སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ་བ།
སྤེལ་དུས། 2014-03-12   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

                       
                                 རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་འདུ་གྲོལ་བའི་མཛད་སྒོར་མགོ་འཛིན་མཛད།

ཟླ༣པའི་ཚེས༡༢ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།
                                                 
   
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱུང་ནས། ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། གྲོས་ཚོགས་ནས་མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་ཁོངས་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་པ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱས་ཏེ། སེམས་ཤུགས་གཅིག་མཐུན་དང་བྱ་བ་ནན་སྒྲུབ་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།
 
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་འདུ་གྲོལ་བའི་མཛད་སྒོར་མགོ་འཛིན་མཛད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ལིན་ཅི་ཧྭ། ཧན་ཆི་ཏི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཧི་ཧུ་ཧྭ། ཀྲང་ཆིན་ལིས། ལིས་ཧེ་ཧྥིན། སུའུ་རོང་། ཁྲིན་ཡོན། ལུའུ་ཀྲན་གུང་། ཀྲིག་ཞའོ་ཁྲོན། ཝང་ཅ་རོས། ཝང་ཀྲིན་ཝེ། མཱ་པེའོ། ཆི་ཞུའུ་ཁྲུན། ཁྲིན་ཞའོ་ཀོང་། མཱ་ཕེ་ཧྭ། ལིག་ཞའོ་ཧྥིན། ཝང་ཆིན་མེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
 
ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།
 
སྔ་དྲོའི་དུས་ཚོད་དགུའི་སྟེང་། ཚོགས་འདུ་དངོས་སུ་མགོ་བརྩམས་པ་དང་། ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་ཨུ་ཡོན་ཉིས་སྟོང་ཉིས་བརྒྱ་ཉེར་དགུ་ཞུགས་དགོས་པ་དང་། དེ་རིང་མི་ཉིས་སྟོང་ཆིག་བརྒྱ་ཞེ་གསུམ་དངོས་སུ་ཚོགས་ཐོག་ཏུ་འབྱོར་བས། བཅའ་ཁྲིམས་ཀྱི་གཏན་ཁེལ་དང་མཐུན་ཞེས་བསྒྲགས།
 
ཚོགས་འདུའི་སྟེང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།
 
ཡུས་ཀྲིན་ཧྲིན་གྱིས་གསུང་བཤད་གནང་སྐབས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་འདིའི་ཚོགས་འདུར་ཧ་ཅང་མཐོང་ཆེན་གནང་བ་དང་། འབྲེལ་ཡོད་སྡེ་ཁག་སོ་སོ་དང་སྤྱི་ཚོགས་ཕྱོགས་སོ་སོས་རྒྱབ་སྐྱོར་ཆེན་པོ་གནང་། ཚོགས་འདུའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོ་དང་གྲོལ་བའི་མཛད་སྒོར་ཞུགས་པ་མ་ཟད། ཚན་ཆུང་སོ་སོར་ཕེབས་ཏེ་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་མཛད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཡང་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཟུར་ཞུགས་བྱས་པ་དང་། ཚན་ཆུང་གི་གྲོས་སྡུར་ལ་ཞུགས་པ་མ་ཟད་བསམ་འཆར་དང་གྲོས་གཞི་ལ་ནན་གྱིས་ཉན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་བྱ་བར་དམ་དུ་དམིགས་ཏེ། འགན་ནུས་གཟབ་ནན་སྒོས་ལག་བསྟར་བྱས་པ་དང་། ཚོགས་འདུའི་སྲོལ་བཟང་བོ་རང་རྟོགས་ཀྱིས་དར་སྤེལ་བྱས་ལ། གྲོས་གཞི་འདོན་པ་དང་ཚོགས་ཆེན་སྟེང་གཏམ་བཤད་པ། ཚན་ཆུང་གི་གྲོས་སྡུར། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་བསམ་ཚུལ་ལྷུག་པོར་བརྗོད་པ་དང་བསམ་བློ་བརྗེ་རེས་བྱས་ཤིང་། ཐུན་མོང་གི་ལྟ་བ་ཇེ་དྲག་ཏུ་བཏང་། ཚོགས་འདུ་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ནས། མི་དམངས་སྲིད་གྲོས་དེ་དམངས་གཙོའི་གྲོས་མོལ་གྱི་ཐབས་ལམ་གལ་ཆེན་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མངོན་མཚོན་བྱས་ཞེས་གསུངས།
 
ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ལོ་རྒྱུས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཡོད་པས། དུས་རབས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་དགོས་ན། ང་ཚོས་ལྷག་ཏུ་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་རང་རྟོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་བློ་མཐུན་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་པ་དང་། ལྷག་ཏུ་བསམ་འཆར་བསྡུ་ལེན་དང་བློ་གྲོས་གཅིག་བསྡུ་སྒོས་དཀའ་ངལ་སྣ་ཚོགས་ཁྱད་སེལ་དང་གནད་དོན་ཐམས་ཅད་ཐག་གཅོད་བྱས་ཏེ་བརྟན་བརླིང་སྒོས་མདུན་སྐྱོད་བྱེད་དགོས་ལ། ལྷག་ཏུ་ཐུན་མོང་གི་ལྟ་བ་གཅིག་བསྡུ་དང་ཁེ་ཕན་འབྲེལ་བ་མཐུན་སྦྱོར། སྤྱི་ཚོགས་འགལ་བ་ཐག་གཅོད་བཅས་བྱས་ཏེ་སྟོབས་ཤུགས་ཆེན་པོ་གཅིག་བསྡུ་བྱེད་དགོས། བཅོས་སྒྱུར་གྱི་ངོ་བོ་ནི་གསར་སྐྲུན་ཡིན་པས། མི་དམངས་སྲིད་གྲོས་ཀྱིས་བབ་བསྟུན་མདུན་སྐྱོད་དང་ཡར་བརྩོན་ལྷོད་མེད། འཚོལ་ཞིབ་བྱེད་པར་འབད་པ། ལག་ལེན་བྱེད་ཕོད་པ་བཅས་ཀྱི་བཅོས་སྒྱུར་དང་གསར་སྐྲུན་གྱི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཏེ། དམངས་གཙོ་གྲོས་མོལ་འཕེལ་རྒྱས་སུ་གཏོ་ངབ་དང་། འགན་ནུས་ཇེ་ཆེར་གཏོང་བ། འབྲེལ་བ་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་བསྡུ། བློ་འདོན་ཇུས་འབུལ། ཆེ་ཕྱོགས་ཞབས་ཕྱི་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་དམིགས་འབེན་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུས་ནས། དཔལ་འབྱོར་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བ་དང་། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།
 
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ།  

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070