་ཀྱི་ཐད་ལ་སྤྱི་ཕྱོགས་ནས་བཀོད་སྒྲིག་བྱས།
  
ཀྲུང་དབྱང་དམག་དོན་སྐོར་ཞིབ་བྱ་བའི་ཚོད་ལྟའི་ཆོད་དོན་དཔར་སྐྲུན་འགྲེམ་སྤེལ་བྱས་པ་དེས་དམག་དཔུང་གི་སྐོར་ཞིབ་བྱ་བ་སྔར་ལས་ཚད་ལྡན་དུ་བཏང་། འདི་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་ཏང་གིས་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ། དམག་དཔུང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། ཏང་ཨུའི་ཚན་ཁག་གི་འཛུགས་སྐྲུན་དང་དམག་དཔུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།
   
ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་བརྒྱུད་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ཀྲུང་དབྱང་དམག་ཨུའི་སྐོར་ཞིབ་བྱ་བ་སྤེལ་བའི་འབྲེལ་ཡོད་གཏན་འཁེལ་དང་ཀྲུང་དབྱང་དམག་དོན་སྐོབ་ཞིབ་བྱ་བའི་ཚོད་ལྟའི་ཆོད་དོན་གཉིས་དཔར་སྐྲུན་འགྲེམ་སྤེལ་བྱས། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070