ཤིན་ཧྭ་གསར་སྤེལ་ཁང་པེ་ཅིང་ནས་སྤྱི་ཟླ༩ཚེས༡༨ཉིན་འབྱོར་བའི་གློག་འཕྲིན་ལྟར་ན། རྒྱལ་ཡོངས་སུ“འཆལ་རྡུང་འགལ་རྡེག”གཞུང་སྒྲུབ་ཁང་དང་སྤྱི་བདེ་པུའུ་ཡིས་མང་ཚོགས་ཀྱིས་ཞུ་གཏུགས་བྱེད་པའི་དྲ་ རྒྱའི་ལམ་གྱི་འཆལ་སྤྱོད་བརྙན་གཟུགས་ཀྱི་བརྡ་འཕྲིན་ལ་དུས་ལྟར་རྡུང་རྡེག་ནན་མོ་བཏང་སྟེ། ཁྲིམས་ལྟར་སྐད་འཕྲིན་དང་བརྙན་འཕྲིན། གློག་བརྙན་སོགས་ལ་བརྟེན་ནས་འཆལ་སྤྱོད་བརྙན་གཟུགས་བརྡ་འཕྲིན་དང་འཆལ་སྤྱོད་སྨད་འཚོང་གི་ཁྲིམས་འགལ་གྱི་ནག་ཉེས་ལ་ཐག་གཅོད་ནན་མོ་བྱས་པ་དང་། སྤྱི་ཚེས༡༧ཉིན་སྡེ་ཁག་གཉིས་ཀྱིས་མཉམ་འབྲེལ་སྒོས་ཉེས་དོན༡༤ཁྱབ་བསྒྲགས་བྱས་འདུག
ད་ལོའི་ཟླ༨པ་ནས་བཟུང༌། པེ་ཅིང་དང་ཧྲིན་ཀྲིན། གསར་འགྱུར་དང་དཔེ་སྐྲུན། བརྙན་འཕྲིན། རིག་གནས། སྲིད་ཁྲིམས་སྡེ་ཁག་གིས་ཤིན་ལང་དང་སོའུ་ཧུའུ། ཐིང་ཞོན་སོགས་དྲ་བའི་འཆལ་སྤྱོད་བརྙན་རིས་ལ་རྡུང་རྡེག་དྲག་པོ་བཏང་བ་དང༌། ས་གནས་སོ་སོའི་སྤྱི་བདེ་སྡེ་ཁག་གིས་སྐད་འཕྲིན་དང་བརྙན་འཕྲིན། གློག་བརྙན་སོགས་ལ་བརྟེན་ནས་འཆལ་སྤྱོད་བརྙན་གཟུགས་ཀྱི་དངོས་རྫས་དང་སྨད་བཙོང་འཆལ་སྤྱོད་རྩ་འཛུགས་བྱེད་པའི་ཉེས་དོན་མང་པོ་ཞིག་བདེ་བླག་ངང་རྩད་གཅོད་ཐུབ་པ་བྱུང་།
ཁ་བྱང་ཕྱི་མོ། དྲ་ཚིགས་གྲགས་ཅན་མང་པོའི་འཆལ་སྤྱོད་ཆ་འཕྲིན་ལ་རྡུང་རྡེག་དྲག་པོ་བཏང་།
(རྩོམ་འགན་པ། རྟ་མགྲིན)