སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཨུ་ཡོན་ཀྲང་ཀྲིག་ཕེན་གྱིས་ཕྱི་རྒྱལ་གྱི་སྨན་བཅོས་སྒྲིག་ཆས་ཀྱིས་ཀྲུང་གོའི་ཚོང་ར་སྒེར་སྡོམ་བྱེད་པའི་གནས་བབ་བསྒྱུར་རྒྱུའི་གྲོས་གཞི་བཏོན་པ།
སྤེལ་དུས། 2014-03-12   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

     རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཀྲིག་ཕེན་གྱིས་ཕྱི་རྒྱལ་གྱི་སྨན་བཅོས་སྒྲིག་ཆས་ཀྱིས་ཀྲུང་གོའི་ཚོང་རར་སྒེར་སྡོམ་བྱེད་པ་དེ་ནི་ཀྲུང་གོའི་སྨན་བཅོས་ཐད་ཀྱི་རིན་མཐོ་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཀྱི་གཅིག་རེད་ཅེས་བཤད།
 
ཀྲང་ཀྲིག་ཕེན་གྱིས་བརྟག་དཔྱད་བྱས་ནས་ཤེས་གསལ་ལྟར་ན། རང་རྒྱལ་གྱི་སྨན་བཅོས་སྒྲིག་ཆས་ཀྱི་དགོས་མཁོ་ཚད་ཧ་ཅང་ཆེ་བ་དང་། ལོ་རེར་ཆ་སྙོམས་ཀྱིས་འཕར་ཚད་བརྒྱ་ཆའི་ཉེར་གཅིག་ལྷག་ལ་སླེབ་ཡོད། ཡིན་ན་ཡང་རྒྱལ་ནང་གི་སྨན་བཅོས་ཡོ་བྱད་ཚོང་ར་ཕྱི་རྒྱལ་གྱི་སྒེར་སྡོམ་བྱས་ཡོད་པས། སྨན་བཅོས་སྒྲིག་ཆས་ཀྱི་རིན་གོང་མར་འབབ་ཐུབ་ཀྱིན་མེད་པར། མི་དམངས་མང་ཚོགས་ཀྱི་སྨན་བཅོས་རིན་གོང་མཐོ་བའི་གནད་དོན་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་ཡོད།
 
གནད་དོན་འདིར་དམིགས་ནས། ཀྲང་ཀྲིག་ཕེན་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ནང་གི་སྨན་བཅོས་སྒྲིག་ཆས་ཐོན་སྐྱེད་ཁེ་ལས་ཀྱི་འཕེལ་རྒྱས་དང་རྒྱ་བསྐྱེད་ལ་རྒྱབ་སྐྱོར་བྱས་ཏེ། ཉོ་བསྡུ་དང་སྨན་བཅོས་འགན་སྲུང་སྲིད་ཇུས་ཁྲོད་དུ། མི་རིགས་ཐོན་ལས་ལ་སྲིད་ཇུས་ཐད་ཀྱི་དམིགས་བསལ་རོགས་སྐྱོར་ངེས་ཅན་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་སྟེང་ནས་མི་རིགས་ཁེ་ལས་དང་མི་རིགས་ཐོན་ལས་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཞོར་དུ། ཕྱི་རྒྱལ་གྱི་སྨན་བཅོས་སྒྲིག་ཆས་གྲགས་ཅན་གྱིས་རིན་གོང་སྒེར་སྡོམ་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་རྒྱུའི་གྲོས་གཞི་བཏོན། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070