སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝང་དབྱི་ཡིས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི་ལ་ཐུག་འཕྲད་བྱས་པ།
སྤེལ་དུས། 2013-11-25   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

 ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས་ཉེར་གསུམ་ཉིན་རི་ནེ་ཝ་ནས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི་ལ་ཐུག་འཕྲད་བྱས།
   
ཝང་དབྱི་ཡིས་བཤད་རྒྱུར། ད་ལོའི་ཟླ་དྲུག་པའི་ཚུན་ལ། ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བ་རིམ་བཞིན་ཕྱིར་རྒྱུན་ལྡན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསླེབས་ཡོད་པས། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་འབྲེལ་བ་ཇེ་བརྟན་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་། ཕྱོགས་གཉིས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ལ་ལྟ་སྟངས་ཡང་དག་པ་འཛིན་པའི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་བར་རེ་བ་བྱེད་ཀྱིན་ཡོད་ཟེར།
  
ཧེ་ཀི་ཡིས་བཤད་རྒྱུར། དབྱིན་ཇི་ཕྱོགས་ཀྱིས་དབྱིན་ཇི་དང་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། སློབ་གསོ་བཅས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་གཏིང་ཟབ་ཏུ་སྤེལ་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070