སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ས་གནས་སོ་སོར་སོང་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ།
སྤེལ་དུས། 2013-11-25   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

 ཚེས་ཉེར་བཞི་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སོ་སོར་ཀོས་ཀྲིག་དང་མཚོ་སྔོན། ཀོང་ཏུང་། ནང་སོག་སོགས་ས་ཁུལ་དུ་སོང་སྟེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བཟང་བོ་བྱས། ནང་དོན་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པའི་སྒྲོག་འགྲེལ་སྙན་ཞུ་དེར་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།
  
ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་མི་སྣ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཞའོ་ཧོས་ཀྱིས་ཀོས་ཀྲིག་ཞིང་ཆེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་གྱི་འཕེལ་རྒྱས་དང་གསར་སྐྲུན་ཆེན་པོ། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་ཤེས་དགོས་པའི་རྩ་དོན་གལ་ཆེན་དང་། ཏང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་སོགས་ཕྱོགས་མང་པོར་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གོ་རིམ་ལྡན་པའི་ངང་འགྲེལ་བཤད་བྱས།
   
ཉིན་དེའི་ཕྱི་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་སོགས་ཀོས་ཀྲིག་མི་རིགས་སློབ་གྲྭ་ཆེན་མོར་སོང་སྟེ། སློབ་གསོ་བཅོས་བསྒྱུར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་གནད་དོན་ཐད་ནས་དགེ་སློབ་རྣམས་དང་བརྗེ་རེས་བྱས།
   
མཚོ་སྔོན་ནས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་མི་སྣ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཅང་ཝེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་ལ་དམིགས་ཏེ། བཅོས་བསྒྱུར་ཇི་ལྟར་བརྟན་འཇགས་སྒོས་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྲུན་བྱེད་པའི་གནད་དོན་གཙོ་བོར་བཟུང་སྟེ་འགྲེལ་བཤད་བྱས། སྙན་ཞུའི་ཚོགས་འདུ་གྲོལ་རྗེས། ཅང་ཝེ་ཡིས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་དར་རྒྱས་མིན་པའི་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་གོམ་པ་ཇི་ལྟར་ཇེ་མགྱོགས་སུ་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱས།
   
ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་མི་སྣ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཡོན་ཧྲུའུ་ཧུང་གིས་ཀོང་ཀྲིག་ནས་སྒྲོག་འགྲེལ་བྱས་ཏེ། ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ལེན་རོགས་བྱས།
   
སྒྲོག་འགྲེམ་ཚོགས་འདུའི་སྔོན་ལ། ཡོན་ཧྲུའུ་ཧུང་གིས་ད་རུང་ཀོང་ཏུང་གི་སྤྱི་ཚོགས་ཚན་རིག་བྱ་བ་སྒྲུབ་མཁན་དང་སློབ་གྲྭ་ཆེན་མོ་བའི་འཐུས་མི་དང་བཞུགས་མོལ་བྱས།
  
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་མི་སྣ། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་ཞིབ་འཇུག་ཁང་གི་ཀྲུའུ་རིན་ལིག་ཅ་དབྱི་ཡིས་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་ནང་སོག་ནས་སྒྲོག་འགྲེལ་བྱས། ནང་སོག་རང་སྐྱོང་ལྗོངས་ཀྱིས་སྒྲོག་འགྲེལ་ཚོགས་ར་གཙོ་བོ་བཙུགས་པ་མ་ཟད་ད་རུང་མིན་དང་གྲོང་ཁྱེར་བཅུ་གཉིས་ནས་བརྙན་འཕྲིན་ཡན་ལག་ཚོགས་ར་བཙུགས་ཡོད།
   
ཉིན་དེའི་ཕྱི་དྲོར་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་སོགས་དབྱི་ལི་སྡེ་ཚོགས་སུ་སོང་སྟེ། ཐོན་སྐྱེད་ལས་གནས་དང་པོར་ཡོད་པའི་ལས་བྱེད་པ་དང་ལས་བཟོ་བར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070