སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་བཅིངས་འགྲོལ་དམག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ།
སྤེལ་དུས། 2014-03-12   ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།   རྩོམ་སྒྲིག་པ།  འབྲུག་མོས་བསྒྲིགས།

                                               
    ཟླ
པའི་ཚེས༡༡ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་བཅིངས་འགྲོལ་དམག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུངས་བཤད་གལ་ཆེན་གནང་། 
 
 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས༡༡ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་བཅིངས་འགྲོལ་དམག་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། དམག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ཞིང་། བཅོས་སྒྱུར་དང་གསར་སྐྲུན་གྱི་སྙིང་སྟོབས་བཅངས་ཏེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་ནས། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་གྱིས་གསུངས།
  
ཚོགས་འདུའི་སྟེང་འཐུས་མི་བརྒྱད་ཀྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། དམག་དཔུང་བཅོས་སྒྱུར་དང་འཛུགས་སྐྲུན་བྱེད་པ། དམག་དམངས་མཉམ་འབྲེལ་གྱིས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གནད་དོན་ཐད་ནས་གཏམ་བཤད།
   
ཚང་མས་གཏམ་བཤད་པར་ནན་གྱིས་གསན་རྗེས། ཞི་ཅིན་ཕེན་གྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ང་ཚོའི་མི་རབས་འདིའི་གསར་བརྗེ་དམག་མིའི་ལོ་རྒྱུས་ཀྱི་ལས་འགན་སྤོབས་པ་ཆེན་པོས་ཕྲག་ཏུ་ལེན་དགོས་ཏེ། གནས་བབ་དང་ལས་འགན་གསར་བའི་མདུན་ནས། ངེས་པར་དུ་དུས་སྐད་ཅིག་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བའི་སྙིང་སྟོབས་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་སྐུལ་སྤེལ་བྱེད་དགོས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་བྱེད་དགོས་ན། ངེས་པར་དུ་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་སྒོས་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཚོད་འཛིན་བྱེད་པའི་སྒྲིག་ལུགས་ཐད་ཀྱི་བཀག་རྒྱ་དང་གྲུབ་ཚུལ་ཐད་ཀྱི་འགལ་བ། སྲིད་ཇུས་ཐད་ཀྱི་གནད་དོན་བཅས་ཐག་བཅད་དེ། དམག་དཔུང་གི་རྩ་འཛུགས་དེང་རབས་ཅན་དུ་སྐུལ་སྤེལ་ཟབ་མོ་བྱེད་དགོས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་སེམས་ཤུགས་གཅིག་མཐུན་གྱིས་དམག་དམངས་མཉམ་འབྲེལ་གྱིས་འཕེལ་རྒྱས་ཆེན་པོ་གཏོང་བའི་དོན་ཆེན་འདི་བཟང་བོར་སྒྲུབ་དགོས་ཏེ། རྒྱལ་ཁབ་ཀྱི་གཙོ་ཁྲིད་ནུས་པ་འདོན་པ་མ་ཟད། ཁྲོམ་རའི་ནུས་པ་ཡང་བཏོན་ནས། རྒྱུ་རྐྱེན་ཆ་ཚང་ཞིང་ཁྱབ་ཁོངས་མང་ལ། ཕན་འབྲས་མཐོ་བའི་དམག་དམངས་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཆེན་པོ་འགྲོ་བའི་སྣང་ཚུལ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་གྱིས་གསུངས།
   
ཚོགས་འདུ་གྲོལ་སྐབས་ཞི་ཅིན་ཕེན་གཞི་རིམ་དང་ཚན་རིག་ཞིབ་འཇུག་གི་འཐབ་ཕྱོགས་དང་པོའི་དམག་དཔུང་གི་དམངས་ཆེན་འཐུས་མི་ཁ་ཤས་ཀྱི་གྲས་སུ་ཕེབས་ཏེ། ཚང་མར་བརྩེ་བའི་གསུང་གླེང་མཛད་པ་དང་། ཁོ་ཚོའི་བྱ་བ་དང་སློབ་སྦྱོང་། འཚོ་བ་བཅས་ཐད་ཀྱི་གནས་ཚུལ་ཞིབ་འདྲི་མཛད་པ་མ་ཟད། ཁོ་ཚོར་རང་གི་ལས་གནས་ལ་རྐང་བཙུགས་ཏེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་པའི་སྐུལ་མ་གནང་། །  

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070