སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
སྤེལ་དུས། 2013-11-25   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

                      
     ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོའི་བཞུགས་མོལ་ཚོགས་འདུ་བསྡུས།
  
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོའི་བཞུགས་མོལ་ཚོགས་འདུ་བསྡུས། ལིག་ཡུན་ཧྲན་གྱིས་ནན་གྱིས་བསྟན་དོན། དག་ཐེར་བཅོས་བསྒྱུར་དང་དངོས་འབེབ། ལམ་ལུགས་འཛུགས་སྐྲུན་བཅས་བྱེད་པ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། འགན་འཁྲི་དངོས་སུ་འཁུར་བ་དང་། རེ་བ་ནན་མོ་བཅངས་ཏེ། སྟོབས་ཤུགས་ཡོད་དགུ་བཏོན་ནས་དག་ཐེར་བཅོས་བསྒྱུར་བྱེད་པའི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་ལྟ་སྐུལ་མཛུབ་སྟོན་དང་འགན་སྲུང་བྱེད་དགོས་ཟེར།
   
ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། དག་ཐེར་བཅོས་བསྒྱུར་བྱེད་པའི་གནད་འགག་ནི་བཅོས་བསྒྱུར་དོན་ཐོག་ཏུ་འཁྱོལ་བ་དང་ལྟ་སྐུལ་མཛུབ་སྟོན་ནན་མོ་བྱེད་རྒྱུ་དེ་ཡིན་པས། གནད་དོན་གཙོ་བོར་དམིགས་ཏེ་ལྟ་སྐུལ་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ་དང་། ལས་ཁུངས་སོ་སོའི་མང་ཚོགས་དང་ཁ་བྲལ་བ་སོགས་སྤྱོད་ཚུལ་ངན་པ་སྣ་ཚོགས་ཡོ་བསྲང་བྱེད་པར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ། ལས་ཁུངས་ཀྱི་ཀུན་སྤྱོད་མངོན་གསལ་སྒོས་ཇེ་ལེགས་སུ་གཏོང་དགོས་པར་མ་ཟད། ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་ལྟ་སྐུལ་མཛུབ་སྟོན་བྱས་ནས། ལས་ཁུངས་སོ་སོས་བཅོས་བསྒྱུར་གྱི་སྙིང་སྟོབས་བཟུང་ནས་སྒྲིག་སྲོལ་དང་ལམ་ལུགས་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀུན་སྤྱོད་འཛུགས་སྐྲུན་རྒྱུན་ལྡན་ཅན་དུ་བསྒྱུར་བར་ཧུར་ཐག་སྒོས་འབད་བརྩོན་བྱེད་དགོས་ཟེར།
    
ལིག་ཡུན་ཧྲན་གྱིས་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་དེ་དག་ཐེར་བཅོས་བསྒྱུར་དང་དངོས་འབེབ་བྱེད་པའི་གནད་འགག་གི་དུས་སུ་བསླེབས་པས། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བློ་མཐུན་རྣམས་ཀྱིས་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཏེ་སྔར་ལྟར་ལྟ་སྐུལ་མཛུབ་སྟོན་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070